མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་འཇར་མན་ལ་དབྱིན་སྒོར་ཐེར་འབུམ་ ༡༣༠ ཡི་གུན་གསབ་སྤྲོད་འོས།

བོད་ཀྱི་དུས་བབ།
༢༠༢༠/༠༤/༢༠
Share on FacebookShare on TwitterShare on EmailShare on Whatsapp

འཇར་མན་གྱི་ཚགས་པར་ཁང་ནས་རྒྱ་ནག་གིས་འཇར་མན་ལ་སྤྲོད་འོས་པ་ཞེས་པའི་རྩོམ་ཡིག་ཅིག་སྤེལ་ཏེ་འཇར་མན་ལ་གུན་གསབ་ཏུ་དབྱིན་སྒོར་ཐེར་འབུམ་ ༡༣༠ སྤྲོད་འོས་སྐོར་བརྗོད་པ་དེར་རྒྱ་གཞུང་གིས་དགག་པ་བརྒྱབ།དེ་རིང་རྒྱ་གར་གྱི་དཔལ་འབྱོར་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་འཇར་མན་གྱི་ཚགས་པར་ཁང་ཆེ་ཤོས་བྷལ་ཌི་ (Bild) ནང་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་ཀྱི་གུན་གསབ་ཆེད་འཇར་མན་ལ་དབྱིན་སྒོར་ཐེར་འབུམ་ ༡༣༠ སྤྲོད་འོས་མིན་སྐོར་གྱི་རྩོམ་ཡིག་ཅིག་ཐོན་ཡོད་པ་དེར། འཇར་མན་ནང་གི་རྒྱ་ནག་གཞུང་ཚབ་ཁང་གིས་དགག་པ་བྱས་ཡོད་ཀྱང་། ཚགས་པར་ཁང་དེའི་སྤྱི་ཁྱབ་རྩོམ་སྒྲིག་པས་དགག་ལན་དེར་ལན་འདེབས་བྱས་པའི་ནང་། རྒྱ་ནག་དམར་ཤོག་གཞུང་གིས་ཏོག་དབྱིབས་ནད་ཡམས་ཀྱི་གནས་ཚུལ་སྦས་གསང་བྱས་ཏེ་འཛམ་གླིང་ཧྲིལ་པོ་ཉེན་ཁའི་གནས་སུ་བསྐྱལ་ཡོད་སྐོར་བརྗོད་འདུག

བྷལ་ཌི་ཚགས་པར་ཁང་དེའི་སྤྱི་ཁྱབ་རྩོམ་སྒྲིག་པ་ལྕམ་ཇུ་ལེན་རེ་ཆེལ་(Julian Reichelt) གྱིས་ཚགས་པར་གྱི་མདུན་ཤོག་སྟེང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་མིང་ཐོག་ལ་སྤེལ་བའི་རྩོམ་སྒྲིག་པའི་གཏམ་ནང་། ཁྱོད་དང་ཁྱོད་ཀྱི་གཞུང་དང་ཚན་རིག་པ་རྣམས་ཀྱིས་སྔ་མོ་ནས་ཏོག་དབྱིབས་ནད་ནམས་འདི་ཉེན་ཚབས་ཆེན་པོ་ཡིན་པ་ཤེས་དགོས་ཀྱང་། ཁྱོད་ཚོས་འཛམ་གླིང་ལ་དེའི་སྐོར་གང་ཡང་བཤད་མེད། ནུབ་གླིང་གི་ཞིབ་འཇུག་པས་ཝུ་ཧན་གི་གནས་སྟངས་སྐོར་འདྲི་སྐབས་ཁྱོད་ཚོའི་ཆེས་མཐོའི་ཚན་རིག་པ་རྣམས་ཀྱི་བརྡ་ལན་གང་ཡང་སྤྲད་མེད། ཁྱོད་ཀྱིས་ཏོག་དབྱིབས་ནད་ཡམས་དེ་རྒྱལ་ཁབ་ཀྱི་ཞབས་འདྲེན་ཞིག་ལ་མཐོང་སྟེ། རྒྱལ་ཞེན་གྱི་ཚོར་བ་དྲག་པོས་ཁྱེད་ལ་བདེན་པ་སྨྲ་རྒྱུའི་སྤོབས་པ་མ་རྙེད། ཅེས་དང་། ཁྱོད་ཀྱིས་དོགས་ཟོན་སོ་ལྟ་སྤྱད་དེ་དབང་བསྒྱུར་བྱེད་བཞིན་ཡོད། དུས་རྒྱུན་ཁྱོད་ཀྱིས་མི་མང་ཡོངས་རྫོགས་ལ་སོ་ལྟ་བྱེད་ཀྱི་ཡོད་ཀྱང་། ཁྱོད་ཀྱིས་རང་གི་རྒྱལ་ཁབ་ནང་ཡོད་པའི་ནད་དུག་ཕོག་པའི་ཤ་རིགས་ཁྲོམ་ར་ལ་སྟངས་འཛིན་བྱེད་རྒྱུར་གཡོལ་ཡོད། ཁྱོད་ཀྱིས་རང་གི་འཛིན་སྐྱོང་ལ་སྐྱོན་བརྗོད་བྱེད་མཁན་གྱི་ཚགས་པར་ཁང་དང་དྲ་རྒྱུ་ཡོད་ཚད་སྒོ་བརྒྱབ་ཐུབ་ཡོད་ཀྱང་། ཕ་ཝང་གི་ཤ་ཁུ་བཙོང་སའི་ཟ་ཁང་དག་སྒོ་བརྒྱབ་ཐུབ་མེད། ཁྱོད་ཀྱིས་རང་གི་མི་སེར་རྣམས་དོགས་ཟོན་སོ་ལྟའི་འོག་བཅུག་པ་མ་ཟད། ཁོ་ཚོ་ཉེན་ཁའི་གནས་སུ་བསྐྱལ་ཡོད་ལ། ཁོ་ཚོའི་མཉམ་དུ་འཛམ་གླིང་འདི་ཡང་ཉེན་ཁའི་ནང་ལྷུང་དུ་བཅུག་ཡོད། ཅེས་བརྗོད་འདུག

ཡང་ལྕམ་ཇུ་ལེན་རེ་ཆེལ་གྱིས། རྒྱ་ནག་གིས་གཞན་གྱི་གསར་གཏོད་ལ་བརྟེན་ནས་རང་ཉིད་ཕྱུག་པོ་བཟོ་ཡི་ཡོད་པ་དང་། རྒྱ་ནག་གིས་རང་གི་གཞོན་སྐྱེས་མི་རབས་ཚོར་རང་དབང་གི་ཐོག་ནས་བསམ་གཞིག་བྱེད་དུ་འཇུག་གི་མེད་པའི་རྐྱེན་གྱིས། རྒྱ་ནག་ནང་གསར་གཏོད་ཡོང་གི་མེད་སྐོར་དང་། རྒྱ་ནག་ནི་གཞན་གྱི་འཕྲུལ་རིག་བརྐུ་འཁྱེར་བྱེད་རྒྱུར་ཕུལ་དུ་བྱུང་བ་ཞིག་ཡིན་པ་དང་། རྒྱ་ནག་གིས་ད་བར་དུ་ལེགས་གྲུབ་ཆེ་ཤོས་བྱུང་བའི་ཕྱིར་དྲན་དངོས་ཟོག་ནི་ད་ལན་གྱི་ཏོག་དབྱིབས་ནད་ཡམས་འདི་ཡིན་སྐོར་གྱི་ཟུར་ཟ་དྲག་པོ་བྱས་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་བྷལ་ཌི་ཚགས་པར་གྱི་རྩོམ་ཡིག་ཚན་པའི་ནང་། རྒྱ་ནག་གིས་འཇར་མན་ལ་སྤྲོད་འོས་པ་ཞེས་པའི་ཁ་བྱང་འོག རྒྱ་ནག་གིས་ཏོག་དབྱིབས་ནད་ཡམས་ཀྱི་གུན་གསབ་ཆེད། འཇར་མན་ལ་ཁྱོན་དབྱིན་སྒོར་ཐེར་འབུམ་ ༡༣༠ སྤྲོད་འོས་སམ་ཞེས་དོགས་སློང་བྱས་ཡོད་པ་དང་། རྩོམ་ཡིག་དེས་རྒྱ་ནག་ལ་ཕོག་ཐུག་ཆེན་པོ་བཟོས་ཏེ་ཉིན་དེ་རང་ལ་འཇར་མན་གྱི་རྒྱལ་ས་བྷར་ལིན་ (Berlin) དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མགྲིན་ཚབ་མ་ཐའོ་ལི་(Tao Lil) ཟེར་བ་དེས། གཞུང་ཚབ་ཁང་གི་གཞུང་འབྲེལ་དྲ་རྒྱ་བརྒྱུད་བྷལ་ཌི་ཚགས་པར་ཁང་ལ་དགག་ལན་ཞིག་སྤྲད་པའི་ནང་། བྷལ་ཌི་ཚགས་པར་སྟེང་སྤེལ་བའི་རྩོམ་ཡིག་ནང་འཛམ་གླིང་ཡོངས་ལ་དཀའ་ངལ་སྤྲོད་བཞིན་པའི་ནད་ཡམས་དེའི་ངན་ཁག་རྒྱལ་ཁབ་གཅིག་ལ་གཡོག་ཚུལ་དང་། དེ་ནས་རྒྱ་ནག་གིས་འཇར་མན་ལ་གུན་གསབ་སྤྲོད་དགོས་ཚུལ་བརྗོད་པ་དེ་དག་ནི་ཐབས་ཤེས་བཟང་པོ་ཞིག་མིན་སྐོར་དང་། རྩོམ་ཡིག་དེས་གནས་ཚུལ་དངོས་བདེན་འགའ་ཤས་ལ་དོ་སྣང་བྱས་མེད་སྐོར་དང་། རྒྱ་ནག་གིས་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ལ་ནད་ཡམས་འདིའི་སྐོར་སྙན་གསེང་ཞུས་པའི་རྒྱུ་མཚན་གྱིས། རྒྱལ་ཁབ་མང་པོར་ནད་ཡམས་འདི་རྒྱལ་ཁབ་ཕན་ཚུན་བར་མི་འགོ་བར་བྱེད་རྒྱུའི་དུས་ཚོད་རག་ཡོད་སྐོར་ཡང་བརྗོད་ཡོད་འདུག

འདས་པའི་བདུན་ཕྲག་འགའི་ནང་ཞིབ་འཇུག་སྙན་ཐོ་མི་ཉུང་བའི་ནང་། རྒྱ་ནག་གིས་ཏོག་དབྱིབས་ནད་ཡམས་གྱི་ཐོག་མའི་དུས་རིམ་སྐབས་ནད་ཡམས་སྐོར་གྱི་གནས་ཚུལ་རིགས་སྦས་གསང་བྱས་ཡོད་སྐྱོར་གྱི་གནས་ཚུལ་ཐོན་པ་དང་བསྟུན། ཨ་རི་གཙོས་པའི་ཧྥ་རན་སི་དང་། དབྱིན་ཡུལ། འཇར་མན་བཅས་ཀྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་མ་ཟད། ལྷག་པར་དུ་ཨ་རིའི་གཞུང་གིས་རྒྱ་ནག་ཙམ་དུ་མ་ཟད། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཀྱང་རྒྱ་ནག་དང་ངན་པ་ལག་སྦྲེལ་བྱས་ཡོད་སྐོར་བརྗོད་དེ། ཨ་རིས་འཕྲོད་བསྟེན་ལྷན་ཚོགས་ལ་གནང་བཞིན་པའི་རོགས་དངུལ་གནས་སྐབས་མཚམས་འཇོག་གནང་རྒྱུ་ཡིན་སྐོར་བསྒྲགས།  ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་གྱི་གསར་འགོད་གསལ་བསྒྲགས་སྟེང་སྲིད་འཛིན་ཊོམ་ཕུ་མཆོག་གིས། གལ་ཏེ་རྒྱ་ནག་གིས་ཤེས་བཞིན་དུ་ནོར་འཁྲུལ་བྱས་ཡོད་ཚེ། དེར་མཇུག་འབྲས་ཤིག་ཡོང་ངེས་ཡིན་སྐོར་གྱི་ཉེན་བརྡ་བཏང་ཡོད་པ་དང་། ཨ་རིའི་ནང་གི་ཁྲིམས་རྩོད་པ་སྐོར་ཞིག་གིས་རྒྱ་ནག་གཞུང་གིས་ནད་ཡམས་སྟངས་འཛིན་མ་ཐུབ་པའི་རྐྱེན་གྱིས། མི་སྒེར་ལ་གནོད་འཚེ་ཕོག་པ་དང་། རྐྱེན་འདས་སུ་སོང་བ། དངོས་ཟོག་ལ་གྱོང་གུན་ཐེབས་པ་སོགས་ལ་གུན་གསབ་སྤྲོད་དགོས་པའི་ཁྲིམས་གཏུག་བྱས་ཡོད་འདུག

གཞན་ཡང་ཉེ་ཆར་ཨ་རིས་རྒྱ་ནག་གཞུང་གིས་ཨ་རི་ལ་ཏོག་དབྱིབས་ནད་ཡམས་ཐོག་མར་མཆེད་སའི་ཝུ་ཧན་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ནད་འབུ་བརྟག་དཔྱད་ཁག་དེར་ཞིབ་འཇུག་བྱེད་དུ་འཇུག་དགོས་སྐོར་བཤད་ཡོད་པ་དང་། ཡང་ཁ་སང་ཨོ་གླིང་གི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གི་ཕྱི་གསལ་ནང་གསལ་བྱེད་གལ་ཆེ་སྐོར་དང་། ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁྱུངས་དང་ཇི་ལྟར་འགོས་ཁྱབ་འགྲོ་ཡི་ཡོད་མེད་ཐད་ལ་རྒྱལ་སྤྱིའི་རང་བཞིན་གྱི་ཞིབ་འཇུག་ཅིག་ཚུགས་དགོས་སྐོར་བརྗོད་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

མཆན། 2

  1. Lobsang Wangdu says:
    ལོ་ 3 སྔོན།

    སྟོབ་ཆེན་རྒྱལ་ཁབ་ཀྱི་དབུ་ཁྲི་ཚོ་་་ ད་དུང་མུ་མཐུད་དུ་རྒྱ་དམར་གྱི་རྐུབ་ལྡག་དགོས། The World ? Great Country Leaders are Also continue to lick ? the China’s butt.

    Reply
  2. ཆབ་བསྟན་ཉི་མ། says:
    ལོ་ 3 སྔོན།

    འདི་ཡོ་སྒོར་མ་རེད་དབྱིན་སྒོར་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist