མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐའེ་ཝན་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་གདོང་ཐུག་ཛ་དྲག་ཏུ་ཕྱིན།

བོད་ཀྱི་དུས་བབ།
༢༠༢༠/༠༤/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་ཝན་གྱི་སྲིད་འཛིན་ཚའེ་ཡེ་ཝིན་མཆོག་གིས་རྒྱལ་ཚོགས་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འགན་འཛིན་ནས་རྒྱ་ནག་གི་གནོན་ཤུགས་ལ་མ་འཛེམ་པར་ཐའེ་ཝན་ནང་བསླེབ་པ་ཡིན་ན་སྒྲིག་འཛུགས་དེས་ཐའེ་ཝན་མི་མང་ལ་དྲང་བདེན་བྱས་མེད་པ་ཤེས་རྟོགས་ཐུབ་སྐོར་གསུངས།དེ་རིང་ཕྱི་ཚེས་ ༡༠ ཉིན་རོའུ་ཊར་གཙོས་པའི་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་དང་ཐའེ་ཝན་བར་གྱི་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་གདོང་ཐུག་ཆེན་པོ་འབྱུང་བཞིན་པ་དང་བསྟུན། རྒྱ་ནག་གི་ཐའེ་ཝན་ལས་དོན་ཁང་ཟེར་བས་བསྒྲགས་གཏམ་ཞིག་སྤེལ་ཏེ། ཐའེ་ཝན་གཞུང་གིས་ཏོག་དབྱིབས་ནད་ཡམས་བཀོལ་སྤྱོད་བྱས་ཏེ་རང་བཙན་རྩོད་ཀྱི་ཡོད་པ་མ་ཟད། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་འཐབ་རྒོལ་དྲག་པོ་བྱེད་ཀྱི་ཡོད་ལུགས་བསྒྲགས།

ཁ་སང་རྒྱ་ནག་གི་ཐའེ་ཝན་ལས་དོན་ཁང་ཟེར་བས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཐའེ་ཝན་གྱི་གཞུང་འཛིན་དམངས་གཙོ་ཡར་རྒྱས་ཚོགས་པའི་ (Democratic Progressive Party) མགོ་འཁྲིད་ཚོས་ནད་ཡམས་འདི་བཀོལ་སྤྱོད་བྱས་ཏེ་རང་བཙན་རྩོད་ཀྱི་ཡོད་པ་མ་ཟད། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་དང་དེའི་ཁྱབ་ཁོངས་ཀྱི་མི་མང་རྣམས་ལ་འཐབ་རྒོལ་དྲག་པོ་བྱེད་ཀྱི་ཡོད་པ། ད་དུང་དྲ་ལམ་འཇབ་རྒོལ་དམག་དཔུང་དང་ལག་རྡང་སྦྲེལ་ནས་མི་རིགས་དབྱེ་འབྱེད་ཀྱི་བྱ་སྤྱོད་སྤེལ་བཞིན་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་བརྗོད་ཡོད་འདུག

རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་འདིའི་རྐྱེན་པས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་དང་ཐའེ་ཝན་གྱི་འགལ་ཟླ་དེ་སྔར་ལས་ཛ་དྲག་པོར་གྱུར་ཡོད་ཅིང་། ཐའེ་ཝན་གྱིས་དུས་ནས་དུས་སུ་རང་ཉིད་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་མེད་པའི་རྐྱེན་གྱིས། ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་གནས་ཚུལ་དུས་ཐོག་སྤྲད་མེད་པ་མ་ཟད། ཐའེ་ཝན་གྱིས་འཕྲོད་བསྟེན་ལྷན་ཚོགས་ལ་མཁོ་སྤྲོད་བྱས་པའི་ནད་ཡམས་ཀྱི་གནས་ཚུལ་རིགས་ལ་ལྷན་ཚོགས་ཀྱིས་བདག་ཉར་བྱས་མེད་པའི་སྐྱོན་བརྗོད་བསྟུད་མར་བྱས་ཡོད་སྟབས། ཁ་སང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ཊི་དྷི་རོ་སི་ཨ་དྷི་ནོམ་ (Tedros Adhanom Ghebreyesus) གྱིས་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་བདེན་དཔང་གང་ཡང་མེད་པའི་ཐོག་ནས། འདས་པའི་ཟླ་ཤས་རིང་ནས་ཁོ་པར་ཐའེ་ཝན་ནས་མི་རིགས་དབྱེ་འབྱེད་ཀྱི་ཚིག་ངན་དང་སྡིགས་ར་སྐུལ་མཁན་བྱུང་ཡོད་པ་མ་ཟད། ཐའེ་ཝན་གྱི་ཕྱི་སྲིད་ལྷན་ཁང་ངོས་ནས་ཀྱང་བྱ་སྤྱོད་དེའི་རིགས་ལ་ངོ་རྒོལ་སོགས་གང་ཡང་བྱས་མེད་སྐོར་བརྗོད།

ཐའེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཇོན་ཨོའུ་ (Joanne Ou) ཡིས། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་འགན་འཛིན་ཊི་དྷི་རོ་སིས་ཐའེ་ཝན་ལ་ཉེས་འཛུགས་བྱས་པ་དེ་དག་ནི་འགན་འཁུར་མེད་ཅིང་འཆར་ཡན་ཙམ་ལས་མ་འདས་པ་དང་། ཊི་དྷི་རོ་སིས་ཐའེ་ཝན་ལ་དགོངས་སེལ་ཞུ་དགོས་སྐོར་བརྗོད་འདུག་ལ།  སྲིད་འཛིན་ཚའེ་ཡེ་ཝིན་མཆོག་གིས། གལ་ཏེ་འགན་འཛིན་ཊི་དྷི་རོ་སི་ཡིས་རྒྱ་ནག་གི་གནོན་ཤུགས་ལ་མ་འཛེམ་པར། ཐའེ་ཝན་གྱིས་ཏོག་ནད་ཡམས་འགོག་རྒོལ་ཐད་འབད་བརྩོན་གང་བྱེད་བཞིན་པར་རྟོག་ཞིབ་ཆེད་གླིང་ཕྲན་དེར་སླེབས་ཐུབ་ཚེ། ད་གཟོད་ལྷན་ཚོགས་ཀྱིས་ཐའེ་ཝན་མི་མང་རྣམས་ལ་དྲང་བདེན་བྱས་མེད་པ་རྟོགས་ཐུབ་སྐོར་བརྗོད་ཡོད་པ་རེད། དེ་སྔ་ཐའེ་ཝན་དེ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཟུར་ཉན་ཁོངས་སུ་ཡོད་ཀྱང་། ཕྱི་ལོ་ ༢༠༡༦ ལོར་སྲིད་འཛིན་ལྕམ་ཚའེ་ཡེ་ཝིན་མཆོག་གིས་སྣེ་ཁྲིད་པའི་དམངས་གཙོ་ཡར་རྒྱས་སྲིད་དོན་ཚོགས་པར་རྒྱལ་ཡོངས་འོས་བསྡུའི་ནང་རྒྱལ་ཁ་ཆེན་པོ་ཐོབ་སྟེ་ཐའེ་ཝན་གྱི་གཞུང་འཛིན་ཚོགས་པར་གྱུར་བར་བརྟེན། རྒྱ་ནག་གིས་དགག་པ་ཤུགས་ཆེར་བྱས་པའི་རྐྱེན་གྱིས་ཟུར་ཉན་གྱི་གནས་བབ་དེ་ཡང་མེད་པར་ཆགས་ཡོད་ཅིང་། འདས་པའི་བདུན་ཕྲག་འགའ་ཤས་རིང་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐའེ་ཝན་གྱི་ཏོག་དབྱིབས་རིམས་འགོག་ལས་འགུལ་ལ་བསྔགས་བརྗོད་ཆེན་པོ་བྱེད་བཞིན་ཡོད་པ་དང་བསྟུན། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་ཡང་དེ་འབྲེལ་གྱི་གནོན་ཤུགས་སླེབས་མགོ་བཙུགས་ཡོད། ལྷན་ཚོགས་ཀྱི་ཏོག་དབྱིབས་ནད་ཡམས་འགོག་སྲུང་ཐད་ཨ་རིས་ཀྱང་སྐྱོན་བརྗོད་བྱས་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༧ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་ནས་ཏོག་དབྱིབས་ནད་ཡམས་འགོག་སྲུང་བྱེད་པའི་བརྒྱུད་རིམ་ཁྲོད། རྒྱལ་ཚོགས་ནི་རྒྱ་ནག་གི་ཕྱོགས་སུ་ལྷུང་ཡོད་པས། ཨ་རིའི་སྲིད་འཛིན་གྱིས་རྒྱལ་ཚོགས་འཕྲོད་བསྟེན་ལྷན་ཁང་ལ་རོགས་དངུལ་སྤྲོད་ཀྱི་ཡོད་པ་རྣམས་མཚམས་འཇོག་བྱེད་པར་བསམ་གཞིགས་བྱེད་ཀྱི་ཡོད་སྐོར་བརྗོད་དེ་རྒྱལ་ཚོགས་ཀྱི་ལས་དོན་ལ་སྐྱོན་བརྗོད་བྱས་ཡོད་པ་རེད། དེའི་ཐད་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ནས་ནད་ཡམས་དེའི་རང་བཞིན་ལ་རྒྱུས་ལོན་ཆེད་རྒྱ་ནག་དང་མཉམ་དུ་ཐག་ཉེ་བོའི་ཐོག་ལས་ཀ་བྱེད་རྒྱུ་ནི་ཧ་ཅང་མཁོ་ངེས་ཅན་ཞིག་ཡིན་པ། དེ་བཞིན་ནད་ཡམས་ཀྱི་གནད་དོན་དེ་ཆབ་སྲིད་ཀྱི་དགོས་མཁོར་མི་བསྒྱུར་བར། ནད་ཡམས་འགོག་སྲུང་ཐད་ཚང་མས་མཉམ་འབྲེལ་བྱ་དགོས་སྐོར་གསུངས་ཡོད་པ་རེད།

རྒྱལ་ཚོགས་འཕྲོད་བསྟེན་ལྷན་ཚོགས་ཀྱི་རོགས་དངུལ་གྱི་བརྒྱ་ཆའི་ ༢༢ ནི་ཨ་རི་ཡིས་སྤྲོད་ཀྱི་ཡོད་པས། འཛམ་གླིང་གི་རོགས་དངུལ་ཆེ་ཤོས་སྤྲོད་མཁན་ཨ་རི་ཆགས་ཡོད་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༧ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ (Reschenthaler) ལགས་ཀྱིས། རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ཊི་དྷི་རོ་སི་ཨ་དྷི་ནོམ་ (Tedros Adhanom Ghebreyesus) གྱིས་འགན་འཛིན་ནས་དགོངས་ཞུ་མ་བྱས་བར་དུ་ཨ་རིས་རྒྱལ་ཚོགས་ལ་སྤྲོད་བཞིན་པའི་རོགས་དངུལ་རྣམས་གནས་སྐབས་སུ་མཚམས་འཇོག་དགོས་པ་དང་། རྒྱ་ནག་གིས་ཏོག་དབྱིབས་ནད་ཡམས་འགོག་སྲུང་བྱ་བ་ཕམ་ཉེས་བྱུང་བའི་གནས་སྟངས་རྒྱལ་ཚོགས་ཀྱིས་འགེབ་སྲུང་བྱས་པར་རྒྱལ་སྤྱིའི་ཚོགས་སྡེ་ཞིག་གིས་ཞིབ་འཇུག་བྱེད་དགོས་པའི་ཁྲིམས་འཆར་ཞིག་ངོ་སྤྲོད་བྱས་ཡོད་པ་རེད།

ཁོང་གིས་བཏོན་པའི་ཁྲིམས་འཆར་དེའི་ནང་། ཨ་རི་མི་མང་གིས་དཀའ་བ་ཁྱད་དུ་བསད་ནས་བསགས་པའི་ཁྲལ་དངུལ་རྣམས་རྒྱ་ནག་གི་རྫུན་གཏམ་དང་དྲིལ་བསྒྲགས་བྱེད་པ་དང་། མི་གྲངས་ཧ་ཅང་མང་པོའི་ཚེ་སྲོག་སྐྱོབ་ཐུབ་པའི་ཏོག་དབྱིབས་ནད་ཡམས་ཀྱི་གནས་ཚུལ་སྦ་གསང་བྱ་ཆེད་བཏང་ཚེ་ནོར་བ་རེད། ཅེས་བཀོད་འདུག་ལ། དེར་གྲོས་ཚོགས་འཐུས་མི་ ༢༡ གིས་རྒྱབ་སྐྱོ་མཚན་རྟགས་བརྒྱབ་ཡོད་པ་རེད།སྐབས་དེར་གྲོས་ཚོགས་འཐུས་མི་ (Reschenthaler) ལགས་ཀྱིས། འཛམ་གླིང་ཁྱོན་ཡོངས་ཀྱི་མིའི་ཚེ་སྲོག་སྐྱོབ་རྒྱུའི་ཚབ་དུ་རྒྱ་ནག་གི་མགོ་ཁྲིད་ཚོར་དོ་ཕོག་མི་འགྲོ་ཆེད། རྒྱ་ནག་གི་ཕྱོགས་སུ་ལངས་ཏེ་ཏོག་དབྱིབས་ནད་ཡམས་ཀྱི་ཛ་དྲག་རང་བཞིན་སྦ་གསང་བྱས་ཡོད་པ་རེད། འདས་ལོའི་ཕྱི་ཟླ་ ༡༢ ཙམ་གྱི་ནང་ཏོག་དབྱིབས་ནད་དུག་དེ་མི་ནས་མི་ལ་འགོས་ཀྱི་ཡོད་པའི་གནས་ཚུལ་དེ་རྒྱ་ནག་གཞུང་གིས་གསང་བ་བྱས་ཡོད་པ་གསལ་པོ་ཡིན་པ་དང་། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༢ ཉིན་འཛམ་གླིང་གི་རྒྱལ་ཁབ་དུ་མའི་ནང་ཁྱབ་ཡོད་ནའང་། ཟླ་དེའི་ཕྱི་ཚེས་ ༣༠ ཉིན་བར་དུ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཚོགས་ནས་ནད་ཡམས་དེ་གོ་ལ་རང་བཞིན་གྱི་ཛ་དྲག་ཅན་གྱི་ནད་ཡམས་ཤིག་ཡིན་པར་བསྒྲགས་ཐུབ་མེད་པ་རེད། ཅེས་སྐྱོན་བརྗོད་བྱས་འདུག

སྤྱིར་ཐའེ་ཝན་དེ་རྒྱ་ནག་དང་ཉེ་འབྲེལ་ཡིན་པ་མ་ཟད། ཚོང་དོན་དང་ཡུལ་སྐོར་སྤྲོ་འཆམ་པའི་ཆ་ནས་ཀྱང་ཕན་ཚུལ་བར་འགྲོ་སྐྱོད་ཤུགས་ཆེན་ཡོད་ན་ཡང་། དེ་རིང་ཐའེ་ཝན་གྱི་ནད་འགོག་ཞིབ་འཇུག་ཁང་གི་གྲངས་ཐོ་ལྟར་ན། ད་བར་ཐའེ་ཝན་རྒྱལ་ཡོངས་ནང་ཏོག་དབྱིབས་ནད་པ་ ༣༨༢ ལས་བྱུང་མེད་ཅིང་། དེ་དག་ཁྲོད་ནས་ཀྱང་ནད་པ་ ༦ ལས་འདས་གྲོངས་སུ་གྱུར་མེད་པ་རེད། ཐའེ་ཝན་དང་ཅུང་འདྲ་བའི་ཨོ་གླིང་ལྟ་བུར་མཚོན་ན། དེ་རིང་བར་རྒྱལ་ཡོངས་ནང་ཁྱོན་ཏོག་དབྱིབས་ནད་པ་ ༦༢༠༤  ཐོན་པའི་ཁྲོད་ནས་ནད་པ་ ༥༤ རྐྱེན་འདས་སུ་སོང་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་དང་ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༣ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦

མཆན། 2

  1. orig says:
    ལོ་ 6 སྔོན།

    “རྒྱབ་སྐྱོ་མཚན་རྟགས”

    Reply
  2. Sonam Gyaltsen says:
    ལོ་ 6 སྔོན།

    Now China ?? is MakeUp ? World ? King ? UN ?? is Dog ?

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese