མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཇིགས་སྣང་གིས་སྐྱོང་བའི་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་བྱུས་དེས་རྒྱ་ནག་མི་དམངས་དང་འཛམ་གླིང་ཁྱོན་ཡོངས་ཉེན་ཁའི་ནང་ལྷུང་བ།

བོད་ཀྱི་དུས་བབ།
༢༠༢༠/༠༤/༢༨
Share on FacebookShare on TwitterShare on EmailShare on Whatsapp

བོད་སྒྱུར་བ། འཕྲིན་ལས་དབང་འདུས།

སྲིད་དོན་པ་དང་ཁྲིམས་རྩོད་པ། ཤེས་ཡོན་ཅན། གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་ནས་རྒྱ་ནག་སྐམ་ས་དང་ཕྱི་ཕྱོགས་གཉིས་སུ་བཞུགས་པའི་རྒྱ་ནག་གི་མཐུན་གྲོགས་རྣམ་པ་དང་། རྒྱ་ཆེའི་རྒྱ་ནག་གི་མི་སེར་ཚང་མར་ཡོངས་གྲགས་གཏོང་ཡིག

མི་ལོ་བཅུ་ཕྲག་གཅིག་ཙམ་གྱི་རིང་ཁྱེད་རྣམ་པ་མང་པོ་ཞིག་ནས། དྲག་པོས་སྐྱོང་བའི་སྲིད་ལུགས་ལ་རྒྱབ་སྐྱོར་དང་བཟོད་སྲན་ཆེན་པོ་ཞུས་རྐྱེན། དེང་གོ་ལ་ཡོངས་གཉན་འཕྲང་ཅན་གྱི་དཀའ་ངལ་འདིའི་ནང་ལྷུང་བ་སྨྲོས་མི་དགོས།  ཕྱི་ལོ་ ༢༠༢༠ ཟླ་བ་ ༤ པའི་ཚེས་ ༢ ཉིན་རྒྱ་ནག་གི་ཤེས་ཡོན་ཅན་བརྒྱ་སྐོར་ཞིག་གིས་རྒྱ་ནག་དམར་ཤོག་ཚོགས་པར་ཁ་བརྡུང་དྲག་པོ་བཏང་བའི་ཡོངས་གྲགས་གཏོང་ཡིག་ཞིག་སྤེལ་ཡོད་ཅིང་། ཡོངས་གྲགས་གཏོང་ཡིག་དེའི་ནང་ “གལ་གནད་ཆེ་བའི་མང་ཚོགས་ཀྱི་བསམ་ཚུལ་མང་དག་གཅིག་རྒྱ་ཁྱབ་ཅན་གྱི་ཏོག་དབྱིབས་ནད་དུག་ལ་ཁ་གཡར་ཏེ་ཆབ་སྲིད་ལ་སྒྱུར་ཐབས་བྱེད་པ།ˮ ཞེས་པ་དང་། ཡང་ “ནད་ཡམས་རྒྱ་ཁྱབ་ཏུ་ཕྱིན་པའི་གཉན་འཕྲང་ཅན་གྱི་དུས་སྐབས་འདིར། ཏོག་དབྱིབས་ནད་དུག་བཅུ་དགུ་པའི་འབྱུང་ཁུངས་དང་རྩ་བ་ད་དུང་ཐག་གཅོད་ཐུབ་མེད། འོན་ཀྱང་དྲི་བ་དེ་རྣམས་ནི་གལ་ཆེན་མིན་ལ། དེ་བས་ཕན་ཚུན་མཛུབ་མོ་བཀེར་རེས་ཀྱིས་དམའ་འབེབས་འདྲ་བྱས་ཚེ། དེས་མི་ཚང་མར་ཕན་པ་ལས་གནོད་པའི་གཞི་མར་འགྱུར་ངེས་ཡིན།ˮ ཞེས་བཀོད་འདུག ལྷག་པར་ཁོང་ཚོས་གླེང་སློང་ཤུགས་ཆེ་བསྒྲགས་དོན་གཞན་ཞིག་ནི་ནད་ཡམས་འདི་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་བ་དེ་རེད།

ཡོངས་གྲགས་གཏོང་ཡིག་དེས་གང་མཚོན་གྱི་ཡོད་རེད་ཟེར་ན། རང་དབང་ཅན་གྱི་ཤེས་ལྡན་སློབ་དཔོན་ཤུའུ་ཀྲེང་རོན་གྱིས། “ཧ་ཅང་ཁྱད་མཚར་བའི་ 《དམར་པོའི་རིག་གཞུང་།》 དང་ཞེ་ལོག་པའི་ཟོལ་བསྟོད་ཁོ་ན་ཞིག་སྟེ། འདི་ལྟ་བུའི་སྒྲིག་འཛུགས་ཀྱི་ལམ་ལུགས་དེ་ཉིད་ནི། ངོ་ཚ་བྲལ་བའི་དམར་པོའི་མཐུན་ཕྱོགས་ཀྱི་ཁྱུ་ཚོགས་དག་གིས་དུས་ཀུན་བསྟོད་བསྔགས་ཀྱི་འབོད་དབྱངས་སྒྲགས་པའི་མུར་གནས་ཡོད། ˮ ཅེས་གསུངས་འདུག   ད་ཆ་བཟང་བཙོན་འོག་གནས་པའི་སློབ་དཔོན་ཤུའུ་ཡིས། རྒྱ་ནག་དམར་ཤོག་ཚོགས་པར་རྒྱབ་སྐྱོར་དཔུང་འདེགས་བྱེད་རྒྱུ་མཚམས་འཇོག་དགོས་སྐོར། རྒྱལ་གཅེས་བློ་མཐུན་ཚོར་འབོད་བསྐུལ་གནང་འདུག་པའི་ནང་ “དྲང་བདེན་མ་ཡིན་པའི་གནས་དོན་དེར་ཁོང་ཁྲོ་ལང་རྒྱུའི་ཚབ་ལ། ཁྱེད་ཀྱི་མི་ཚེ་འདི་ཡ་རབས་བཟང་སྤྱོད་ཀྱི་མེ་ལྕེ་ཞིག་ཏུ་སྤྲུལ་ཏེ། མུན་ནག་གི་འཆིང་ཐག་དུམ་བུར་གཏོར་ཏེ་སྐྱ་རེངས་བསུ་མ་ཞུ་དགོས།ˮ ཞེས་འཁོད་འདུག གོ་ལ་ཡོངས་ལ་རྒྱ་ཁྱབ་ཏུ་ཕྱིན་པའི་རྐྱེན་ངན་ནད་ཡམས་འདིི་འབྱུང་འགྱུར་གཏན་འགོག་ཐུབ་ཕྱིར། ནད་འབུ་འདིའི་ཐོག་མའི་འབྱུང་ཁུངས་ཤེས་རྟོགས་ཐུབ་རྒྱུ་གལ་གནད་དུ་གྲུབ་ཅིང་། ད་ལྟའི་ཆར་ཁ་ཚོན་གཅོད་ཐུབ་པའི་འབྱུང་ཁུངས་ཞིག་རྙེད་མེད་ཀྱང་། དེའི་འབྱུང་ཁུངས་ཤེས་རྟོགས་ཐུབ་རྒྱུ་ནི་རྒྱ་ནག་ཙམ་མིན་པར་འགྲོ་བ་མི་སྤྱིའི་བདེ་རྩར་ཐུག་ཡོད།

ཧུའུ་པེཡི་ཞིང་ཆེན་གྱི་རྒྱལ་ས་ཝུ་ཧན་དམར་ཤོག་ཚོགས་པའི་དབང་འཛིན་པ་ཚོས། ནད་ཡམས་རྒྱ་ཁྱབ་ཏུ་ཕྱིན་པའི་རྩ་བ་སྦས་གསང་བྱས་ཡོད་ཅིང་། རྒྱ་ནག་དམར་ཤོག་ཚོགས་པའི་ཤུགས་རྐྱེན་འོག་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཀྱང་ཐོག་མའི་ཆར། ནད་ཡམས་ཁྱབ་བརྡལ་ཕྱིན་མེད་ལུགས་འགྲེལ་བརྗོད་གནང་། ལྷག་པར་ཕྱི་ཟླ་ ༡༢ པའི་ཟླ་མཇུག་ཙམ་ལ་ཐེ་ཝན་འཕྲོད་བསྟེན་ལས་སྣེ་བ་ཚོས། ན་ཚ་འདི་མི་དང་མིའི་དབར་ཁྱབ་གདལ་འགྲོ་ལུགས་ཉེན་བརྡ་བཏང་ཡོད་ཀྱང་། ཁོང་ཚོས་སྣང་མེད་བསྐྱུར་འཇོག་བྱས་སྟབས་སྐྱོན་བརྗོད་གནང་མཁན་མི་ཉུང་བ་ཞིག་བྱུང་བ་རེད། རྒྱ་ཁྱབ་ཏུ་ཕྱིན་པའི་ཏོག་དབྱིབས་ནད་དུག་ལ་དམིགས་དཔེ་འོས་པའི་གདོང་ལེན་གནང་མཁན་ཐེ་ཝན་དམངས་གཙོའི་རྒྱལ་ཁབ་འདི། རྒྱ་ནག་དམར་ཤོག་ཚོགས་པའི་གནོན་ཤུགས་འོག་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་སྒྲིག་ཁོངས་ནས་ཟུར་འབུད་གནང་།

དེ་ཡང་རྒྱ་ནག་གི་མུན་ནག་དུས་སྐབས་འདི། རང་ངོས་ནས་བཟོས་པའི་རྨ་ཁ་ཞིག་ཡིན་པ་ང་ཚོས་ནམ་ཡང་བརྗེད་མི་ཉན། ནད་གཞི་འདི་ཐོག་མར་ཁྱབ་འགོ་ཚུགས་དུས། རྒྱ་ནག་གི་སྨན་པ་ཚོས་ཆེད་ལས་སྨན་པ་གཞན་ཚོར་ཉེན་བརྡ་གཏོང་ཐབས་ཞུས་ཀྱང་། རྒྱ་ནག་དམར་ཤོག་ཚོགས་པས་ཁ་གྲག་ཏུ་བཅུག་མེད། སྨན་པ་ཨའི་ཧྥན་ལྟ་བུར་མཚོན་ན། རྒྱལ་ནང་གི་གསར་འགོད་པ་ཞིག་གི་བཅར་འདྲི་དང་ལེན་ཞུས་པའི་ཉེར་ལན་ལ་བརྟེན། དམངས་ཁྲོད་དུ་ནམ་ཡང་འགྲོ་སྐྱོད་མི་ཆོག་པ་བཟོས་པ་དང་། ཁོ་མོའི་ལས་རོགས་སྨན་པ་ལཱི་ཝན་ལི་ལྟ་བུར་མཚོན་ན། ཏོགས་དབྱིབས་ནད་དུག་གི་ཁ་གཏད་གཅོག་གིན་ཝུ་ཧན་དུ་འདས་གྲོངས་གྱུར་པ་རེད། འཆི་མཁར་ཉལ་ཁྲིའི་སྟེང་ནས་ “སྤྱི་ཚོགས་བདེ་ཐང་སྐྲུན་པར་བསམ་ཚུལ་གཅིག་ཁོ་ནས་འགྲིགས་ཐབས་རྩ་བ་ནས་མེད།ˮ ཅེས་སྐད་གྲགས་ཆོད་པའི་གསུང་དུམ་འདི་བཤད་ཡོད།

རྒྱ་ནག་གི་ཁེ་ལས་པ་རན་ཏྲི་ཆང་གིས་ “རྒྱ་ཆེའི་མི་དམངས་ཀྱི་མངོན་དོད་ཚབ་མཚོན་ཐུབ་པའི་གསར་ལམ་མེད་པའི་རྐྱེན་གྱིས། དངོས་ཡོད་གནས་ཚུལ་ཁྱབ་སྤེལ་ཐུབ་མིན་གྱི་གནས་སྟངས་ཆགས་ཚེ། རྒྱ་ཆེའི་མང་ཚོགས་ཀྱི་མི་ཚེ་དག་ནད་འབུ་དང་ཆབ་སྲིད་ཀྱི་ལམ་ལུགས་ལོག་པ་ཅན་གཉིས་ཀས་ཕམ་ཉེས་གཏོང་ངེས་ཡིན།ˮ ཞེས་བྲིས་རྐྱེན་ཕྱི་ཟླ་ ༣ པའི་ཚེས་ ༡༢ ཉིན་ཁོང་གར་སོང་ཆ་མེད་དུ་འགྱུར་ཡོད། དེ་བཞིན་ཝུ་ཧན་གྲོང་ཁྱེར་གྱི་དངོས་ཡོད་གནས་སྟངས་ཇི་ཆགས་རང་དབང་གི་སྒོ་ནས་བརྗོད་ཐབས་བྱ་མཁན། སྙིང་སྟོབས་ཅན་གྱི་མང་ཚོགས་གསར་འགོད་ལས་རིགས་པ་ (Citizen Journalists) ཁྲན་ཆུ་ཧྲི་དང་ཧྥེང་པིན། ལཱི་ཙི་ཧུའ་བཅས་གསུམ་ད་ཆ་གར་སོང་ཆ་མེད་དུ་གྱུར་ཟིན།

སྲིད་འཛིན་ཞི་ཅིན་ཕིང་གི་འགོ་འཁྲིད་ཀྱི་ནུས་སྟོབས་ཉམས་ཉེས་ཕྱིན་པ་ལས་ལྷག་ཅིག འཁྲུག་ཆ་དོད་པའི་རྒྱ་ནག་སྐམ་ས་ཆེན་པོའི་ཆབ་སྲིད་ཀྱི་གཡོ་འགུལ་དེ་རེད། ན་གཞོན་སློབ་ཕྲུག་ཀྲང་ཝན་པིན་གྱིས་རང་ཉིད་དེ་སྔ་རྒྱ་ནག་དམར་ཤོག་ཚོགས་པའི་མཐུན་ཕྱོགས་དང་བཅོས་མིན་གྱི་རྒྱབ་སྐྱོར་བ་ཞིག་ནས་ཇི་ལྟར་དཔྱད་ཤེས་ལྡན་པའི་མི་སེར་ཞིག་ཏུ་གྱུར་ཚུལ་གྱི་བརྙན་ཐུང་ཁ་བརྡ་ (Video Message) ཞིག་ཉེ་ཆར་སྤེལ་གནང་འདུག་པའི་ནང་ “ངས་རྒྱ་ནག་གི་མེ་འགོག་གྱང་ཆེན་ (Great Fire Wall) འདི་ཚད་འཇལ་སྐབས། རྒྱ་ནག་དམར་ཤོག་ཚོགས་པས་འབྲུག་གི་སྡེར་མོ་དེ་འཛམ་གླིང་ས་ཕྱོགས་ཀུན་ལ་བརྐྱངས་བ་རིམ་པས་ཤེས་རྟོགས་བྱུང་། དེ་ཡང་བོད་མི་དང་ཧོང་ཀོང་། ཤིང་ཅང་གིས་གཙོས་མཉམ་སྦྲེལ་ཞིང་ལས།༼༡༩༥༠༽ (Collective Farming, 1950s) རིག་གནས་གསར་བརྗེ་ཆེན་མོ།༼༡༩༦༦༌༌༡༩༧༦༽ (The Cultural Revolution) གནམ་སྡེ་སྒོ་མོ་ཆེའི་དམར་གསོད་དོན་རྐྱེན།༼༡༩༨༩༽ (The Tiananmen massacre) དེ་བཞིན་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ། 《ཆོས་ཕྱོགས་ཀྱི་ལས་འགུལ།》 (Falun Gong, Spiritual Movement) བཅས་པར་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་ཡོད། འོན་ཀྱང་ཚང་མས་ལོང་བའི་རྟུལ་ཞུགས་འཛིན་ཏེ་མུ་མཐུད་རྒྱ་ནག་དམར་ཤོག་ཚོགས་པར་ཆེ་བསྟོད་ཀྱི་གླུ་དབྱངས་ལེན་པའི་གནས་བབས་དག་མཐོང་དུས། ངའི་སེམས་པ་བཟོད་གླགས་བྲལ་བའི་གནས་སུ་ལྷུང་སོང་།ˮ  ཞེས་གསུངས་འདུག རྙན་ཐུང་དེ་བཟོས་རྗེས་ཡུན་རིང་མ་འགོར་བར་ཀྲང་གར་སོང་ཆ་མེད་དུ་གྱུར་ཅིང་། ཁོང་གི་སེམས་མཐུན་གྲོགས་པོ་ཚོའི་སེམས་ཚབ་བྱེད་གཞི་གཙོ་བོ་ནི་རྒྱ་ནག་གི་གསང་བའི་སྤྱི་བདེ་མི་སྣས་ཁོང་ལ་བཅར་རྡུང་དང་དྲི་ཞིབ་བྱ་ངེས་པ་དེ་ཡིན་འདུག

ང་ཚོ་ཚང་མ་གཡོལ་བར་དཀའ་བའི་དངོས་ཡོད་གནས་བབས་གོ་ལ་རྒྱ་ཁྱབ་ཀྱི་ནད་ཡམས་འདིར་གདོང་ལེན་མི་བྱེད་དཀའ་མེད་ཀྱི་དུས་འདིར། གང་ཟག་གཅིག་གིས་མུ་མཐུད་སྲིད་དབང་གི་ཁ་ལོ་བསྒྱུར་བའི་རྒྱ་ནག་དམར་ཆོག་ཚོགས་པའི་དབང་འཛིན་འོག མི་དམངས་སྤྱིའི་འཕྲོད་བསྟེན་གྱི་གཙོས་ཕྱོགས་ཀུན་གྱི་འཚོ་བའི་གནས་བབས་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ཏེ་ཉེན་ཚབ་ཀྱི་གནས་སུ་གྱར། ལྷག་པར་ང་ཚོ་ཤེས་ཡོན་ཅན་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་ཕུགས་མདུན་ལ་ཡིད་ཆེས་བློ་གཏད་མི་བྱེད་རྒྱུ་དང་། ཁོང་ཚོའི་སྲིད་བྱུས་དེ་གཡོ་འགུལ་གཏོང་མི་ཐུབ་པ་རྒྱུ་མཚན་དུ་བྱས་ཏེ་ངོས་ལེན་རྩ་བ་ནས་བྱེད་མི་ཉན་ལ། དེ་བས་ང་ཚོས་གཞུང་འབྲེལ་མིན་པའི་རྒྱ་ནག་ (Unofficial China) གི་འབོད་སྒྲ་དེར་དམིགས་བསལ་དོ་སྣང་ཤུགས་ཆེ་གནང་དགོས་སྙམ།

འཇིགས་སྣང་གི་འོག་ཆབ་སྲིད་ཀྱི་ཁ་ལོ་བསྒྱུར་བའི་རྒྱ་ནག་དམར་ཤོག་ཚོགས་པ་འདི། རང་དབང་གི་བསམ་བློ་ལྡན་པའི་ཤེས་ཡོན་ཅན་རྣམ་པ་དང་། སྨན་པ་རྣམ་པ། ཁེ་ལས་པ་རྣམ་པ། མང་ཚོགས་གསར་འགོད་ལས་རིགས་པ་རྣམ་པ། སྤྱི་འབངས་ཀྱི་བདེ་སྡུག་ལ་དོ་འཁུར་བཞེས་མཁན་ཁྲིམས་རྩོད་པ་རྣམ་པ། གཞན་ཡང་ན་གཞོན་སློབ་ཕྲུག་རྣམ་པས་དུས་ནམ་ཡང་ངོས་ལེན་ཞུ་ཐབས་བྲལ་ལ། ཁྱེད་རྣམས་ཀྱང་དེ་ལྟར་ཡིན་ཤས་ཆེ།

ང་ཚོ་རྒྱལ་སྤྱིའི་ནང་དམངས་གྲགས་ (Public Figure) ཅན་གྱི་ཚོ་ཁག་དང་། བདེ་སྲུང་གི་སྲིད་བྱུས་དབྱེ་ཞིབ་པ། གཞན་ཡང་རྒྱ་ནག་ལྟ་ཞིབ་པ་ཞིག་ཡིན་པའི་ཆ་ནས། སྙིང་སྟོབས་དང་ཡང་དག་དཔྱོད་ཤེས་ལྡན་པའི་རྒྱ་ནག་གི་རྒྱ་ཆེའི་མི་དམངས་ཀྱིས་གཙོས་ཤུའུ་ཀྲང་རུན་དང་ཨེཡི་ཧྥན། ལཱི་ཝན་ལང་། རན་ཀྲི་ཆིང་། ཁྲན་ཆི་ཧྲི། ཧྥེང་པིན། ལཱི་ཙི་ཧུའ། ཤུའུ་ཀྲི་ཡོང་། ཀྲང་ཝན་པིན་ལ་སོགས། འདིར་ཉུང་ཤས་ཤིག་གི་མིང་སྨྲོས་པ་དང་མ་སྨྲོས་པ་ཚང་མས། རང་ཉིད་སྒེར་གྱི་བདེ་སྐྱིད་དང་རང་དབང་ལ་ཇི་མ་སྙམ་པར། ལུས་སྲོག་བློས་བཏང་གིས་རྒྱ་ནག་ནང་རང་དབང་སྒོ་འབྱེད་ཆེད། འབད་བརྩོད་གནང་མཁན་དོན་ནམ་གྱི་དཔའ་བོ་ཞེ་གཅིག་ཆགས་ཡོད་སྟབས་དུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན།

ཁོང་རྣམ་པ་སྒེར་གྱི་འབོད་སྒྲ་དེ། ད་ཆ་མགྲིན་དབྱངས་གཅིག་གྱུར་གྱི་འབོད་སྒྲ་ཞིག་ཏུ་འགྱུར་ཟིན། ཁོང་རྣམ་པའི་མངོན་འདོད་དང་དགོས་འདུན་ངོ་མ་ནི། དྲང་བདེན་གྱི་སྒོ་ནས་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་བྱུས་དེ་དག རྒྱ་ནག་དང་འཛམ་གླིང་མི་དམངས་ཐོག་བཟང་ངན་གྱི་ཤུགས་རྐྱེན་ཇི་ཆགས་ཡང་དག་དཔྱད་ཞིབ་མཐིལ་ཕྱིན་གནང་རེ་ཙམ་ལས་གཞན་གང་ཡང་མ་འདས། ང་ཚོའི་རེ་བར་ཁྱེད་རྣམས་ཀྱང་ཁོང་རྣམ་དང་ལྷན། མཉམ་ཞུགས་ཡོང་བའི་སྐུལ་འདེད་ཞུ་རྒྱུ་ཡིན།

མཆན།  ཡོངས་གྲགས་ཀྱི་གཏོང་ཡིག་འདི་སྲིད་དོན་པ་དང་ཁྲིམས་རྩོད་པ། ཤེས་ཡོན་ཅན། གྲོས་ཚོགས་ཀྱི་འཐུས་མི་བརྒྱ་སྐོར་ཞིག་ནས་མཚན་རྟགས་བསྐྱོན་ཏེ་བསྐུར་ཡོད།   མ་རྩོམ་གྱི་དྲ་ཐག https://hongkongfp.com/2020/04/14/open-letter-the-communist-partys-rule-by-fear-endangers-chinese-citizens-and-the-world/

འབྲེལ་ཡོད་གསར་འགྱུར།

Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༡༦ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༢༠ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༢
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese