མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་དབྱིན་ཡུལ་གཞུང་ལ་དབྱིན་སྒོར་ཐེར་འབུམ་ ༣༥༡ སྤྲོད་དགོས།

བོད་ཀྱི་དུས་བབ།
༢༠༢༠/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་དབྱིན་ཡུལ་གཞུང་ལ་ཏོག་དབྱིབས་ནད་ཡམས་ཀྱི་གནོད་སྐྱོན་གུན་གསབ་ཏུ་དབྱིན་སྒོར་ཐེར་འབུམ་ ༣༥༡ སྤྲོད་དགོས་པའི་དགོས་འདུན་བཏོན་འདུགརྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དབྱིན་ཡུལ་ནང་ཕྱི་སྲིད་དང་དམངས་གཙོ། འགྲོ་བ་མིའི་ཐོབ་དང་རང་དབང་སོགས་ཀྱི་ལས་དོན་གཉེར་བཞིན་པའི་(Henry Jackson)ཚོགས་པས། ཏོག་དབྱིབས་ནད་དུག་གི་གུན་གསབ་ ཅེས་པའི་ཞིབ་འཇུག་སྙན་ཐོ་ཞིག་བཏོན་ཏེ། རྒྱ་ནག་གཞུང་གིས་ད་སྔ་བར་དབྱིན་ཡུལ་གཞུང་ལ་ནད་གཞི་འདིའི་འོག དབྱིན་སྒོར་ཐེར་འབུམ་ ༣༥༡ གི་གུན་གསབ་ངེས་པར་དུ་སྤྲོད་དགོས་པ་མ་ཟད། རྒྱ་ནག་གཞུང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཁྲིམས་ཁང་སོགས་ཀྱི་ནང་ཁྲིམས་གཏུག་བྱ་རྒྱུ་ཡིན་སྐོར་རྗོད་བཞིན་འདུག

སྙན་ཐོའི་ནང་། རྒྱལ་སྤྱིའི་འཕྲོད་བསྟེན་སྒྲིག་འཛུགས་འོག་ཁྲིམས་མཐུན་ངང་གནས་པའི་རྒྱལ་ཁབ་ཅིག་ཡིན་ཚེ། རྒྱལ་ཁབ་གང་དེའི་ནང་ནད་ཡམས་སོགས་འཕྲོད་བསྟེན་དང་འབྲེལ་བའི་གནས་ཚུལ་ཚབས་ཆེན་རིགས་ག་རེ་བྱུང་ཡང་གནས་ཚུལ་ཆ་ཚང་རྒྱལ་སྤྱིའི་འཕྲོད་བསྟེན་སྒྲིག་འཛུགས་ལ་ཞུ་དགོས་ཀྱི་ཡོད། དེར་བརྟེན། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་གི་འགན་ཆ་ཚང་འཁུར་དགོས་ཀྱི་ཡོད། ཅེས་བརྗོད་ཡོད་པ་དང་། གལ་སྲིད་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་གི་འགན་ཆ་ཚང་མ་འཁུར་ཚེ། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྒྲིག་འཛུགས་དང་ཁྲིམས་ཁང་སོགས་བརྒྱུད་དབྱིན་ཡུལ་གཞུང་ལ་དབྱིན་སྒོར་ཁྲག་ཁྲིག་མང་པོ་སྤྲོད་དགོས་འཁེལ་གྱི་ཡོད་སྐོར་བརྗོད་འདུག

ད་ལྟའི་ཆར་དབྱིན་ཡུལ་ནང་ཏོག་དབྱིབས་ནད་དུག་ཁྲོད་མི་གྲངས་ ༤༣༡༣ རྐྱེན་འདས་དང་། ནད་དུག་ཕོག་པའི་མི་གྲངས་ཁྱོན་ ༤༧༨༠༦ བཅས་ཡོད་འདུག་ལ། ལོན་ཌོན་དུ་ཡོད་པའི་མཐོ་སློབ་(Imperial College) ཀྱི་ཏོག་དབྱིབས་ནད་དུག་སྔོན་འགོག་ལས་དོན་གཉེར་མཁན་སློབ་དཔོན་ཆེན་མོ་ནལ་ཧྥར་གྷོ་སན་(Neil Ferguson)ལགས་ཀྱིས། དབྱིན་ཡུལ་ནང་ཏོག་དབྱིབས་ནད་དུག་ཁྲོད་རྐྱེན་འདས་ཀྱི་གྲངས་འབོར་མི་ཁྲི་ ༢ ལྷག་བརྒལ་རྒྱུ་ཡིན་པའི་སེམས་འཚབ་བྱེད་བཞིན་ཡོད་འདུག

ཉེ་སྔོན་ཕྱི་ཟླ་ ༤ ཚེས་ ༡ ཉིན་རྒྱ་གར་བྱང་ཕྱོགས་ཨོ་ཊར(Uttar Pradesh)མངའ་སྡེའི་ལཱ་ཁེམ་པོར(Lakhimpur)གྲོང་ཁྱེར་གྱི་ཁྲིམས་རྩོད་པ་དང་སྤྱི་ཚོགས་ལས་འགུལ་བ་ ༤༠ ལྷག་མཉམ་འབྲེལ་གྱིས་མངའ་སྡེ་དེའི་ས་གནས་ཁྲིམས་ཁང་ལ་རྒྱ་ནག་གི་མཐོ་རིམ་མགོ་འཁྲིད་ཚོས་ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་སྦས་གསང་བྱས་ཏེ། འཛམ་གླིང་ཡོངས་སུ་ཁྱབ་ཏུ་བཅུག་པ་དང་མི་གྲངས་ས་ཡ་མང་པོའི་ཚེ་སྲོག་ཉེན་ཁར་ལྷུང་ཡོད་པའི་ནག་ཉེས་འོག་རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་ཁྲིམས་གཏུགས་བྱས་ཡོད་པ་དང་།

ཕྱི་ཟླ་ ༣ ཚེས་ ༢༤ ཉིན་ཨ་རིའི་ཁྲིམས་རྩོད་པ་ལེ་རེ་ཁལ་མན་ལགས་ཀྱིས་གཙོ་གཉེར་བྱེད་བཞིན་པའི་རང་དབང་ལྟ་ཞིབ་ཚོགས་པ་དང་། ཊག་སཱ་སིའི་ནང་རྟེན་གཞི་བྱས་པའི་(Buzz Photos)ཞེས་པའི་པར་རིས་གསར་ཁང་གཉིས་ཀྱིས། ཏོག་དབྱིབས་ནད་ཡམས་དང་འབྲེལ་རྒྱ་ནག་གཞུང་དང་རྒྱ་ནག་གི་དམག་མི། དེ་བཞིན། ཝུ་ཧན་ནང་གི་རྒྱ་ནག་གི་ཆེས་མཐོའི་ནད་ཡམས་རིག་པ་ཞིབ་འཇུག་ལྟེ་གནས་ཁང་དང་དེའི་འགན་འཛིན་ཧྲི་ཀྲན་ལི། རྒྱ་ནག་གི་སྤྱི་ཁྱབ་དམག་དཔོན་ཁྲིན་ཝི་(Chen Wei)བཅས་ལ་ཏོག་དབྱིབས་ནད་ཡམས་ཁྱབ་སྤེལ་བཏང་བའི་ནག་ཉེས་འོག་ཨ་རིའི་གཞུང་ལ་ཁྲིམས་གཏུག་བྱས་ཡོད་པ་དང་། དེ་བཞིན། ཕྱི་ཟླ་ ༣ ཚེས་ ༡༦ ཉིན་རྒྱ་གར་གྱི་ཤར་ཕྱོགས་བྷི་ཧར་མངའ་སྡེའི་ཁྲིམས་རྩོད་པ་སུ་དྷིར་ཀུ་མཱར་ཨོ་ཇ་(Sudhir Kumar Ojha)ཞེས་པ་ཞིག་གིས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་། རྒྱ་གར་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པ་སིན་ཝེ་ཏུང་གཉིས་ཁྲིམས་གཏུགས་བྱས་ཡོད་པ་དང་། ཕྱི་ཟླ་ ༣ ཚེས་ ༡༧ ཉིན་ཨ་རིའི་ཧྥི་ལོ་རེ་དྷ་མངའ་སྡེའི་བྷོ་ཁཱ་རཱ་ཊོན་(Boca Raton)བྷིར་མན་ཁྲིམས་ལུགས་ཚོགས་(Berman Law Group)པས། རྒྱ་ནག་གཞུང་གིས་ཏོག་དབྱིབས་ཐད་གུན་གསབ་སྤྲོད་དགོས་པའི་དགོས་འདུན་འོག་ཁྲིམས་གཏུགས་བྱས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

ཆུ་ཚོད་ ༤ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༦ སྔོན་ལ།
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

ཆུ་ཚོད་ ༧ སྔོན་ལ།
Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༢
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

༢༠༢༦/༠༧/༢༢
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡

མཆན། 1

  1. འབྲོང་བུ་སོག་ཚ། says:
    ལོ་ 6 སྔོན།

    རྒྱ་ནག་དམར་ཤོག་ཚོགས་པའི་གཙོ་འཛིན་གྱིས་གཙོས་དམར་ཤོག་ཚོགས་པའི་ལས་བྱེད་རྣམས་ནས་འཛམ་གླིང་གང་སར་རྒྱ་ནད་ཀྱིས་མནར་བཅུག་པར་རྟེན་དེ་དག་ལ་གུན་གསབ་ངེས་པར་སྤྲད་དགོས། དེ་མིན་ན་འཛམ་གླིང་ཡོངས་རྫོགས་གཅིག་ཏུ་བྱས་ནས་དམག་རྒྱག་དགོས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese