མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་ནང་གནས་སྡོད་བོད་མི་འགར་ཏོག་དབྱིབས་ནད་ཡམས་འགོས།

བོད་ཀྱི་དུས་བབ།
༢༠༢༠/༠༤/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ནང་ཏོག་དབྱིབས་ནད་ཡམས་ཀྱིས་བོད་མི་བགྲེས་སོང་ཞིག་འདས་གྲོངས་དང་སྨན་ཞབས་པ་སོགས་བོད་མི་ཁག་ཅིག་ལ་ནད་ཡམས་དེ་འགོས་ཡོད་འདུག འདས་པའི་བདུན་ཕྲག་གཉིས་ཙམ་གྱི་ནང་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་མི་ཁག་ཅིག་ལ་ཏོག་དབྱིབས་ནད་ཡམས་འགོས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བོད་ཀྱི་གཞུང་འབྲེལ་བརྙན་འཕྲིན་དྲ་ལམ་བརྒྱུད་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་ལམ་སྟོན་གནང་སྐབས། ཟླ་འདིའི་ཕྱི་ཚེས་ ༥ ཉིན་ཨ་རིའི་ནང་དགུང་ལོ་ ༨༠ ཙམ་ཡིན་པའི་བོད་མི་ཞིག་ནད་ཡམས་ཀྱི་རྐྱེན་པས་འདས་གྲོངས་སུ་གྱུར་ཡོད་པ་དང་། སྨན་ཞབས་པ་སོགས་བོད་མི་ཁག་ཅིག་ལ་ནད་ཡམས་དེ་འགོས་ཡོད་སྟབས། སྲིད་སྐྱོང་མཆོག་ནས་བོད་རིགས་སྨན་པ་དང་སྨན་ཞབས་པ་རྣམ་པའི་ལྷག་བསམ་དང་སྙིང་སྟོབས་ལ་བསྔགས་བརྗོད་དང་སྦྲགས་ཚང་མས་ཁོང་ཚོར་ཐུགས་སྨོན་གནང་དགོས་སྐོར་གསུངས་སོང་།

དེ་ཡང་སྲིད་སྐྱོང་མཆོག་གིས། ཨ་རིའི་རྒྱལ་ཡོངས་ནང་ནད་ཡམས་འདི་ཤུགས་ཆེན་པོ་ཁྱབ་སྟེ་འདས་གྲོངས་སུ་འགྲོ་མཁན་མང་པོ་ཡོང་སྡོད་ཀྱི་འདུག གོ་ཐོས་ལ་ནེའུ་ཡོག་ནང་ཛ་དྲག་ཤོས་ཆགས་ཡོད། བོད་མིའི་ནང་ལ་ཡང་འདས་གྲོངས་སུ་གྱུར་བ་གཅིག་དང་སྙུང་མཁན་ཡང་འགའ་ཤས་ཤིག་ཡོང་གི་ཡོད་ས་རེད། དེ་དག་ཚང་མ་ལ་ཐུགས་སྨོན་གནང་རོགས་གནང་། དེ་བཞིན་སྨན་ཞབས་པ་ ༡༦ ཙམ་ཟུར་བཅད་བྱས་ནས་བཞུགས་འདུག སྨན་ཞབས་པ་ཡིན་སྟབས་སྨན་ཁང་ལ་ཡང་ཡང་ཕེབས་དགོས་ཀྱི་ཡོད་པ་དང་། སྨན་ཁང་ནང་ལ་ནད་པ་མང་པོ་སླེབས་ཀྱི་ཡོད་སྟབས་འགོས་ནད་འདི་འགོ་བའི་ཉེན་ཁ་ཆེན་པོ་ཡོང་གི་ཡོད་པ་རེད། འགའ་ཤས་ལ་འགོས་པ་དེ་འདྲ་བྱུང་འདུག འགོས་ནས་དྲག་པ་དེ་འདྲའང་བྱུང་འདུག ཡང་འགའ་ཤས་འགོས་ནས་གནས་བསྡད་པ་དེ་འདྲ་འདུག འོན་ཀྱང་སྨན་ཞབས་པ་ཚང་མ་སྙུང་འདུག་ཅེས་ཟེར་གྱི་མེད། ང་ཚོ་ཚང་མས་ཁོང་རྣམ་པར་ཐུགས་སྨོན་གནང་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

བོད་མི་སྨན་པ་དང་སྨན་ཞབས་པ་ཚོས་གཟབ་དགོས་པའི་གནད་དོན་སྐོར་ནས་སྲིད་སྐྱོང་མཆོག་གིས། སྨན་ཁང་ནང་ལས་ཀ་བྱེད་མཁན་གྱི་བོད་མི་སྨན་པ་དང་སྨན་ཞབས་པ་ཚང་མས་ཧ་ལས་པའི་འགན་འཁུར་ཆེན་པོ་བཞེས་ཀྱི་ཡོད་པ་རེད། ཆོས་ཕྱོགས་ཐོག་ནས་བརྩིས་པ་ཡིན་ན་ང་ཚོས་དུས་རྟག་ཏུ་བྱམས་སྙིང་རྗེ་ཟེར་བ་དེ་སྨན་པ་དང་སྨན་ཞབས་པ་ཚོས་ལག་བསྟར་རང་གནང་སྟེ། ད་ལན་ན་ཚ་འདི་འགོས་ནད་རེད་དེ། ཡིན་ན་ཡང་ཉེན་ཁ་ལ་མ་ལྟོས་པའི་ཐོག་ནས་སྨན་ཁང་ལ་སོ་སོས་འགན་འཁྱེར་པའི་ཐོག་ནས་ཕེབས་ཏེ། ནད་པ་ཚོར་ཞབས་ཕྱི་ཞུ་བཞིན་པ་དེ་བསྔགས་བརྗོད་བྱེད་འོས་པ་ཞིག་རེད། ཅེས་གསུངས་སོང་བ་མ་ཟད། ཨ་རིའི་ནེའུ་ཡོག་གཙོས་པའི་ཡུ་རོབ་དང་འཛམ་གླིང་གང་སར་བོད་མི་སྨན་པ་དང་སྨན་ཞབས་པ་ཚོས་ཉེན་ཁ་ལ་མ་འཛེམ་པར་སྨན་ཁང་དུ་བསྐྱོད་དེ་ཞབས་ཕྱི་ཞུ་བཞིན་པ་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་བྱས་ཏེ་ཐུགས་རྗེ་ཆེ་ཞུ་ཡི་ཡོད་ཅེས་གསུངས་སོང་།

དེ་བཞིན་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་བོད་མི་ནང་ཁུལ་ལ་གཅིག་ཕན་གཅིག་གྲོགས་གནང་གལ་ཆེ་བའི་སྐོར་ནས་སྲིད་སྐྱོང་མཆོག་གིས། བྱང་ཨ་རིས་གཙོས་པའི་ཡུ་རོབ་དང་བོད་མི་གནས་སྡོད་ཡོད་སར་བོད་རིགས་སྤྱི་མཐུན་ཚོགས་པ་ཚང་མས་གཅིག་ཕན་གཅིག་གྲོགས་བྱས་ཏེ། འགན་འཁུར་ཧ་ལས་པ་བཞེས་གནང་གི་འདུག མུ་མཐུད་བཞེས་རོགས་གནང་། གང་ཡིན་ཟེར་ན། ང་ཚོ་བོད་པའི་མི་འབོར་ཉུང་ཤས་ཤིག་ལས་མེད་སྟབས། ནང་ཁུལ་ལ་གཅིག་ཕན་གཅིག་གྲོགས་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད། དུས་རྟག་ཏུ་༧གོང་ས་མཆོག་ནས་བོད་མི་ཚོ་མ་འདྲ་བ་ཞིག་ཡོད་ཅེས་གསུང་གི་ཡོད་པ་ནང་བཞིན། ད་ལན་འཛམ་གླིང་སྤྱི་ཡོངས་ལ་ཛ་དྲག་གནད་དོན་ཆགས་པའི་སྐབས་ལ། གཞན་ལ་ཡིན་དང་ཡིན། རང་ལས་གཞན་གཅེས་ཞེས་གསུང་གི་ཡོད་པ་བཞིན་སྤྱི་མཐུན་ཚོགས་པ་ཚོས་ཧུར་ཐག་གནང་རོགས། ད་བར་གནང་བ་དེར་བསྔགས་བརྗོད་ཞུ་ཡི་ཡོད། ཅེས་གསུངས་འདུག

ཡང་སྲིད་སྐྱོང་མཆོག་ནས་བླ་སྨན་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས་གསུངས་པ་ལྟར། བོད་ཀྱི་གསོ་རིག་སྔོན་འགོག་གི་སྨན་བཞུགས་སྒར་རྡ་ས་དང་ས་གནས་ཁག་ལ་བགོ་འགྲེམས་གནང་བཞིན་ཡོད་སྐོར་དང་། གཞན་ཡང་ཕྱི་རྒྱལ་མི་སེར་གྱི་ལག་འཁྱེར་ཡོད་པའི་བོད་མི་རྒྱ་གར་ནང་ཡོད་པ་རྣམས་ཆུ་ཚོད་ ༤༨ ནང་ཚུད་མིང་ཐོ་འབུལ་དགོས་པའི་བཀའ་བཏང་བ་ལྟར་ཕལ་ཆེ་བའི་མིང་ཐོ་འབྱོར་ཡོད་པ་དང་། དེ་དག་གི་ཐོངས་མཆན་རྫོགས་ལ་ཉེ་བ་སོགས་ཡོད་ན། འབྲེལ་ཡོད་ས་གནས་འགོ་འཛིན་དང་གཞུང་ཚབ་ཁང་ལ་འབྲེལ་བ་གནང་དགོས་སྐོར་གྱི་ལམ་སྟོན་གནང་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

ཆུ་ཚོད་ ༣ སྔོན་ལ།
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

ཆུ་ཚོད་ ༢༢ སྔོན་ལ།
gulf-insider
Mobile App

རྒྱ་ནག་འཛམ་གླིང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་རེད་འདུག

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བོད་སློབ་གྲྭ་ཁག་ཏུ་ལུས་ཐོག་ཉེས་ཆད་གཏོང་རྒྱུ་ངེས་པར་དུ་མཚམས་འཇོག་གནང་དགོས།

༢༠༢༦/༠༥/༠༤
TTT
Mobile App

རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་སྲུང་གཙི་ཞུས་སོང་།

༢༠༢༦/༠༥/༠༢
བལ་ཡུལ་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར། དྲ་ལམ་གྱི་པར།
Mobile App

བལ་ཡུལ་མཆོད་འཇོར་མི་མང་ལ་དངོས་གཞིའི་འོས་བླུགས་པའི་ཐོབ་ཐང་གནང་།

༢༠༢༦/༠༥/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese