མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྔ་བ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་ནང་རྒྱ་བསྒྱུར་སློབ་གསོའི་ནད་ཡམས་སླེབ་ཀྱི་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༢༠/༠༤/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཏོག་དབྱིབས་རིམས་ནད་ཀྱི་ནད་མགོ་ཅུང་ཟད་ཡལ་བ་དང་རྔ་བ་ཁུལ་ནི་ཐབས་ལམ་བསྒྱུར་བའི་སློབ་གསོའི་ནད་ཡམས་ཤིག་གིས་ཟིན་མགོ་ཚུགས་འདུག་པས་འཕྲལ་དུ་འགོག་བཅོས་མ་བྱས་ན་བོད་ཀྱི་རིག་གནས་ཀྱི་ཚེ་སྲོག་གཅོད་པར་གདོན་མི་ཟའོ།འདི་གའི་གསར་འགོད་པས་འབྲེལ་ཡོད་ཅིག་ལ་གནས་ཚུལ་དེའི་སྐོར་དྲིས་པར་ཁོང་གིས། གནས་ཚུལ་དེ་བདེན་པ་ཡིན་པ་དང་། ད་ལྟའི་ཆར་གོང་རིམ་ནས་དངོས་སུ་རྒྱ་ཡིག་གཙོ་འདོན་སློབ་འཁྲིད་ཀྱི་བཀོད་ཁྱབ་ཡི་གེ་སོགས་བཏང་མེད་ན་ཡང་། རྒྱ་ཡིག་སློབ་འཁྲིད་གཙོ་བོ་བྱེད་ཐབས་ཀྱི་སློབ་གསོ་མི་རིང་བར་སློབ་གྲྭ་ཆུང་འབྲིང་ཁག་ཏུ་ལག་བསྟར་བྱ་རྒྱུ་རེད་འདུག སྤྱིར་སློབ་གསོ་འདི་ལྟ་བུ་ལག་བསྟར་བྱ་དགོས་པའི་དམིགས་ཡུལ་བོད་སྐད་ཡིག་གཙོ་འཛིན་གྱི་སློབ་འཁྲིད་ལ་གྲུབ་འབྲས་མེད་པ་དང་། སློབ་མའི་རིག་རྩལ་དང་སྦྱང་འབྲས་སོགས་རྗེས་ལུས་ཡིན་པའི་གནད་དོན་མང་པོ་ཞིག་བཤད་བཞིན་ཡོད་ན་ཡང་། མདོར་དེད་ན་ཆབ་སྲིད་ཀྱི་ཇུས་ཆེན་པོ་ཞིག་བཤམ་བཞིན་ཡོད་པ་རེད། ཅེས་བརྗོད་བྱུང་།

གནད་དོན་དེ་དང་འབྲེལ་ནས་དེ་རིང་ཁ་སང་བོད་ནང་གི་དྲ་ལམ་ཁག་ཏུ་བྱེད་སྟངས་དེར་ངོ་རྒོལ་ཡོད་པའི་རྩོམ་ཡིག་དང་སྐད་ཆ་མང་པོ་སྤེལ་བཞིན་ཡོད་པ་དང་། རྩོམ་པ་པོ་ཧུར་འཇའ་ལགས་ཀྱིས་སྤེལ་བའི་རྩོམ་ཡིག་ཅིག་གི་ནང་། མི་མང་པོས་དོན་འདི་བདེན་ནམ་སྙམ་མོད། བདེན་མི་བདེན་ལ་སོམ་ཉི་ཅི་ཡང་མེད་པ་དང་། གོང་རིམ་གྱི་ཚོགས་འདུའི་དགོངས་དོན་སྒྲོག་སྐབས་དགེ་རྒན་ཚང་མས་གོ་ཡོད་པས་རྫུན་ཞིག་ཡིན་ཐབས་མེད་པ་དང་། ད་ལྟའི་ཆར་སློབ་གསོའི་འཆར་གཞི་འདིར་ཡིག་ཆ་མེད་པར་བལྟས་ན་གོང་རིམ་གྱི་སྲིད་ཇུས་ངོ་མ་ཞིག་ཨེ་ཡིན་སྙམ་ལ། ཀླད་ཀྲུང་དབྱང་གི་དགོངས་དོན་ཞིག་དེ་བས་ཀྱང་ཡིན་མི་སྲིད་སྙམ་སྟེ། ཀླད་དང་བཅའ་ཁྲིམས་ངོས་ནས་ནམ་ཡང་མི་རིགས་གྲངས་ཉུང་གི་སྐད་དང་ཡི་གེ་འཛིན་སྐྱོང་སྤེལ་གསུམ་ལ་རྒྱབ་སྐྱོར་བྱེད་པས་ན། འདི་ནི་བར་མ་བར་གྱི་ཁྲིམས་རྨོངས་པ་དང་སློབ་གསོར་རྨོངས་པ་འགའ་རེས་རང་འདོད་ཀྱི་བྱ་སྤྱོད་ཅིག་ཡིན་ནམ་སྙམ་པ་དང་། ཀྲུང་གོའི་མི་རིགས་རང་སྐྱོང་བཅའ་ཁྲིམས་སྣང་མེད་དུ་འཇོག་གི་ཡོད་པ་རེད། ཅེས་བརྗོད་འདུག

ཡང་ཁོའི་རྩོམ་ཡིག་ནང་མུ་མཐུད། སློབ་འཁྲིད་ཐབས་ལམ་ཅིའི་ཕྱིར་བསྒྱུར་དགོས་པ་རེད་ཅེས་ན། ད་ལྟའི་ཐབས་ལམ་འདིའི་སློབ་སྦྱོང་གི་སྦྱངས་འབྲས་མི་བཟང་ཟེར་བས་ཡིན་ན་ཡང་། དེ་ལ་འདི་ལྟར་བཤད་འདོད་དེ། སློབ་ཆེན་ཁག་ཏུ་བསླབ་ཚན་སོ་སོའི་ཆེད་ལས་དགེ་རྒན་གྱི་འཛིན་གྲྭ་མེད་པའམ་ཡོད་ཀྱང་ཉུང་བ་དང་གཅིག བསླབ་ཚན་ཆེད་ལས་དགེ་རྒན་གསོ་སྐྱོང་བྱེད་ཚད་ཀྱིས་མི་འདང་བ་དང་གཉིས། སྤྱིར་དགེ་རྒན་གྱིས་མི་འདང་བ་ཚབས་ཆེ་བ་གསུམ་བཅས་ཀྱིས་སློབ་ཁྲིད་ཀྱི་ལས་ཆོད་དང་སློབ་མའི་སྦྱངས་འབྲས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་པའི་དོན་དངོས་ལ་མི་ལྟ་བར་ཉེས་སྐྱོན་ཡོད་ཚད་བོད་ཀྱི་སྐད་ཡིག་གི་སྟེང་ལ་འགེལ་བ་ནི་མར་ཁེ་སིའི་དངོས་གཙོའི་རྩོད་སྒྲུབ་རིག་པ་ཞིག་གང་ནས་ཡིན། བཅོས་བསྒྱུར་བྱས་མ་ཐག་པ་ནས་བོད་ཁུལ་དུ་སྒ་འགྱུར་རྟ་འགྱུར་མ་བཏང་བར་ཐབས་ལམ་དང་པོའི་ལམ་ཁ་བློ་རྩེ་གཅིག་གིས་རྒྱུན་བསྐྱངས་ཡོད་ན་ང་ཚོ་ཡང་ཐབས་ལམ་གཉིས་པ་དང་མཉམ་པ་མིན་ན་རྗེས་སུ་ལྷག་མི་སྲིད་སྙམ། ཞེས་བརྗོད་འདུག

ཡང་རྒྱ་ཡིག་གཙོ་འཁྲིད་ཀྱི་སློབ་གསོའི་ཐབས་ལམ་གྱི་བོད་སྐད་ཡིག་སློབ་འཁྲིད་བྱེད་མཁན་དགེ་རྒན་མང་པོ་ཞིག་བེད་མེད་དུ་གཏོང་བཞིན་པའི་སྐོར་ལ་ཁོང་གིས། གལ་ཏེ་ཁྲིམས་རྨོངས་པ་དང་སློབ་གསོར་རྨོངས་པ་རེ་འགའི་མ་རིག་མུན་འཐོམས་ཀྱི་དབང་གིས་ཐབས་ལམ་དང་པོ་བསྒྱུར་བཞག་ཚེ། ཐོག་མར་བོད་སྐད་ཀྱི་ལམ་ནས་སློབ་ཁྲིད་བྱེད་མཁན་རྣམས་གོ་མི་ཆོད་པའི་གནས་སུ་གྱར་ཏེ་རིམ་གྱིས་ཇེ་ཉུང་དང་མཐར་མེད་པ་ལྟ་བུར་འགྱུར་ཞིང་། དེ་ནས་བྱིས་བློ་ལྡན་པའི་སློབ་མ་རྣམས་ཀྱིས་ཕ་སྐད་མ་ཡིག་མྱུར་སྟབས་ཀྱིས་བསྐྱུར་ཏེ་རྒྱ་མིན་བོད་མིན་གྱི་ཕུང་གསུམ་པའི་རྣམ་ཐར་སྐྱོང་མགོ་ཚུགས་སྲིད་ལ། དེ་ནས་བོད་རིགས་དོ་དམ་པ་དང་ལས་བྱེད་པའི་དཔུང་ཡང་རིམ་གྱིས་ཉུང་མེད་དུ་གྱུར་ཏེ་ཚེ་གང་བོར་རང་གི་རིག་གནས་ཤོར་བའི་དབུལ་པོ་ངོ་མའི་མྱ་ངམ་ཐང་དུ་ལྷུང་བར་ངེས། དེ་ནས་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་དཔལ་འབྱོར་འཚོ་བ་དག་ཀྱང་ལྟག་ཆུ་ཆད་པའི་རྫིང་བུར་གྱུར་མཐར། བོད་ཀྱི་ས་ཆར་གནས་བཅས་ཤིང་འཚོ་བའི་བོད་མི་དག་ལ་མིང་སྐམ་པོ་ཙམ་ལས་དོན་གྱི་བོད་དྲི་ཅི་ཡང་མེད་པར་འགྱུར་ངེས། ཞེས་བཀོད་འདུགམཇུག་ཏུ་ཁོང་གིས་ཏོག་གསར་རིམས་ནད་ཀྱི་ནད་མགོ་ཅུང་ཟད་ཡལ་བ་དང་བསྟུན་ནས། རྔ་ཁུལ་ནི་འདི་ལྟར་ཐབས་ལམ་སྒྱུར་བའི་ནད་ཡམས་ཤིག་གིས་ཟིན་མགོ་ཚུགས་པས། ང་ཚོའི་ཉེ་རྒྱང་གི་ཁོར་ཡུག་ཏུ་སློབ་གསོའི་ཆོས་ཉིད་ལོག་རྟོག་གིས་འབྱུང་ཁམས་འཁྲུགས་པའི་ནད་རྟགས་ཅན་མང་ཚོད་འདུག་ལ། ཁྲིམས་ལུགས་ཀྱི་ཁ་ཤུབས་མི་གྱོན་པར་འཛེམ་མེད་དུ་མི་རིགས་སློབ་གསོའི་སྲང་ལ་རྒྱུག་མཁན་ཅོལ་ཆུང་ཀླད་མེད་ཡང་མང་དུ་ཡོད་པར་ངེས་པས། རང་སྐྱོང་བཅའ་ཁྲིམས་ཀྱི་གོས་དཀར་གྱོན་པའི་ཀྲུང་ནན་ཧྲན་ལྟ་བུའི་སློབ་གསོའི་ལྷ་རྗེ་གང་མང་བྱོན་ནས་བཀོད་འདོམས་དང་མཛུབ་སྟོན་གང་ལེགས་གནང་སྟེ་རྔ་ཁུལ་གྱི་སློབ་གསོའི་ཐབས་ལམ་བསྒྱུར་བའི་ནད་འདི་སྔོན་འགོག་མ་བྱས་ན་རིམ་གྱིས་ནད་ཡམས་འདི་བོད་ཁུལ་ལ་ཁྱབ་འགྲོ་བར་མ་ཟད་བོད་ཀྱི་རིག་གནས་ཀྱི་ཚེ་སྲོག་གཅོད་པའི་སྟ་རེར་འགྱུར་བར་གདོན་མི་ཟའོ། ཞེས་བརྗོད་འདུག

འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་བོད་ཁུལ་གྱི་ས་ཆ་སོ་སོའི་སློབ་གྲྭ་ཁག་ཏུ་བོད་སྐད་ཡིག་གཙོ་འཁྲིད་སློབ་གསོར་གྲུབ་འབྲས་མེད་སྐོར་སྣ་ཚོགས་བརྗོད་དེ། ཐབས་ལམ་གཉིས་པ་རྒྱ་སྐད་རྒྱ་ཡིག་གཙོ་འཁྲིད་སློབ་གསོ་ལག་བསྟར་དགོས་པའི་ཐབས་ཤེས་སྣ་ཚོགས་འཐེན་བཞིན་པ་ལྟར་། ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་འདུས་སྡོད་ཁུལ་རིམ་པའི་སློབ་གྲྭ་ཁག་ཏུ་རྒྱ་བསྒྱུར་སློབ་གསོའི་སྲིད་བྱུས་རིམ་པར་ལག་བསྟར་བྱེད་ཐབས་བྱས་ཡོད་ཀྱང་། བོད་རིགས་སློབ་མ་དང་དགེ་རྒན། སྤྱི་ཚོགས་ལས་རིགས་ཁག་གི་ཤེས་ཡོན་པ་སོགས་ཀྱིས་ངོ་རྒོལ་ཤུགས་ཆེན་བྱས་སྟབས་ཐོག་མའི་འཆར་གཞི་ལྟར་ལག་བསྟར་ཐུབ་མེད་པ་དང་། སྐབས་དེར་མཚོ་སྔོན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ཆང་ཝེ་ཟེར་བས་སློབ་གསོའི་སྲིད་བྱུས་དེར་འདོད་མོས་མེད་པའི་ས་ཁུལ་དག་ཏུ་ལག་བསྟར་མ་བྱས་ན་འགྲིག་ཚུལ་བརྗོད་ཡོད་པ་རེད།

རྒྱ་ནག་གཞུང་གིས་རྒྱ་ཡིག་གཙོ་འཁྲིད་སློབ་གསོ་ཟེར་བ་དེ་བོད་རིགས་སློབ་མ་ཚོའི་བསམ་སྤྱོད་ཚང་མ་རྒྱ་བསྒྱུར་བྱེད་ཐབས་ཀྱི་སྲིད་བྱུས་ཤིག་ཡིན་པ་དང་། སྲིད་བྱུས་དེ་ཕྱི་ལོ་ ༢༠༠༨ ལོའི་བོད་ནང་ཞི་རྒོལ་དང་འབྲེལ། བོད་ཁུལ་གྱི་ས་ཆ་མང་པོའི་ནང་སློབ་མ་ཚོས་རྒྱ་ནག་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་ཆེད་ཡར་ལངས་བསྟུན་མར་བྱས་པ་ནས། རྒྱ་ནག་གཞུང་གིས་བོད་ཁུལ་གྱི་སློབ་གསོའི་ཐབས་ལམ་བསྒྱུར་ཐབས་ཀྱི་སྲིད་བྱུས་འཐེན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། ས་ཁུལ་མང་པོའི་ནང་མངོན་ལྐོག་གཉིས་ནས་བོད་སྐད་ཡིག་སློབ་འཁྲིད་མེད་པར་བཟོས་དང་བཟོ་བཞིན་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༣ ནང་ཨ་རིའི་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་ (Human Rights Watch) གིས་འབྲེལ་ཡོད་སོགས་ལ་བཅར་འདྲི་བྱས་པ་བརྒྱུད། རྒྱ་ནག་གཞུང་གིས་བརྗོད་བཞིན་པའི་སྐད་གཉིས་སློབ་གསོའི་སྲིད་བྱུས་འོག བོད་སྐད་ཡིག་གི་བསླབ་གཞི་ཉེན་ཁའི་ནང་དུ་ཡོད་ཅེས་བའི་སྙན་ཐོ་ཤོག་གྲངས་ ༩༡ ཅན་ཞིག་བཏོན་ཡོད་པའི་ནང་། རྒྱ་ནག་གཞུང་གིས་བོད་ནང་བུ་བཅོལ་ཁང་གི་བྱིས་པ་ལོ་ ༣ ཙམ་ལོན་པ་ཚོ་ལའང་མི་རིགས་མཐུན་སྒྲིལ་ཁ་ལ་ཁྱེར་ཏེ། བཙན་གྱིས་སྐད་གཉིས་སློབ་གསོ་ཟེར་བ་ལག་བསྟར་བྱེད་མགོ་བཙུགས་ཡོད་སྐོར་དང་། འདས་པའི་ལོ་བཅུའི་རིང་བོད་ནང་སློབ་གྲྭ་མང་དུ་ཕྱིན་པ་དང་བསྟུན། བོད་ཡིག་ཆེད་སྦྱོང་བྱེད་ས་མ་གཏོགས་སློབ་གྲྭ་གཞན་ཁག་གི་ནང་རྒྱའི་སྐད་ཡིག་གི་བསླབ་གཞི་གཙོར་བཟུང་གི་སློབ་ཁྲིད་སྲིད་བྱུས་ལག་བསྟར་བྱེད་ཤུགས་ཆེ་རུ་ཕྱིན་ཏེ།  བོད་སྐད་ཡིག་གི་བསླབ་གཞི་ཉེན་ཁའི་ནང་ལྷུང་ཡོད་སྐོར་བརྗོད་ཡོད་པ་རེད།

སྙན་ཐོ་དེའི་ནང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་རྒྱ་ནག་ཚན་པའི་འགན་འཛིན་སོ་ཧྥི་རི་ཆར་ཌི་སན (Sophie Richardson)ལགས་ཀྱིས། རྒྱ་ནག་གི་སློབ་གསོའི་སྲིད་བྱུས་ནི་སློབ་གསོ་དམིགས་འབེན་དུ་བཟུང་བ་ཞིག་མིན་པར་ཆབ་སྲིད་ཀྱི་ཀུན་སློང་ཡོད་པ་ཞིག་རེད་ལ། རྒྱ་ནག་གཞུང་གི་བོད་མི་ཚོར་བོད་ཀྱི་སྐད་ཡིག་གི་བསླབ་གཞི་མཁོ་སྤྲོད་བྱེད་པའི་རྒྱལ་སྤྱིའི་སྲོལ་ཡིག་རྡོག་རོལ་གཏོང་གི་ཡོད་སྐོར་བརྗོད་པ་མ་ཟད། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་རྟོག་ཞིབ་ཚོགས་པ་ཚོ་བོད་ནང་སྐད་གཉིས་སློབ་གསོའི་གནས་བབ་ལ་རྒྱུས་ལོན་ཆེད་བོད་ནང་གཏོང་གི་མེད་ནའང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་བོད་ནག་ཆུ་ཁུལ་གྱི་གྲོང་སྡེ་ཁག་ ༦ གི་སློབ་ཕྲུག་གི་ཕ་མ་དང་དགེ་རྒན་ཁག་ཅིག་ལ་བཅར་འདྲི་བྱས་ཡོད་པ་དང་། ཁུལ་དེའི་མི་རྣམས་ཀྱིས་ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༣ ནས་བཟུང་ས་གནས་ཀྱི་སྔོན་འགྲོའི་སློབ་གྲྭ་ཁག་གི་ནང་རྒྱའི་སྐད་ཡིག་ཐོག་སློབ་གསོ་སྤྲོད་མགོ་བཙུགས་ཡོད་སྐོར་སོགས་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

University students wearing graduation gowns take part in a photo-shooting session on the Potala Palace Square during a government-organised media tour to Lhasa, Tibet Autonomous Region, China June 1, 2021. Picture taken June 1, 2021. REUTERS/Martin Pollard/File Photo
Mobile App

འདས་ལོར་བོད་པའི་སློབ་མ་ཁྲི་གཅིག་ལྷག་རྒྱ་ནག་ཏུ་སློབ་སྦྱོང་བྱེད་པར་བཏང་འདུག

ཆུ་ཚོད་ ༡༦ སྔོན་ལ།
སྤྱི་ཚོགས་རིག་པའི་འབུམ་རམས་པ་ལྡོང་རྒྱལ་ལོ་ལགས་ཀྱིས་རྒྱ་ནག་གི་ད་ལྟའི་གནས་སྟངས་དབྱེ་ཞིབ་ལས་མཐོང་བའི་བོད་ཀྱི་གོ་སྐབས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༡།༡༥
Mobile App

བཙན་བྱོལ་སྤྱི་ཚོགས་ལ་རྒྱ་ནག་འཐོར་ཞིག་ཏུ་འགྲོ་བར་གྲ་སྒྲིག་དགོས།

༢༠༢༦/༠༡/༡༦
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྡི་ལི་བོད་ཁང་གི་ལམ་རིང་ལྷག་མཐོང་ཆེན་མོའི་ཟབ་སྦྱོང་འཛིན་གྲྭར་ཕེབས་པའི་རྒྱལ་ཁབ་ ༢༦ གི་སློབ་གཉེར་བ་མི་གྲངས་༢༣༧ གཙོས་དད་ལྡན་བཞི་བརྒྱ་ལྷག་ལ་མཇལ་ཁ་སྩལ། ༢༠༢༦།༡།༡༦ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཞོགས་པ་ཡར་ལངས་པ་དང་སེམས་ཅན་ཚང་མར་ཕན་ཐོགས་བྱེད་ཐུབ་པ་ཞིག་བྱུང་ན་བསམས་ཚེ་སེམས་ཀྱི་ཞི་བདེ་སླེབས་ཡོང་གི་འདུག་ཅེས་གསུངས།

༢༠༢༦/༠༡/༡༦
ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༡༣ ཉིན་ཨི་རན་གྱི་མི་མང་འདུ་འཛོམས་ཆེ་བའི་ངོ་རྒོལ། དྲ་ལམ་གྱི་པར།
Mobile App

རྒྱལ་སྤྱིའི་ཚོགས་སྡེ་སུམ་ཅུ་ལྷག་གིས་ཨི་རན་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དགོས་པའི་བསྒྲགས་གཏམ་སྤེལ། 

༢༠༢༦/༠༡/༡༦
༧གོང་ས་མཆོག་གི་བཀའ་དགོངས་བཞིན་རྒྱ་གར་ནང་ཕེབས་ཏེ་པད་ནོར་རིན་པོ་ཆེ་མཆོག་དང་ལྷན་དུ་མགོན་པོ་གང་ཉིད་ལ་མཇལ་བ། ༡༩༩༠ དྲ་ལམ་གྱི་སྐུ་པར།
Mobile App

མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གི་འདས་མཆོད་སྨོན་ལམ་ཆེན་མོ་སྐབས་ ༢༢ པ་དེ་འཚོགས། 

༢༠༢༦/༠༡/༡༦
མཁན་པོ་ཉི་མ་ཀུན་ཁྱབ་མཆོག་བལ་གཞུང་ནང་ཆོས་དང་དགོན་པ་འཕེལ་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས། photo:breaknlinks.com/
Mobile App

མཁན་པོ་ཉི་མ་ཀུན་ཁྱབ་མཆོག་བལ་གཞུང་གི་ནང་ཆོས་དར་སྤེལ་དང་དགོན་པ་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས།

༢༠༢༦/༠༡/༡༥

མཆན། 1

  1. བསོད་ནམས་རྒྱལ་མཚན། says:
    ལོ་ 6 སྔོན།

    ངས་ནི་བཙན་འབྱོལ་ནང་ མི་སྐྱ་གཞོན་སྐྱེད་ཚོའི་བོད་ཡིག་ལ་བཀོལ་སྤྱོད་བྱེད་མཁན་ནི་དཀོན་པོ་མཐོང་། ༧གོང་ས་མཆོག་གི་བཀའ་དྲིན་ལ་ རང་དབང་ལུང་པའི་ནང་བཙན་བཀག་གཏོང་མཁན་ནི་མེད། ག་རེད་མ་ཚང་པ་རེད་ མིའི་རྣམ་དཔྱོད། མིའི་རྣམ་དཔྱོད་ཡོད་ན་ སོ་སོའི་རྒྱལ་ཁབ་ལ་ཤ་ཞེན་ཡོང་གི་རེད་པ། ལྟོ་གོས་ནི་དུད་འགྲོ་ཚོའི་འཚོལ་ཤེས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese