མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྒྲིག་འཛུགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་འབོད་སྐུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༠/༠༤/༠༨
Share on FacebookShare on TwitterShare on EmailShare on Whatsapp

འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་སྡུག་ཤོས་ཤིག་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ལྷན་ཚོགས་ཀྱི་གྲོས་མོལ་ཚོགས་ཆུང་ནང་བསྐོས་པར་ངེས་པར་དུ་བསྐྱར་ཞིབ་དགོས།ཁ་སང་ཕྱི་ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ལྷན་ཚོགས་ཀྱི་གྲོས་མོལ་ཚོགས་ཆུང་ནང་རྒྱ་ནག་གི་སྐུ་ཚབ་བསྐོས་པའི་ཐད། རྒྱལ་ཚོགས་ཀྱིས་ངེས་པར་དུ་བསྐྱར་ཞིབ་གནང་དགོས་པའི་རེ་སྐུལ་ཞུས་འདུག་ལ། ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་ཐའེ་ཝན་གཞུང་གིས་ཀྱང་རྒྱ་ནག་གོ་གནས་དེར་འོས་འཚམ་མིན་པ་དང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ལྷན་ཚོགས་ནང་རྒྱ་ནག་གི་བྱེད་སྒོ་ཁག་ལ་རྟོག་ཞིབ་ནན་མོ་བྱས་ཏེ། རྒྱ་ནག་གཞུང་གིས་དབང་ཆ་ལོག་སྤྱོད་བྱེད་པར་སྔོན་འགོག་བྱེད་དགོས་སྐོར་སོགས་བརྗོད་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དང་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། རྒྱ་ནག་གཞུང་ལ་མཚོན་ན། འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་མཁན་གཙོ་བོ་ཡིན་པ་རྒྱལ་སྤྱིའི་ཁྱོན་དུ་ཡོངས་གྲགས་རེད།  བོད་ནང་ལ་མཚོན་ན། འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚན་པ་ཁག་གིས་ལོ་ལྔ་བསྟུད་མར་སྙན་ཐོ་བཏོན་པའི་ནང་དུ་འཛམ་གླིང་ནང་དམ་དྲག་ཤུགས་ཆེ་ཤོས་ཡོད་པའི་ས་ཁུལ་དུ་ངོས་འཛིན་བྱས་ཡོད།  དྲ་རྒྱའི་རང་དབང་ཐོག་ལ་མཚོན་ནའང་འཛམ་གླིང་ནང་དམ་དྲག་ཆེ་ཤོས་བྱེད་མཁན་རྒྱ་ནག་དམར་པོའི་སྲིད་གཞུང་དེ་ཉིད་ཆགས་ཡོད།  དེར་བརྟེན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐེངས་འདིར་རྒྱ་ནག་བསྐོ་གཞག་གནང་བ་དེར་སླར་ཡང་དགོངས་བཞེས་ཀྱིས་ཐག་གཅོད་དེར་བསྐྱར་ཞིབ་ངེས་པར་དུ་གནང་རོགས་གནང་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

ཡང་ཁོང་གིས། རྒྱ་ནག་དམར་པོའི་སྲིད་གཞུང་ནི་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ཐོག་དམ་དྲག་ཤུགས་ཆེ་ཤོས་བྱེད་མཁན་དང་། བསམ་ཚུལ་བརྗེ་ལེན་དང་སྨྲ་བརྗོད་རང་དབང་བརྡལ་བཤིག་གཏོང་མཁན་གྱི་རྒྱལ་ཁབ་གཙོ་བོ་ཞིག་ཡིན་པ་ཡོངས་གྲགས་རེད།  དེ་ལྟར་ཡིན་བཞིན་དུ་ཐེངས་འདིར་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་ལམ་སྟོན་ཚོགས་ཆུང་གི་ཚོགས་མིའི་ཁོངས་སུ་བསྐོ་གཞག་བྱས་ཡོད།  བྱེད་བབ་དེས་རང་དབང་དང་དྲང་བདེན་ལ་དགའ་བའི་རྒྱལ་སྤྱིའི་སྤྱི་ཚོགས་ནང་བརྡ་ལན་ལོག་པ་ཞིག་བཏང་བ་རེད།  ལྷག་པར་རྒྱལ་སྤྱིའི་ཁྱོན་དུ་བཟང་ངན་ཤན་འབྱེད་ཆ་མ་འཚལ་བའི་གནས་སྟངས་ཆགས་རྒྱུ་མ་ཟད། རྒྱལ་སྤྱིའི་ཁྱོན་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་འགྲེལ་བརྗོད་བྱེད་སྟངས་ལའང་འགྲེལ་བརྗོད་ལོག་པ་དང་།  ཤུགས་རྐྱེན་ངན་པ་ཞིག་ཐེབས་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད་ལ། བོད་མི་དང་རྒྱ་མི་རིགས། ཡུ་གུར་བ་དང་སོག་རིགས། ཧོང་ཀོང་མི་མང་བཅས་ཀྱི་རེ་ལྟོས་བཅོལ་ཡུལ་རྒྱལ་ཚོགས་ནང་། རྒྱ་ནག་ནི་དེའི་སྒྲིག་འཛུགས་སྲུང་མིར་བསྐོས་པ་དེ་ནི་སྤྱང་ཀི་ལུག་རྫིར་བསྐོས་པའི་དཔེ་ཡིན་སྐོར་གསུངས་ཡོད་པ་རེད།

རྒྱལ་ཚོགས་ཀྱི་ཐག་གཅོད་དེ་དང་འབྲེལ་ནས་ཟླ་འདིའི་ཕྱི་ཚེས་ ༦ ཉིན། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ ༧ གྱིས་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཨན་ཊོ་ནཱོ་གྷ་ཊིར་ (Antonio Guterres) ཡི་མིང་ཐོག་ཏུ། རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ལས་དོན་ལྷན་ཚོགས་ཀྱི་གྲོས་མོལ་ཚོགས་ཆུང་ནས་ཕུད་དགོས་པའི་ཞུ་ཡིག་ཞིག་བྲིས་ཡོད་པའི་ནང་། རྒྱལ་ཚོགས་ཐོག་མར་འཛུགས་སྐབས་ཀྱི་དམིགས་ཡུལ་ནི་འགྲོ་བ་མིའི་རིགས་ལ་དཀའ་རྙོག་ཚད་མེད་བྱུང་ཡོད་པ་དེ་སླར་ཡང་མི་འབྱུང་ཆེད་ཡིན་པ་དང་། རྒྱ་ནག་གཞུང་ནི་རྒྱལ་ནང་དང་འཛམ་གླིང་ཕྱོགས་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་རྡོལ་རོལ་གཏོང་མཁན་སྡུག་ཤོས་ཀྱི་གྲས་ཤིག་ཡིན་པའི་དུས་སྐབས་འདིར། རྒྱ་ནག་ནི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ལྷན་ཚོགས་ཀྱི་ལས་དོན་ལ་ཤུགས་རྐྱེན་སྤྲོད་ཐུབ་པའི་གོ་གནས་དེར་མི་འོས་པ་ཞིག་ཡིན་པས། གྲོས་ཚོགས་འཐུས་མི་དེ་དག་གིས་སྤྱི་ཁྱབ་དྲུང་ཆེ་ཡིས་རང་དབང་དང་ཆེ་མཐོང་གི་རིན་ཐང་ལ་གོང་བཀུར་བྱས་ཏེ་རྒྱ་ནག་གོི་གནས་དེ་ནས་ཕུད་དགོས་པ་དང་། རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཚོས་རྒྱ་ནག་དམར་ཤོག་ཚོགས་པས་འགྲོ་བ་མིའི་ཐོབ་ཐང་ལ་རྡོལ་རོལ་ཤུགས་ཆེན་གཏོང་བར་སྐྱོན་བརྗོད་བྱེད་པའི་འབོད་སྐུལ་བྱེད་ཀྱི་ཡོད་སྐོར་བཀོད་འདུགཡང་ཞུ་ཡིག་དེའི་ནང་། ཞུ་ཡིག་དེ་ནི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ལྷན་ཚོགས་ཀྱི་གྲོས་མོལ་ཚོགས་ཆུང་ནང་རྒྱ་ནག་བསྐོར་པར་བློ་ཕམ་བྱུང་བ་དང་ཐག་གཅོད་དེར་ངོ་རྒོལ་མཚོན་ཆེད་བྲིས་པ་ཡིན་པ་དང་། རྒྱ་ནག་ལ་དབང་ཚད་དེ་སྤྲད་པ་ནི་དུས་རྒྱུན་རྒྱ་ནག་གཞུང་གིས་དོན་མེད་འཛིན་བཟུང་བྱས་པ་དང་། གར་སོང་ཆ་མེད་དུ་གྱུར་བ། དེ་བཞིན་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་སོགས་ལ་རྡོག་རོལ་གཏོང་བཞིན་པ་དང་འབྲེལ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་པ་ ༡༧ ལྷག་འདེམས་བྱེད་རྒྱུར་གོ་སྐབས་སྤྲད་པ་ཞིག་ཡིན་སྐོར་དང་། རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་གསར་པ་དེ་འགོག་རྒོལ་ཁྲོད། རྒྱ་ནག་གཞུང་གིས་རྒྱ་ནང་གི་སྨན་པ་ཚོར་དོན་མེད་ཉེས་འཛུགས་བྱས་ཏེ་སྨྲ་བརྗོད་རང་དབང་རྡོག་རོལ་བཏང་ཡོད་པ་དང་། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་གནས་ཚུལ་ཕྱི་གསལ་ནང་གསལ་བྱེད་ཀྱི་མེད་སྟབས། ནད་ཡམས་དེ་ད་ལྟ་རྒྱལ་སྤྱིའི་ཛ་དྲག་གི་ནད་ཡམས་ཞིག་ཏུ་གྱུར་ཡོད་པ་དཔེ་མཚོན་དུ་བཀོད་དེ། རྒྱ་ནག་ནི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ལྷན་ཚོགས་ཀྱི་གྲོས་མོལ་ཚོགས་ཆུང་ནང་མི་འོས་ཚུལ་བཀོད་འདུག

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༧ ཉིན་ཐའེ་ཝན་གྱི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཇོ་ནེ་ཨོ་ (Joanne Ou) ཡིས། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་གནད་དོན་ཆེན་པོ་ཡོད་པའི་རྒྱ་ནག་གཞུང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ལྷན་ཚོགས་ཀྱི་གྲོས་མོལ་ཚོགས་ཆུང་ནང་བསྐོ་བཞག་བྱས་ཏེ། རྒྱལ་ཁབ་གཞན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བཀོད་ཁྱབ་གཏོང་བ་ནི་ཕྱོགས་འགལ་ཡིན་པ་དང་། པེ་ཅིན་གྱིས་འབད་བརྩོན་བྱས་ཏེ་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་ནང་ཤུགས་རྐྱེན་ཆེ་རུ་གཏོང་བ་དང་། རྒྱ་ནག་གི་ཁྱད་ཆོས་དང་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་དྲིལ་བསྒྲགས་བྱེད་བཞིན་པ་དེ་ཡིས་དམངས་གཙོ་དང་གོ་ལའི་སྤྱི་ཚོགས་ལ་ཉེན་བརྡ་གཏོང་གི་ཡོད་སྐོར་བརྗོད་འདུག་ལ། འགྲོ་བ་མིའི་ཐོབ་ཐང་ལས་དོན་ལྷན་ཚོགས་ཀྱི་གྲོས་མོལ་ཚོགས་ཆུང་ནང་རྒྱ་ནག་བསྐོས་པའི་ཐག་གཅོད་དེ་ཡིས། རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་ལ་ཇི་ཙམ་སྟངས་འཛིན་བྱེད་ཀྱི་ཡོད་པ་མཚོན་གྱི་ཡོད་པས། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ལྷན་ཚོགས་ནང་རྒྱ་ནག་གི་བྱེད་སྒོ་ཁག་ལ་རྟོག་ཞིབ་ནན་མོ་བྱས་ཏེ། རྒྱ་ནག་གཞུང་གིས་དབང་ཚད་དེ་སྤྱད་ནས་དབང་ཆ་ལོག་སྤྱོད་བྱེད་པར་སྔོན་འགོག་བྱེད་དགོས་སྐོར་སོགས་བརྗོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

ཆུ་ཚོད་ ༤ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༦ སྔོན་ལ།
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

ཆུ་ཚོད་ ༧ སྔོན་ལ།
Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༢
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

༢༠༢༦/༠༧/༢༢
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese