མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧོང་ཀོང་བདེ་སྲུང་ཁྲིམས་ཡིག་ཟེར་བ་བཏོན་ཏེ་དཀའ་རྙོག་བསླངས།

བོད་ཀྱི་དུས་བབ།
༢༠༢༠/༠༥/༢༥
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་གི་གནད་ཡོད་མི་སྣ་དང་གྲོས་ཚོགས་འཐུས་མི་༢༠༠ ལྷག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐོག་ཧོང་ཀོང་དང་འབྲེལ་བའི་བཙན་གནོན་ཁྲིམས་ཡིག་བཏོན་པར་སྐྱོན་བརྗོད་ཀྱི་ཡོངས་ཁྱབ་བསྒྲགས་གཏམ་སྤེལ།རྒྱ་ནག་གཞུང་གིས་ཐེངས་འདིའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྐབས་ ༡༣ པའི་གྲོས་ཚོགས་ཚོགས་ཐེངས་ ༣ པའི་ཐོག ཧོང་ཀོང་དང་འབྲེལ་བའི་བདེ་སྲུང་ཁྲིམས་ཡིག་བཏོན་པར་བརྟེན། ་ཁ་སང་ཕྱི་ཚེས་ ༢༤ ཉིན་ཧོང་ཀོང་གི་གྲོང་ཁྱེར་ལྟེ་བར་དམངས་གཙོ་དོན་གཉེར་བ་སྟོང་ཕྲག་མང་པོས་ཁྲིམས་འཆར་དེར་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་བྱེད་སྐབས། ཧོང་ཀོང་ཉེན་རྟོག་པས་ལས་འགུལ་བའི་ཐོག་མིག་ཆུའི་དུག་རླངས་གཏོར་ཡོད་པ་མ་ཟད། ཁྲིམས་མཐུན་མ་ཡིན་པའི་འདུ་འཛོམས་ནང་ཞུགས་པའི་ཉེས་མིང་འོག་ལས་འགུལ་བ་ ༡༢༠ འཛིན་བཟུང་བྱས་ཡོད་འདུག

རྒྱ་ནག་གཞུང་གིས་འདས་ལོའི་ཧོང་ཀོང་གི་ཁྲིམས་རྒོལ་ལས་འགུལ་ལྟ་བུའི་རིགས་བཀག་འགོག་སྟངས་འཛིན་བྱ་རྒྱུར་དམིགས་པའི་ཁྲིམས་ཡིག་དེར། ཨ་རི་གཙོས་པའི་དབྱིན་ཡུལ་དང་། ཨོ་གླིང་། ཁེ་ན་ཌ་བཅས་ནས་བློ་འཚབ་དང་སྐྱོན་བརྗོད་དྲག་པོ་ཡོང་གི་ཡོད་ཅིང་། ཁ་སང་རྒྱལ་ཁབ་ ༢༣ གྱི་ཆབ་སྲིད་མགོ་འཁྲིད་རྒན་གྲས་དང་གྲོས་ཚོགས་འཐུས་མི་ ༡༨༦ ལྷག་གིས་མཉམ་འབྲེལ་ཐོག་ནས་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་ཏེ། ཁྲིམས་ཡིག་དེ་ནི་རྒྱ་གཞུང་དང་དབྱིན་གཞུང་གིས་མཉམ་འབྲེལ་ཐོག་བཞག་པའི་ཕྱི་ལོ་ ༡༩༩༧ ལོའི་ཡོངས་ཁྱབ་གསལ་བསྒྲགས་དང་འགལ་ཟླར་གྱུར་ཡོད་ལ། གལ་ཏེ་ཁྲིམས་ཡིག་དེ་གཏན་འབེབ་བྱུང་ཚེ་ཧོང་ཀོང་ནང་མང་ཚོགས་ཀྱི་གཞུང་རྒོལ་ལས་འགུལ་སྔར་བས་ཤུགས་ཆེ་བ་འབུད་ངེས་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག

ཧོང་ཀོང་ནང་ངོ་རྒོལ་ལས་འགུལ་བསྐྱར་ལོག་ཡོང་རྒྱུར་ཞེད་སྣང་གིས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐོག་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་ཡིས། ཁྲིམས་ཡིག་གསར་པ་དེ་རྒྱལ་ཁབ་མགོ་རྟིང་སློག་པ་དང་། གྱེན་ལོག་གིས་མཚོན་པའི་བདེ་སྲུང་ལ་གནོད་པའི་བྱ་སྤྱོད་ཁག་བཀག་འགོག་ཆེད་ཡིན་པ་ལས། ཧོང་ཀོང་གི་ཚད་མཐོའི་རང་སྐྱོང་དང་། ཧོང་ཀོང་མི་མང་གི་ཐོབ་ཐང་དང་རང་དབང་། ཧོང་ཀོང་གི་ཕྱིའི་ཚོང་གཉེར་བའི་ཁེ་དབང་བཅས་ལ་དོ་ཕོག་གང་ཡང་ཐེབས་རྒྱུ་མིན་སྐོར་དང་། ད་ལན་གྱི་ཁྲིམས་ཡིག་འདིས་ཧོང་ཀོང་གི་ཁྲིམས་སྲོལ་ཡར་རྒྱས་བཏང་སྟེ། ཧོང་ཀོང་གྲོང་ཁྱེར་གྱི་བརྟན་བརླིང་དང་ཁྲིམས་ཀྱི་དབང་བསྒྱུར་སྲ་བརྟན་བཟོ་རྒྱུར་དམིགས་ཡོད་སྐོར་བརྗོད་ཡོད་འདུག དེར་མཚུངས་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤྱི་ཁྱབ་ཁེ་རི་ལེམ་གྱིས་ཀྱང་ཁྲིམས་ཡིག་དེ་གང་མགྱོགས་གཏན་འབེབ་ཡོང་རྒྱུར་མོས་མཐུན་ཡོད་སྐོར་བརྗོད་ཡོད་འདུགཁ་སང་ཨེན་བྷི་སི་ (NBC) གསར་ཁང་ལ་ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་རོ་བྷར་ཊི་ཨོ་བྷེ་རེན་(Robert O’brien) གྱིས་ཁྲིམས་ཡིག་དང་འབྲེལ་ནས་ ཕར་བལྟས་ན་རྒྱ་ནག་གིས་བདེ་སྲུང་ཁྲིམས་ཡིག་དེ་ཧོང་ཀོང་རང་གི་སྟངས་འཛིན་འོག་སླེབས་ཆེད་བཟོས་པ་ཞིག་རེད། གལ་ཏེ་རྒྱ་ནག་གཞུང་གིས་དེ་ལྟར་བྱས་ཚེ། ཨ་རིའི་རྒྱལ་སྲིད་དྲུང་ཆེ་པོམ་པིའོ་( Mike Pompeo) ཡིས་ཧོང་ཀོང་ལ་ཚད་མཐོའི་རང་སྐྱོང་ཡོད་པའི་ངོས་འཛིན་བྱེད་ཐབས་མེད་ཅིང་། དེའི་རྐྱེན་པས་ཨ་རིས་རྒྱ་ནག་དང་ཧོང་ཀོང་ཐོག་དཔལ་འབྱོར་ཉེས་ཆད་འགེལ་སྲིད་པ་རེད། ཅེས་བརྗོད་ཡོད་འདུག འདས་ལོའི་ཧོང་ཀོང་གི་ཁྲིམས་རྒོལ་ལས་འགུལ་ཁྲོད་རྒྱ་ནག་དང་ཧོང་ཀོང་གཞུང་གིས་ལས་འགུལ་བའི་ཐོག་དྲག་གནོན་ཤུགས་ཆེར་བྱས་པའི་རྐྱེན་གྱིས། འདི་ལོར་ཨ་རིའི་གཞུང་གིས་ཧོང་ཀོང་གི་རྒྱབ་སྐྱོར་ཁྲིམས་ཡིག་(Hong Kong Support act of  2019) གཏན་འབེབ་གནང་སྟེ། ཁྲིམས་ཡིག་དེའི་དགོངས་དོན་གཞིར་བཟུང་ཨ་རིའི་འཛིན་སྐྱོང་ངོས་ནས་ལོ་ལྟར་ཧོང་ཀོང་གི་རང་སྐྱོང་གནས་བབ་ལ་ཞིབ་འཇུག་བྱེད་དགོས་ཤིང་། གལ་ཏེ་རང་སྐྱོང་མེད་ཚེ་ཧོང་ཀོང་གི་དམིགས་བསལ་ཚོང་དོན་གནས་བབ་ཕྱིར་འཐེན་བྱེད་དགོས་ཀྱི་ཡོད་པ་རེད།

འདས་ལོའི་ཕྱི་ཟླ་ ༦ ཚེས་ ༩ ཉིན་མགོ་བརྩམས་པའི་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་འཆར་དེ་ཉིད་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་གནས་སྐབས་རིང་མཚམས་བཞག་ཡོད་ཀྱང་། ཉེ་ཆར་བདུན་ཕྲག་གཅིག་ཙམ་གོང་ཧོང་ཀོང་ཉེན་རྟོག་པས་གྲོང་ཁྱེར་གྱི་དམངས་གཙོ་དོན་གཉེར་བའི་མི་སྣ་གྲགས་ཆེན་མི་ཉུང་བ་འཛིན་བཟུང་བྱས་པའི་རྐྱེན་གྱིས་ཁྲོམ་སྐོར་ལས་འགུལ་བསྐྱར་དུ་བསླངས། ཡིན་ནའང་ཧོང་ཀོང་གཞུང་གིས་ཏོག་དབྱིབས་ནད་ཡམས་ལ་ཁག་དཀྲིས་ཏེ་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༤ བར་མི་མང་འདུ་འཛོམས་རིགས་བྱ་མི་ཆོག་པའི་བཀའ་བསྒྲགས་པར་བརྟེན། དམངས་གཙོ་དོན་གཉེར་བའི་ཁྲོད་ཧོང་ཀོང་གཞུང་གིས་ཏོག་དབྱིབས་ནད་ཡམས་ཁ་ལ་ཁྱེར་ཏེ་སྨྲ་བརྗོད་དང་འདུ་འཛོམས་རང་དབང་རྡོག་རོལ་གཏོང་བཞིན་ཡོད་པ་མ་ཟད། ལྷག་པར་དུ་ལོ་ལྟར་འཚོག་བཞིན་པའི་གནམ་བདེ་སྒོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་རྗེས་དྲན་ལས་འགུལ་ལ་དམ་དྲག་བྱ་ཆེད་ཡིན་སྐོར་སྐྱོན་བརྗོད་བྱས་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་རྒྱ་ནག་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱིས་ད་ཐེངས་ཀྱི་བདེ་འཇགས་ཁྲིམས་ཡིག་གི་འཆར་ཟིན་ལ་འོས་ཤོག་འཕངས་རྗེས། འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ནས་མཐའ་མའི་ཐག་གཅོད་བརྒྱུད། འདི་ལོའི་ཕྱི་ཟླ་ ༦ པའི་མཇུག་ཏུ་ཁྲིམས་ཡིག་ཏུ་གཏན་འབེབ་བྱ་རྒྱུ་ཡིན་སྐོར་བཀོད་ཡོད་འདུག སྤྱིར་ཕྱི་ལོ་ ༢༠༠༣ ལོར་ཧོང་ཀོང་གཞུང་གིས་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ཀྱི་དགོངས་དོན་གཞིར་བཟུང་། བདེ་འཇགས་ཁྲིམས་ཡིག་གཏན་འབེབ་བྱེད་སྐབས་མང་ཚོགས་འབུམ་ ༥ ལྷན་འཛོམས་ཀྱིས་རྔམ་སྟོན་ཁྲོམ་སྐོར་ལས་འགུལ་ཤུགས་ཆེར་སྤེལ་བའི་རྐྱེན་གྱིས་གནས་སྐབས་ཕྱིར་འཐེན་མ་བྱེད་ཀ་མེད་ཆགས་ཡོད། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་མང་པོས་ཁྲིམས་ཡིག་དེ་ནི་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་མཐའ་མ་ཡིན་སྐོར་གྱི་སྐྱོན་བརྗོད་དྲག་པོ་བྱས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Nepalese police stand guard at the premises of the Boudhanath Stupa after a Tibetan monk self-immolated in Kathmandu on February 13, 2013. © 2013 Reuters
Mobile App

རྒྱ་ནག་གཞུང་གིས་བལ་ཡུལ་ནང་ཡོད་པའི་བོད་མི་རྣམས་ལ་སོ་ལྟ་བྱེད་བཞིན་འདུག

ཆུ་ཚོད་ ༢༢ སྔོན་ལ།
tibettimes
Mobile App

ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༢༤ སྔོན་ལ།
Advertisement for App

ཨོ་ཌི་ཤ་མ་ཧ་གུ་རུ་པདྨ་འབྱུང་གནས་ཀྱི་སྨོན་ལམ་ཚོགས་ཐེངས་གཉིས་པའི་གསལ་བསྒྲགས།

༢༠༢༥/༡༢/༢༢
Mobile App

བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་དང་། དྲྭ་ཐོག་གནས་ཚུལ་ལོག་སྤེལ་གྱི་ཉེན་ཁ།

༢༠༢༥/༡༢/༢༠
༧སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་མོན་ཡུལ་མི་མང་གིས་གོ་སྒྲིག་ཞུས་པའི་༧གོང་ས་མཆོག་གི་གོ་སྟོན་སྲུང་གཙིའི་སྐབས་གསུང་བཤད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༠༧།༠༩།༢༠༢༤
Mobile App

༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གི་དགོངས་རྫོགས་མཆོད་འབུལ་སྨོན་ལམ་འཚོགས།

༢༠༢༥/༡༢/༡༩
བོད་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་ལྔས་རྒྱ་གཞུང་ལ་ངོ་རྒོལ་བྱས། ༢༠༢༥།༡༢།༡༩ དུས་བབ་ཀྱི་པར།
Mobile App

བོད་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་ལྔས་རྒྱ་གཞུང་ལ་དགོས་འདུན་དོན་ཚན་ལྔ་བཏོན་ཏེ་མཚན་རྟགས་བསྡུ་བཞིན་འདུག

༢༠༢༥/༡༢/༡༩

མཆན། 1

  1. Sonam Gyaltsen says:
    ལོ་ 6 སྔོན།

    Wao ! People of Hong Kong ?? Good ? Good ?. Get Up Stand Up, Stand Up For You Right. Carie Lam Shame Shame. What happens British ? British What is Silence For ! Is Carie Lam & Borris Johnson China’s Dog ? ?

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese