མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏོག་དབྱིབས་ནད་ཡམས་ཀྱིས་མི་གྲངས་ཁྲི་ ༧ མ་ཟིན་ཙམ་འདས་གྲོངས་སུ་ཕྱིན།

བོད་ཀྱི་དུས་བབ།
༢༠༢༠/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་གུང་བར་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་པའི་གྲངས་འབོར་ ༡༢,༧༦,༣༠༢ ལ་འཕར་ཡོད་པའི་ཁྲོད་ནས་ཁྱོན་ནད་པ་ ༦༩,༥༢༧ རྐྱེན་འདུས་སུ་སོང་ཡོད་འདུགདེ་རིང་རྒྱ་གར་བང་ཆེན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༣ ཉིན་རྒྱ་གར་གཞུང་གིས་ཏོག་དབྱིབས་ནད་ཡམས་སྔོན་འགོག་དང་འབྲེལ་བའི་སྒེར་གཉེར་བཟོ་ཚོང་ཁང་གི་འཐུས་ཚབ་རྣམ་པའི་ཚོགས་འདུ་ཞིག་གི་ཐོག རྒྱ་གར་ལ་འདི་ལོའི་ཕྱི་ཟླ་ ༧ བར་ N95 རྟགས་ཅན་གྱི་ཁ་རས་ས་ཡ་ ༢༧ དང་། ལུས་ལ་གྱོན་པའི་རང་སྲུང་ཡོ་བྱད་(Personal Protective Equipment) ས་ཡ་ ༡༥། བརྟག་དཔྱད་ཡོ་ཆས་ས་ཡ་ ༡།༦ དེ་བཞིན་དབུགས་སྐྱོར་འཕྲུལ་ཆས་(Ventilator)ཁྲི་ ༥ དགོས་སྐོར་བཤད་ཡོད་འདུག

རྒྱ་གར་ནང་གི་གནད་ཡོད་སྒེར་གཉེར་བཟོ་ཚོང་ཁང་ཆེ་ཁག་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་གཞུང་གི་ཏོག་དབྱིབས་རིམས་འགོག་ལས་འགུལ་ལ་གཞོགས་འདེགས་བྱེད་ཐབས་གང་ཡོད་ཀྱི་ཚོགས་འདུ་དེ། རྒྱ་གར་གཞུང་གི་སྲིད་བྱུས་ཉམས་ཞིབ་ཁང་ NITI Aayog གི་སྤྱི་ཁྱབ་འགན་འཛིན་ཨ་མི་ཏབ་ཀེན་ཏི་ (Amitavh Kant) ཡིས་གཙོ་སྐྱོང་འོག རྒྱ་གར་གྱི་ཚོང་དོན་དང་བཟོ་གྲྭའི་ལྷན་ཚོགས་ཀྱི་སྐུ་ཚབ་རྣམས་ཀྱིས་མཉམ་ཞུགས་བྱས་ཡོད་ཅིང་། ཚོགས་ཐོག་ཏུ་སྒེར་གཉེར་བཟོ་ཚོང་ཁང་གི་སྐུ་ཚབ་རྣམ་པས་རྒྱ་གར་གཞུང་ལ་ཏོག་དབྱིབས་ནད་ཡམས་དང་འབྲེལ། སྒེར་གཉེར་བཟོ་ཚོང་ཁང་དག་གིས་སྨན་བཅོས་ཀྱི་དགོས་ངེས་ཅ་དངོས་ཅི་ཙམ་མཁོ་སྐྲུན་བྱ་དགོས་མིན་དྲིས་པའི་ལན་དུ། རྒྱ་གར་གཞུང་གིས་འབྱུང་འགྱུར་ཟླ་གཉིས་ནང་ཚུད་ལ་ཁྱོན་དབུགས་སྐྱོར་འཕྲུལ་ཆས་ ༥༠༠༠༠ དགོས་པའི་ཚོད་དཔག་བྱས་ཡོད་པའི་ཁྲོད་ནས། ད་ལྟའི་ཆར་ ༡༦༠༠༠ ཡོད་པ་དང་། ད་དུང་ ༣༤༠༠༠ དགོས་ཀྱི་ཡོད་སྐོར་དང་། རྒྱ་གར་ཕྱི་སྲིད་ལྷན་ཁང་ངོས་ནས་རྒྱལ་ཕྱི་ནས་དབུགས་སྐྱོར་དང་རང་སྲུང་ཡོ་བྱད་རག་ཐབས་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་འདུག

དེ་ཡང་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་མངའ་སྡེའི་ནང་ཏོག་དབྱིབས་ནད་པ་དང་པོ་ཐོན་པ་དང་བསྟུན། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༣༡ ཉིན་རྒྱ་གར་དབུས་གཞུང་གིས་རང་སྲུང་ཡོ་བྱད་དང་ཁ་རས་ཕྱིར་འདྲེན་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་ལ། འདས་པའི་བདུན་ཕྲག་འགའ་ཤས་ནང་རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིབས་ནད་པའི་གྲངས་འབོར་ཤུགས་ཆེར་འཕར་བ་དང་། མ་གཞི་ནས་རྒྱ་གར་གྱི་མི་འབོར་ལ་དཔག་པའི་སྨན་བཅོས་མཐུན་རྐྱེན་ཞན་པོ་ཡོད་སྟབས། ཕྱི་ཟླ་ ༣ ཚེས་ ༢༤ ཉིན་དབུགས་སྐྱོར་འཕྲུལ་ཆས་དང་དུག་སེལ་སྨན་ཆུ་གཅིག་ཀྱང་ཕྱིར་འདྲེན་མི་ཆོག་བཟོས་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༤ ཉིན་བརྟག་དཔྱད་ཡོ་ཆས་ཕྱིར་འདྲེན་མི་ཆོག་རྒྱུའི་བཀའ་རྒྱ་བཏང་ཡོད་པ་རེད།

རྒྱ་གར་དབུས་གཞུང་གི་འཕྲོད་བསྟེན་དང་ཁྱིམ་ཚང་བདེ་དོན་ལྷན་ཁང་གི་གྲངས་ཐོ་ལྟར་ན། དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པའི་བར་རྒྱ་གར་ནང་ཁྱོན་མངའ་སྡེ་དང་ཐད་སྐྱོང་ཁུལ་ ༣༠ ནང་ཏོག་དབྱིབས་ནད་པ་ ༤༠༦༧ ཐོན་ཡོད་པའི་ཁྲོད་ནས། ནད་པ་ ༡༠༩ རྐྱེན་འདས་སུ་སོང་ཡོད་པ་དང་། ནད་པ་ ༢༩༢ དྲག་སྐྱེད་བྱུང་ཡོད་འདུག མངའ་སྡེ་དང་ཐད་སྐྱོང་ཁྲོད་ནས་མང་ཤོས་དེ་མཱ་ཧ་ར་ཤི་ཏྲ་(༦༩༠)་དང་། དེ་ནས་ཏ་མིལ་ན་དྷུ་ (༥༧༡)། ལྡི་ལི་ (༥༠༣) བཅས་ཡིན་འདུག དེ་རིང་རྒྱ་གར་རྒྱལ་ཡོངས་ཉིན་གྲངས་ ༢༡ རིང་གི་ཁྱིམ་སྡོད་བཀའ་རྒྱའི་ནང་ཞུགས་ཏེ་ཉིན་གྲངས་ ༡༢ འགྲོ་ཡི་ཡོད་ཀྱང་། རྒྱ་གར་དབུས་དང་ལྷོ་བརྒྱུད་ཀྱི་ས་ཁུལ་ཁག་ཏུ་ཏོག་དབྱིབས་ནད་པའི་གྲངས་འབོར་ཉིན་རེ་བཞིན་འཕར་བཞིན་ཡོད་པ་མ་ཟད། རྒྱ་གར་གྱི་ཁྱོན་རྫོང་ཁག་ ༧༣༢ ཁྲོད་ནས་རྫོང་ཁག་ ༦༢ ཀྱིས་རྒྱ་གར་རྒྱལ་ཡོངས་ཀྱི་ཏོག་དབྱིབས་ནད་པའི་གྲངས་འབོར་བརྒྱ་ཆ་ ༨༠ ཟིན་གྱི་ཡོད་སྟབས། རྫོང་ཁག་ ༦༢ དེ་དག་ཉིན་གྲངས་ ༢༡ རྗེས་སུ་ཡང་མུ་མཐུད་ཁྱིམ་སྡོད་བཀའ་རྒྱའི་འོག་གནས་དགོས་པ་ཆགས་སྲིད་སྐོར་རྗོད་བཞིན་འདུགཨ་རིའི་ཇོན་ཧོབ་སི་ཀིན་གཙུག་ལག་སློབ་གྲྭའི་ཏོག་དབྱིབས་ནད་ཡམས་ཞིབ་འཇུག་ལྟེ་གནས་ཁང་གི་གྲངས་ཐོ་ལྟར་ན། དེ་རིང་ཉིན་གུང་བར་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་པའི་གྲངས་འབོར་ ༡༢,༧༦,༣༠༢ ལ་འཕར་ཡོད་པའི་ཁྲོད་ནས། ཁྱོན་ནད་པ་ ༦༩,༥༢༧ རྐྱེན་འདུས་སུ་སོང་ཡོད་འདུག རྒྱལ་ཁབ་ཀྱི་ཆ་ནས་ཨ་རི་(༣,༣༧,༦༤༦)དེ་འཛམ་གླིང་ནང་གི་ཏོག་དབྱིབས་ནད་པའི་གྲངས་འབོར་མང་ཤོས་དེ་ཡིན་ཞིང་། འདས་གྲངས་ཀྱི་ཆ་ནས་ཨི་ཊ་ལི་(༡༥,༨༨༧)དེ་མང་ཤོས་ཆགས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༡༨ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese