མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐད་ཡིག་གཉིས་པའི་དགོས་མཁོ། བཅུ་པ།

བོད་ཀྱི་དུས་བབ།
༢༠༢༠/༠༥/༢༥
Share on FacebookShare on TwitterShare on EmailShare on Whatsapp

ནོར་བསམ།

སྐད་ཡིག་སློབ་ཚན་ནི་སློབ་ཚན་གཞན་དང་མི་འདྲ་བར་ང་ཚོས་མི་ཚེ་ཧྲིལ་པོར་བེད་སྤྱོད་བྱ་རྒྱུའི་སློབ་ཚན་གཅིག་ཡིན་པ་མ་ཟད། སྐད་ཡིག་ནི་སློབ་ཚན་གཞན་དང་བྱ་གཞག་གང་ཞིག་གསར་དུ་སྦྱོང་པའམ། ལག་བསྟར་བྱེད་སྐབས་སྒོ་མོ་ཕྱེ་བའི་ལྡེ་མིག་ལྟ་བུ་ཆགས་ཡོད། ཚན་རིག་དང་ཨང་རྩིས། སྤྱི་ཚོགས་ཚན་རིག་སོགས་སློབ་ཚན་གང་ཞིག་སྦྱོང་ནའང་། ཐོག་མར་སྐད་ཡིག་གི་གནས་ཚད་ཡག་པོ་ཡོད་དགོས། དཔེར་ན། ནང་ཆོས་གཏིང་ཟབ་པོ་སློབ་སྦྱོང་བྱེད་རྒྱུར་དེང་སྐབས་བོད་ཀྱི་སྐད་ཡིག་ཡག་ཤོས་ཡིན་པ་ཡོངས་གྲགས་སུ་ངོས་འཛིན་བྱེད་ཀྱི་ཡོད། དེ་བས་ནུབ་ཕྱོགས་ཡུལ་ཁག་ནང་ཚན་རིག་པ་སོགས་མི་སྣ་མང་པོས་ནང་ཆོས་ལ་གཏིང་གཟབ་ཤེས་རྒྱུར་བོད་ཀྱི་སྐད་ཡིག་སྦྱོང་གི་ཡོད།

ནུབ་ཕྱོགས་ཡུལ་ཁག་ལ་མི་རིགས་འདྲ་མིན་སྣ་ཚོགས་ཡོད་སྟབས་སྐད་ཡིག་དང་པོ་དང་། གཉིས་པ། གསུམ་པ་སོགས་སྦྱོང་མཁན་ཡོད་པ་བཞིན། ནུབ་ཕྱོགས་ཡུལ་ཁག་གི་བོད་ཕྲུག་ཚོས་ཀྱང་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ནང་ལ་བོད་ཀྱི་སྐད་ཡིག་ནི་སྐད་ཡིག་གཉིས་པའི་ངོ་བོར་སྦྱོང་གི་ཡོད། བོད་པས་རང་གི་ཕ་སྐད་སྐད་ཡིག་གཉིས་པའི་ངོ་བོར་སྦྱོང་དགོས་པའི་གནས་སྟངས་ཐོག་མར་མཐོང་ཐོས་བྱུང་མཁན་རྣམས་ལ་ཚོར་བ་སྐྱུར་མོ་བྱུང་ངེས་ལ། སྣ་ཁུག་ལ་ན་ཟུག་ཡང་གཏོང་སྲིད། འོན་ཀྱང་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་སྦྱོང་རྒྱུར་སྤྲོ་སྣང་ཡོད་པ་མཐོང་ཐུབ་ལ། དེ་བས་དགེ་རྒན་དང་ཕ་མ་ཚོས་བོད་ཀྱི་སྐད་ཡིག་ལ་དུང་ཞེན་གཟབ་མོ་ཡོད་པ་མཐོང་ཐུབ།

ཐེངས་ཤིག་ཕྲན་གྱིས་ཕྱི་རྒྱལ་ཡུལ་ཁག་གི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་དགེ་རྒན་ཁ་ཤས་ཀྱིས་ཡིག་ཚད་གཏོང་ཕྱོགས་སྐོར་བགྲོ་གླེང་གནང་བ་ཉན་རྒྱུའི་གོ་སྐབས་བྱུང་། དགེ་རྒན་ཁ་ཤས་རྒྱ་གར་ནང་ལ་དགེ་རྒན་གྱི་ཕྱག་ལས་གནང་མྱོང་ཡོད་སྟབས་རྒྱ་གར་གྱི་སློབ་གྲྭ་ཁག་ལ་ཡིག་ཚད་གཏོང་སྲོལ་ཡོད་པ་ལྟར་ལོ་གཅིག་ལ་ཡིག་ཚད་ཐེངས་གཉིས་གསུམ་བཏང་ནས་འགྲོ་དགོས་པ་གསུངས་པ་དང་། ད་དུང་ཕྲད་དང་རྣམ་དབྱེའི་གྲངས་འདྲེན་ཙམ་ལས་སྐད་ཡིག་གི་རྩལ་བཞི་བཤད་འབྲི་ཉན་བཤད་ཀྱི་ཡར་རྒྱས་ཇི་བྱུང་གི་ཤེས་ཚད་འཇལ་ཐབས་རྒྱུན་དུ་གནང་གི་མེད་པའི་མཐོང་སྣང་ཕྲན་བུ་བྱུང་། འོན་ཀྱང་། ཕྲན་གྱིས་མཐོང་བ་ནི་དགེ་རྒན་རེ་ཟུང་གི་བཀའ་མོལ་ཡིན་སྟབས་ཚང་མ་དེ་ལྟར་ཡིན་པ་བརྗོད་ཀྱི་མེད་ལ། བརྗོད་མི་ཐུབ་པས་གསན་འཇོག་མ་ནོར་བའི་རེ་བ་དང་གལ་སྲིད་ནོར་ཡོད་ན་དགོངས་སེལ་སྔོན་ཚུད་ནས་ཞུ་གི་ཡོད།

འོ་ན། སྐད་ཡིག་དང་སྐད་ཡིག་གཉིས་པ་སློབ་ཁྲིད་གནང་སྐབས་སློབ་ཕྲུག་གི་ཤེས་ཚད་ཇི་ལྟར་འཇལ་དགོས་པ་དང་། སློབ་ཁྲིད་ཡོ་ཆས་ག་རེ་བེད་སྤྱོད་བྱ་དགོས་སམ། ད་ལན་ཕྲན་གྱིས་སྐད་ཡིག་གི་ཤེས་ཚད་ཇི་ལྟར་འཇལ་དགོས་པ་དང་། སློབ་ཁྲིད་ཡོ་ཆས་གང་འདྲ་དགོས་པའི་ཐོག་ཕྲན་ཙམ་ཞུ་འདུན་བྱུང་པས་ཀློག་མཁན་རྣམ་པར་དོགས་སློང་ཙམ་ཞིག་ཡོང་རེ་ལས་མཐའ་ཅིག་ཕན་ཐོགས་ཡོང་གི་རེད་ཅེས་བརྗོད་མི་ཐུབ་པ་དེ་སྔའི་རྩོམ་ཡིག་ཁག་ནང་བརྗོད་པ་བསྐྱར་དུ་ཞུ་གི་ཡོད།

དགེ་རྒན་རྣམ་པས་རྒྱུན་དུ་སློབ་ཕྲུག་གི་སྐད་ཡིག་ཤེས་ཚད་དང་། དོ་དབྱིངས། སློབ་སྦྱོང་བྱེད་སྟངས། ལོ་ཚད་སོགས་ལ་རྒྱུས་ལོན་གསལ་པོ་ཐུབ་པ་དགོས་རྒྱུ་ནི་རྨང་གཞི་གལ་ཆེན་ཆགས་ཡོད། སློབ་ཕྲུག་གི་ཤེས་ཚད་རྒྱུས་ལོན་བྱེད་པར་ཐབས་ལམ་དང་། བརྒྱུད་རིམ་འདྲ་མིན་གང་དག་ཡོད་དམ། སློབ་ཕྲུག་གི་ཤེས་ཚད་རྒྱུས་ལོན་བྱེད་པར་ལོ་འཁོར་དང་སློབ་དུས་སོ་སོར་གཏོང་སྲོལ་ཡོད་པའི་ཡིག་ཚད་དང་། རྒྱུན་དུ་ཤེས་ཚད་ལ་རྒྱུས་ལོན་བྱེད་རྒྱུར་སྦྱོང་ཚན་དང་། འཛིན་གྲྭའི་ནང་དོ་སྣང་བྱེད་ཕྱོགས་དང་སྦྱང་འབྲས་ལ་བརྒྱ་ཆ་སྤྲོད་སྲོལ་ཡོད་པ་སོགས་ཐབས་ལམ་མི་འདྲ་བ་མང་པོ་ཡོད་པ་རྣམས་ལ་རྒྱུས་ལོན་ཡག་པོ་དགོས་པ་མ་ཟད། སློབ་ཁྲིད་ཀྱི་ཡོ་ཆས་གང་འདྲ་བེད་སྤྱོད་གཏོང་དགོས་པའི་ཐད་ལ་ཡང་རྒྱུས་མངའ་ཡོད་དགོས། སློབ་ཆས་ནི་སློབ་ཁྲིད་སྐབས་ལ་བེད་སྤྱོད་གཏོང་བ་ཙམ་མིན་པར་སློབ་ཕྲུག་གི་ཤེས་ཚད་རྒྱུས་ལོན་བྱེད་སྐབས་སུ་ཡང་བེད་སྤྱོད་གཏོང་དགོས། དགེ་རྒན་རྣམ་པས་སློབ་ཁྲིད་ཡོ་ཆས་བེད་སྤྱོད་གཏོང་སྐབས་གཙོ་བོ་ཁྲིད་གཞིའི་སློབ་ཚན་དང་འབྲེལ་བ་ཡོད་མེད་གཟིགས་དགོས་ལ། དེ་ལས་གལ་ཆེ་བ་ནི་སློབ་ཕྲུག་གི་སེམས་ཁམས་དང་། ལོ་ཚད། དོ་དབྱིངས་དང་འཚམས་མིན་གཟིགས་དགོས། ད་དུང་དགེ་རྒན་རང་ངོས་ནས་སློབ་ཁྲིད་ཡོ་ཆས་སྐོར་ལ་ཐུགས་སྣང་ཙམ་མིན་པར་སློབ་སྦྱོང་དང་སྦྱོང་བརྡར་། གསར་བཟོ། དངོས་གཞིའི་སློབ་ཁྲིད་མ་གནང་སྔོན་ལ་ཚོད་བལྟ་གནང་རྒྱུ་གལ་ཆེན་ཆགས་ཡོད། དམིགས་བསལ་སྐད་ཡིག་དགེ་རྒན་ཞིག་དང་། སྐད་ཡིག་གཉིས་པ་སློབ་ཁྲིད་གནང་མཁན་དགེ་རྒན་ཞིག་ཡིན་ན་དེ་མཚུངས་ཀྱི་སློབ་ཁྲིད་ཡོ་ཆས་གང་དགོས་པ་འཚོལ་ཞིབ་དང་། གསར་གཏོད། དེ་བཞིན་སློབ་ཚན་ཁྲིད་སྐབས་བེད་སྤྱོད་ཚད་ལྡན་དང་ནུས་པ་ལྡན་པ་ཡོང་ཐབས་སུ་དགེ་རྒན་རང་ངོས་ནས་སློབ་སྦྱོང་དང་། སྦྱོང་བརྡར་། ཚོད་བལྟ་གནང་རྒྱུ་ཧ་ཅང་གལ་ཆེར་མཐོང་།

སྐད་ཡིག་དགེ་རྒན་ཚོས་སློབ་ཕྲུག་གི་སྐད་ཡིག་གི་ཤེས་ཚད་ཤེས་རྟོགས་ཡོང་ཐབས་སུ་ཡིག་ཚད་དམ་ཤེས་ཚད་རྒྱུས་ལོན་གྱི་ཐབས་ལམ་གང་ཞིག་བེད་སྤྱད་ནའང་། གཙོ་བོ་སློབ་ཕྲུག་གིས་སྐད་ཡིག་གི་རྩལ་བཞི་སྟེ་འབྲི་ཀློག་ཉན་བཤད་ཀྱི་ཤེས་ཚད་ལ་རྒྱུས་ལོན་གནང་རྒྱུ་མ་བརྗེད་པ་གནང་དགོས། དགེ་རྒན་ཁ་ཤས་ཀྱིས་ཕྲད་རྣམ་དབྱེའི་གྲངས་འདྲེན་དང་། སྦྱོར་ཚུལ་ངོས་འཛིན་ཐུབ་པ་ཙམ་གྱིས་བོད་ཀྱི་བརྡ་སྤྲོད་ཤེས་པར་ངོས་འཛིན་བྱེད་མཁན་དངོས་སུ་མཐོང་མྱོང་ལ། ཕ་མ་རེ་ཟུང་གིས་ཕྲུ་གུ་ཚོ་རིག་པ་དང་དྲན་ཤེས་བརྟན་པས་ཕྲད་རྣམ་དབྱེ་བློ་འཛིན་གྱིས་ངག་སྐྱོར་ཐུབ་ནའང་། བོད་སྐད་བཤད་ཉན་མི་ཤེས་པ་དང་། བོད་ཡིག་འབྲི་ཀློག་མི་ཤེས་པ་བརྗོད་མཁན་འདུག དེ་བཞིན་སྐད་ཡིག་གི་ཤེས་ཚད་འཇལ་སྐབས་གནས་སྟངས་ལ་གཞིགས་ནས་ཐབས་ལམ་གཅིག་མ་ཡོང་ན་གཞན་ག་རེ་བེད་སྤྱོད་གཏོང་དགོས་པ་ངོ་འཕྲོད་པ་དང་། ཤེས་ཚད་འཇལ་སྐབས་སློབ་ཁྲིད་ཡོ་ཆས་ག་རེ་བེད་སྤྱོད་གཏོང་དགོས་པ་དང་བེད་སྤྱོད་ཇི་ལྟར་གཏོང་དགོས་མིན་མཁྱེན་དགོས་པ་མ་ཟད། དགེ་རྒན་རང་ངོས་ནས་སློབ་ཁྲིད་ཡོ་ཆས་གསར་བཟོ་གནང་དགོས་པ་གལ་ཆེན་ཆགས་ཡོད། ཕྲན་དེ་ལྟར་བརྗོད་སྐབས་ཉམས་མྱོང་ལྡན་པའི་དགེ་རྒན་མང་པོ་ཞིག་གིས་གནང་མྱོང་བ་དང་། མཁྱེན་པ་ཤ་སྟག་ཡིན་སྟབས་དགད་མོ་ཤོར་སྲིད་ཀྱང་། ཕྲན་གྱིས་རང་ཉིད་འདྲ་བའི་དགེ་རྒན་ལས་དང་པོ་བ་རྣམས་ལ་ཅུང་ཟད་ཕན་རེས་བྲིས་པ་ཡིན་སྟབས་དགོངས་བཞེས་གནང་རོགས།

དུས་རྒྱུན་འཛིན་ཁང་ནང་ལ་སློབ་ཁྲིད་གནང་བའི་སྐབས་སུ་དགེ་རྒན་གྱིས་བཤད་རྐྱང་མིན་པར་སློབ་ཕྲུག་ལ་བཤད་ཉན་འབྲི་ཀློག་གི་གོ་སྐབས་མང་པོ་སྤྲོད་དགོས་པ་དང་། སློབ་ཕྲུག་གི་ཤེས་ཚད་འཇལ་སྐབས་སུ་ཡང་སྔ་མོའི་ལུགས་སྲོལ་ལྟར་དྲི་ཤོག་ཐོག་ལན་འདེབས་བྱ་རྒྱུ་ཙམ་མིན་པར་བཤད་རྩལ་དང་། ཉན་རྩལ་སོགས་བྱེད་སྒོ་འདྲ་མིན་ཐོག་ནས་ཤེས་ཚད་འཇལ་དགོས། དེ་ཡང་སློབ་ཁྲིད་དང་། ཡིག་ཚད་སྐབས་སུ་བྱེད་སྒོ་འདྲ་མིན་སྣ་ཚོགས་སྤེལ་དགོས་པ་ལས་ཡིག་ཐོག་གི་དྲི་བ་དྲི་ལན་ཙམ་དང་། བར་སྟོང་བསྐོངས་རྒྱུ་ཙམ་གྱིས་སློབ་ཕྲུག་གི་ཤེས་ཚད་གོང་མཐོར་སྤེལ་བ་དང་། ཤེས་ཚད་རྒྱུས་ལོན་བྱེད་པར་ནུས་པ་ཆེན་པོ་ཐོན་མི་ཐུབ། བྱེད་སྒོ་འདྲ་མིན་བརྒྱུད་སློབ་ཁྲིད་བྱེད་ཐུབ་ན་སློབ་ཕྲུག་རྣམས་ཉོབ་སྣང་མི་སྐྱེ་བ་དང་། སྐད་ཡིག་གི་རྩལ་བཞི་ཡར་རྒྱས་འགྲོ་བར་ནུས་པ་ཆེན་པོ་ཐོན་ཐུབ་པ་ཞིབ་འཇུག་ལམ་ནས་གསལ་སྟོན་བྱུང་ཡོད།

འབྲེལ་ཡོད་རྩོམ་ཡིག

སྐད་ཡིག་གཉིས་པའི་དགོས་མཁོ། དང་པོ།
སྐད་ཡིག་གཉིས་པའི་དགོས་མཁོ། གཉིས་པ།
སྐད་ཡིག་གཉིས་པའི་དགོས་མཁོ། གསུམ་པ།
སྐད་ཡིག་གཉིས་པའི་དགོས་མཁོ། བཞི་པ།
སྐད་ཡིག་གཉིས་པའི་དགོས་མཁོ། ལྔ་པ།
སྐད་ཡིག་གཉིས་པའི་དགོས་མཁོ། དྲུག་པ།
སྐད་ཡིག་གཉིས་པའི་དགོས་མཁོ། བདུན་པ།
སྐད་ཡིག་གཉིས་པའི་དགོས་མཁོ། བརྒྱད་པ།
སྐད་ཡིག་གཉིས་པའི་དགོས་མཁོ། དགུ་པ།

 

མུ་འགོད།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

ཆུ་ཚོད་ ༢༢ སྔོན་ལ།
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

༢༠༢༦/༡༠/༢༩
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese