མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་བཙུན་མ་ཞིག་ཐུགས་དམ་བཞུགས།

བོད་ཀྱི་དུས་བབ།
༢༠༢༠/༠༥/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་དུ་བོད་པའི་བཙུན་པ་བསྟན་འཛིན་ཆོས་སྒྲོན་ལགས་འདས་གྲོངས་སུ་ཕྱིན་རྗེས་ཐུགས་དམ་བཞུགས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༢༢ ཉིན། རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ། ལོ་མང་རིང་སྒྲུབ་པ་ཉམས་ལེན་དང་བསྙེན་མཚམས་ལ་བཞུགས་པའི་བོད་པའི་བཙུན་མ་བསྟན་འཛིན་ཆོས་སྒྲོན་ལགས་འདས་གྲོངས་སུ་ཕྱིན་རྗེས་ཐུགས་དམ་ལ་བཞུགས་ཡོད་འདུག

འདི་གའི་གསར་འགོད་པས་བཙུན་མ་ཁོང་གི་སྤུན་མཆེད་བྱང་ཆུབ་སྒྲོལ་མ་ལགས་སུ་གནས་ཚུལ་དེའི་སྐོར་དྲིས་པར་ཁོང་གིས། བཙུན་མ་བསྟན་འཛིན་ཆོས་སྒྲོན་ལགས་ཕྱི་ཚེས་ ༢༢ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠ ཙམ་པ་འདས་གྲོངས་སུ་སོང་ཡོད་པ་དང་། སྤྱིར་ཁོང་མོར་དེ་སྔ་ནས་ཁྲག་ཤེད་དང་གྲིབ་སྐྱོན་ཕོག་པ་སོགས་ཀྱི་ན་ཚ་ཞིག་ཡོད་པ་དང་། ཉིན་དེར་སྲོག་རླུང་མ་འདང་བ་སོགས་ཀྱི་གནས་ཚུལ་བྱུང་སྟབས། ཛ་དྲག་ངང་ས་གནས་སྨན་ཁང་དུ་འཁྱེར་ན་ཡང་དུས་ཚོད་ཅུང་ཙམ་ལས་མ་བསྡད་པར་སྨན་ཁང་དུ་འདས་གྲོངས་སུ་ཕྱིན། ཞེས་བརྗོད་བྱུང་།

ཡང་བཙུན་མ་ཁོང་འདས་གྲོངས་སུ་ཕྱིན་རྗེས་ཀྱི་ཐུགས་དམ་རྣམ་པ་སོགས་ག་འདྲ་ཡོད་པའི་སྐོར་ལ་ཁོང་གིས། སྐུ་གཤེགས་པ་དང་ཐུགས་དམ་ལ་བཞུགས་ཡོད་པ་མ་ཟད། སྐུ་ཕུང་ཕྱིར་ཁྱིམ་དུ་གདན་འདྲེན་ཞུས་རྗེས། སྐུ་ཕུང་གི་ཉེ་འཁོར་ལ་ཙན་ཏན་གྱི་དྲི་བསུང་ལྟ་བུ་ཚུལ་ཁྲིམས་ཀྱི་དྲི་བཟང་ཞིག་འཁོར་བ་སོགས་བྱེད་པ་དང་། དྲི་བཟང་དེ་དུས་རྒྱུན་དུ་ཡོད་པ་ཞིག་མིན་པར་མཚམས་མཚམས་རེར་ཁྱབ་ཡོང་བ་ཞིག་ཡིན་པ་དང་། དེ་བཞིན་ཐུགས་དམ་ལས་གྲོལ་རྗེས་གཉན་ཅོག་གཡས་པའི་ནང་བྱང་སེམས་དཀར་པོ་དང་། སྣ་གཡས་པའི་ནང་བྱང་སེམས་དམར་པོ་འབབ་པ་སོགས་བྱུང་སོང་། ཞེས་བརྗོད་བྱུང་།
ཡང་མོས་མུ་མཐུད་ཨ་ནེ་ཁོང་ལ་མཚོན་ན་ནམ་རྒྱུན་ནས་སྒྲུབ་པ་ཉམས་ལེན་ཁོ་ནར་འབད་མཁན་ཞིག་ཡིན་པ་དང་། ནམ་རྒྱུན་ནས་སྐད་ཆ་སོགས་མང་པོ་མི་བཤད་པར་སྒྲུབ་པ་ཉམས་ལེན་ཁོ་ནར་འབད་པ་དང་།འདས་གྲོངས་སུ་ཕྱིན་ཁར་ཞལ་ཆེམས་ལྟ་བུ་གང་ཡང་མེད་པ་མ་ཟད་སྐུ་གཤེགས་ཁར་གཟུང་སྔགས་ཤིག་འདོན་བཞིན་ཡོད་པ་དང་། སྤྱིར་ལོ་འདིར་གཙོ་བོ་ཁོང་མོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་བརྟན་ཆེད་མཚམས་ལ་བཞུགས་ནས་བསྡད་ཡོད་པ་རེད། ཅེས་བརྗོད་བྱུང་།

བཙུན་མ་བསྟན་འཛིན་ཆོས་སྒྲོན་ལགས་ནི་ཕ་ཡུལ་བོད་བྱང་གནམ་རོལ་རྫོང་ནས་ཡིན་པ་དང་། ཁོང་མོ་བོད་དུ་ཡོད་སྐབས་འཆི་མེད་གླིང་བཙུན་དགོན་ནས་ཡིན་པ་དང་། དེའི་རྗེས་རྒྱ་གར་དུ་ཕེབས་རྗེས་འདས་པའི་མི་ལོ་ ༤༤ ཙམ་རིང་གནས་མཆོག་མཚོ་པདྨར་བསྙེན་མཚམས་ལ་བཞུགས་པ་སོགས་སྒྲུབ་པ་ཉམས་ལེན་ཁོ་ནར་གཞོལ་ནས་བཞུགས་ཡོད་པ་དང་། ཕྱི་ཟླ་ ༦ ཚེས་ ༤ ཉིན་ཁོང་མོའི་སྤུ་ཕུང་ཞུགས་འབུལ་གནང་གི་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༩ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༠ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༠ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

མཆན། 1

  1. ཀུང་བཟང་ལྷ་མོ། says:
    ལོ་ 6 སྔོན།

    ད་ཉམས་ལེན་ཡག་པོ་ཡོད་ན་ཕོ་མོ་འདྲ་འདྲ་ནང་ལ་མི་འདྲ་བ་འདི་འདྲ་ཡོད་རེད།དེང་སང་གི་གྲ་སའི་མཁན་པོ་ཞིང་ལ་ཕེབས་དུ་ཀྱང་འདི་འདྲ་ཐུགས་དམ་ཡག་པོ་བཞུགས་མཁན་དཀོན་པོ་རེད།ཉམས་ལེན་སྨྱུང་གནས་ཁོ་ནར་བྱས་ནས་རི་ཁྲོད་མ་བ་འདི་ཚོ་ལ་གྲུབ་པའི་རྟགས་འཐོན་ཆེ་ནའང་མང་ཆེ་བའི་ཨ་ནེ་རེད་ཟེར་རྒན་ཆོས་བྱས་ནས་གང་ཡང་མི་ཤེས་མཁན་ཟེར་ནས་སྣང་ཆུང་བྱེད་ནའང་ད་དངོས་གནས་ངོ་མཚར་བསྟན་སོང་།ཨ་ནེ་ཁོང་གི་ཡང་སྲིད་ཡོང་སྲིད་ནའང་ཁོང་ལ་བླ་བྲང་སོགས་མེད་པས་བརྗེད་འགྲོ་གི་རེད།་གང་ལྟར་རྗེས་སུ་ཡི་རང་ཞུ་འོས་པར་སེམས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese