མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཛ་དྲག་གི་སྐབས་འདིར་རྒྱ་གར་གྱི་དབུས་ས་གཉིས་ཀྱི་མི་མང་ལ་རོགས་རམ་ཆེན་པོ་གནང་གི་འདུག

བོད་ཀྱི་དུས་བབ།
༢༠༢༠/༠༤/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ནང་ཏོག་དབྱིབས་ནད་པ་ ༦༠༠༠ ལྷག་ཟིན་ཏེ་མི་མང་ལ་ནད་མནར་དང་འཚོ་བའི་དཀའ་སྡུག་ཆེན་པོ་ཡོང་བཞིན་ཡོད་པས་བཙན་བྱོལ་བོད་མི་མང་པོས་དངུལ་དང་བཟའ་ཆས་སོགས་ཀྱིས་རོགས་རམ་ཆེན་པོ་གནང་བཞིན་འདུག ཏོག་དབྱིབས་ནད་ཡམས་འཛམ་གླིང་གི་རྒྱལ་ཁབ་དང་རང་སྐྱོང་ས་ཁུལ་ ༡༨༠ ལྷག་གི་ནང་ཁྱབ་སྟེ། ཏོག་དབྱིབས་ནད་པ་ས་ཡ་གཅིག་དང་ཕྱེད་ཀ་ལྷག་དང་མི་གྲངས་ཁྲི་ ༩ མ་ཟིན་ཙམ་འདས་གྲོངས་སུ་ཕྱིན་ཟིན་ཡོད་པ་དང་། རྒྱ་གར་ནང་དུའང་ཏོག་དབྱིབས་ནད་པ་ ༦༠༠༠ ལྷག་དང་མི་ ༡༨༠ འདས་གྲོངས་སུ་ཕྱིན་ཏེ་དཀའ་ངལ་ཆེན་པོ་ཡོང་བཞིན་ཡོད་པའི་སྐབས་འདིར། ༧གོང་ས་མཆོག་གི་དབུས་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། དགོན་སྡེ་གྲྭ་ཚང་ཁག དེ་བཞིན་ཚོགས་པ་དང་མི་སྒེར་བཅས་དངུལ་དང་བཟའ་ཆས་སོགས་ཀྱིས་རོགས་རམ་འཕོན་ཆེན་གནང་བཞིན་འདུག

འདི་གར་མཁན་པོ་རང་གྲོལ་མཆོག་ནས་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། དེ་རིང་ཕྱི་ཚེས་ ༩ ཉིན་འབྲི་གུང་བཀའ་བརྒྱུད་གཙུག་ལག་སློབ་གཉེར་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་དྲུང་ཆེ་མཁན་པོ་རང་གྲོལ་མཆོག་དང་། གདན་ས་བྱང་ཆུབ་གླིང་གི་དབུ་འཛིན་པདྨ་རིག་འཛིན་ལགས། དྲུང་ཡིག་བུ་ཆུང་ལགས་བཅས་ཨུ་ཌར་ཁན་མངའ་སྡེའི་བློན་ཆེན་ཊི་ཝན་ཌར་སིང་རཱ་ཝེ(Trivendra Singh Rawat)མཆོག་གི་སར་ཆེད་བཅར་གྱིས། ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་ནད་མནར་དང་འཚོ་བ་དཀའ་སྡུག་འོག་ཡོད་པའི་མི་མང་གི་ཆེད་དུ་ཧིན་སྒོར་འབུམ་ ༥ ཞལ་འདེབས་སུ་ཕུལ་ཡོད་པ་དང་། དེ་བཞིན་འབྲི་གུང་བཀའ་བརྒྱུད་གཙུག་ལག་སློབ་གཉེར་ཁང་གི་ལས་སློབ་རྣམས་ཀྱིས་རང་རང་གི་ལྷག་བསམ་དང་ཕྱར་གྲུ་མཉམ་འདེགས་མཚོན་སླད། ཉེ་འཁོར་གྱི་ཡུལ་མི་དཀའ་ངལ་ཅན་རྣམས་ལ་ཁྱོན་ཧིན་སྒོར་༢༤༤༠༡༧ ཞལ་འདེབས་སུ་གནང་ཡོད་པ་དང་སྦྲགས། ད་ཆར་ཛ་དྲག་གི་ནད་ཡམས་འདིས་མནར་བའི་སྐྱེ་བོ་ཀུན་གཉན་འཕྲང་གི་དུས་ངན་འདི་ལས་མྱུར་དུ་ཐར་བ་དང་། དེའི་ཆེད་དུ་ཉིན་མཚན་ལྟོས་མེད་དུ་ཕྱག་ལས་གནང་བཞིན་པ་ཐམས་ཅད་ལ་ཐུགས་རྗེ་ཆེ་ཞུས་འདུགདེ་བཞིན་འབྲེལ་ཡོད་ནས་འདི་གར་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། རྡོར་གདན་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཐེབས་རྩ་ཚོགས་པའི་(Kagyupa International Monlam Trust )སྤྱི་ལས་ཁང་གིས། ཟླ་འདིའི་ཕྱི་ཚེས་ ༤ ཉིན་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གི་ངལ་སེལ་ཐེབས་རྩར་(PM Cares)ཧིན་སྒོར་འབུམ་ལྔ་ཕུལ་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༢ ཉིན། བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་Shri Nitish Kumar མཆོག་གི་ངལ་སེལ་ཐེབས་རྩ་བརྒྱུད་དེ་ཧིན་སྒོར་འབུམ་ལྔ་གནང་ཡོད་འདུགགཞན་ཡང་། ཟླ་འདིའི་ཕྱི་ཚེས་ ༥ ཉིན་༸ས་སྐྱ་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེ་མཆོག་ནས་ཨུ་ཌར་ཁན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་ངལ་སེལ་ཐེབས་རྩར་ཧིན་སྒོར་འབུམ་ ༣ ཞལ་འདེབས་གནང་ཡོད་འདུག་ལ། དེ་བཞིན་དཔལ་ས་སྐྱ་སྒྲོལ་མ་ཕོ་བྲང་ནས་ཧིན་སྒོར་འབུམ་ ༣ དང་།དངོར་དཔལ་ཨི་ཝམ་ཆོས་ལྡན་ནས་ཧིན་སྒོར་འབུམ་ ༣། ས་སྐྱ་མཐོ་སློབ་ཀྱིས་ཧིན་སྒོར་འབུམ་ ༣། གཞན་ཡང་ས་སྐྱ་སྨོན་ལམ་ཆེན་མོ་ཐེབས་རྩ་ནས་ཧིན་སྒོར་འབུམ་ ༥ དང་། ས་སྐྱ་བཙུན་དགོན་ནས་ཧིན་སྒོར་འབུམ་ ༣། ས་སྐྱ་ལྟེ་གནས་ཁང་ནས་ཧིན་སྒོར་འབུམ་ ༣ བཅས་ཁྱོན་བསྡོམས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་ངལ་སེལ་ཐེབས་རྩར་ཧིན་སྒོར་འབུམ་ ༢༣ ཞལ་འདེབས་སུ་གནང་ཡོད་འདུག༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་ཡུལ་མི་ཉམ་ཐག་མང་པོའི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་དང་། དཀའ་ངལ་སེལ་ཆེད་སྲིད་བློན་མཆོག་གི་ངལ་སེལ་ཐེབས་རྩར་ཧིན་སྒོར་འབུམ་ ༡༠ རོགས་དངུལ་གནང་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

༢༠༢༣/༠༦/༠༨
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

༢༠༢༣/༠༦/༠༨
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

༢༠༢༣/༠༦/༠༨
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist