མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་གྱིས་དམག་འཐབ་ལ་གྲ་སྒྲིག་དགོས་པའི་བཀའ་ཕབ།

བོད་ཀྱི་དུས་བབ།
༢༠༢༠/༠༥/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཞི་ཅིན་ཕིན་གྱིས་ཏོག་ནད་ཀྱིས་རྒྱ་ནག་གི་རྒྱལ་སྲུུང་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་ཡོད་པས་ཕྱོགས་ཡོངས་ནས་དམག་དཔུང་གིས་དམག་འཐབ་ལ་གྲ་སྒྲིག་བྱེད་དགོས་སྐོར་བཀའ་ཕབ་ཡོད་འདུགཁ་སང་ཕྱི་ཚེས་ ༢༦ ཉིན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པ་དང་བསྟུན། རྒྱ་ནག་དམར་ཤོག་ཚོགས་པའི་མི་མང་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོར་ཐུག་འཕྲད་ཀྱིས། ཏོག་དབྱིབས་རིམས་ནད་རྐྱེན་གྱིས་རྒྱ་ནག་གི་རྒྱལ་སྲུང་བདེ་འཇགས་དང་འཕེལ་རྒྱས་ལ་གནོད་འཚེ་ཐེབས་ཡོད་པས། དམག་མི་ཚོས་བརྟན་བརླིང་སྲུང་སྐྱོབ་དང་དམག་འཐབ་ལ་གྲ་སྒྲིག་དང་། དངོས་འཐབ་རང་བཞིན་གྱི་དམག་སྦྱོང་གི་ནུས་པ་མཐོ་རུ་བཏང་སྟེ་ཕྱོགས་ཡོངས་ནས་གྲ་སྒྲིག་དགོས་སྐོར་སོགས་བརྗོད་འདུག

ཚོགས་འདུ་དེའི་སྟེང་ཞི་ཅིན་ཕིན་གྱིས། ཕྱི་ལོ་ ༢༠༢༠ ལོ་ནི་རྒྱ་ནག་གི་དམག་དཔུང་འཛུགས་སྐྱོང་ལས་གཞི་མངོན་འགྱུར་བྱེད་པའི་ལོ་མཐའ་མ་ཡིན་པས། ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་དང་བསྟུན་དམག་མི་ཚོས་དམག་ཤུགས་སྦྱོང་བརྡར་དང་དམག་འཐབ་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་འགན་འཁུར་དགོས་པ་དང་། ཏོག་དབྱིབས་གཉན་རིམས་འཐབ་རྩོད་དེ་རྒྱལ་སྲུང་དང་དམག་དཔུང་ལ་མཚོན་ན་ཚོད་ལྟ་ཆེན་པོ་ཞིག་ཆགས་ཡོད་པས། དམག་དཔུང་གིས་མི་འདང་བའི་ཕྱོགས་ལ་འགྱུར་བཅོས་དང་ཁ་གསབ། ལམ་ལུགས་ལ་སྒྱུར་བཅོས་སོགས་བཏང་ནས་ཁ་ཕྱོགས་མི་ནོར་བ་བར་ཏང་གི་བཀའ་ལ་ཉན་ནས་དམག་འཐབ་ལ་གྲ་སྒྲིག་ཤུགས་ཆེར་བྱ་དགོས་སྐོར་བརྗོད་འདུག

ཐེངས་འདིའི་ཞི་ཡི་དམག་འཐབ་སྐོར་གྱི་གཏམ་བཤད་ལ་རྒྱལ་སྤྱིའི་སྟེང་ནས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། རྒྱལ་སྤྱིའི་དམག་དོན་ཆེད་མཁས་པ་ཚོས་ཞི་ཡིས་ནམ་རྒྱུན་རྒྱ་ནག་གི་དམག་དཔུང་དང་ཐུག་འཕྲད་བྱེད་སྐབས། དམག་འཁྲུག་ལ་གྲ་སྒྲིག་དགོས་པའི་སྐུལ་མ་བྱེད་བཞིན་ཡོད་ཀྱང་། ཐེངས་འདིར་ཞི་ཡིས་གཏམ་བཤད་ཁྲོད་ཏོག་ནད་ཀྱིས་རྒྱ་ནག་གི་རྒྱལ་སྲུང་བདེ་འཇགས་ལ་ཉེན་ཁ་བཟོས་ཡོད་སྐོར་བརྗོད་པ་སོགས་ནི། ཨ་རི་གཙོས་ཕྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་ཏོག་དབྱིབས་གཉན་རིམས་སྐོར་ནས་གནོན་ཤུགས་སྤྲོད་བཞིན་པར་ཆེད་དམིགས་ཉེན་བརྡ་ཞིག་ཆགས་ཡོད་པ་མ་ཟད། ཞི་ཡིས་དམག་དཔུང་གིས་དམག་འཐབ་གྲ་སྒྲིག་དགོས་སྐོར་ཤུགས་ཆེན་བརྗོད་བཞིན་པ་ནི་ཏོག་ནད་ཀྱི་དཀའ་ངལ་འོག ཞི་ཡི་སྲིད་དབང་ལ་ནང་ཁུལ་དཀའ་རྙོག་གང་ཡང་མེད་པར། དམག་དཔུང་གི་དབང་ཆ་ཚང་མ་ཞི་ཡིས་དམ་པོར་འཇུ་ཐུབ་ཡོད་པའི་སྔོན་བརྡ་ཞིག་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུགདེ་བཞིན་རྒྱ་ནག་གི་ཚོགས་ཆེན་གཉིས་ཟེར་བའི་སྟེང་། ཕྱི་ལོ་ ༢༠༢༠ ལོའི་རྒྱ་ནག་གི་དམག་དཔུང་གི་འགྲོ་གྲོན་མ་དངུལ་ལ་ཨ་སྒོར་ཐེར་འབུམ་ ༡༧༨ ($178 Billion)གཏོང་རྒྱུ་ཡིན་པ་གཏན་འབེབ་བྱས་ཡོད་པ་དང་། དེ་ནི་ད་བར་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༨༨ ནས་བཟུང་དམག་དཔུང་ལ་བཏང་བའི་འགྲོ་གྲོན་ཉུང་ཤོས་ཤིག་ཆགས་ཡོད་ཀྱང་། རྒྱལ་སྤྱིའི་རྒྱལ་ཁབ་གཞན་དང་བསྡུར་ན་དམག་གི་མ་དངུལ་ཤུགས་ཆེན་པོ་ཡིན་པ་དང་། རྒྱ་ནག་གི་དམག་དོན་ཆེད་མཁས་པ་སོང་ཀྲོང་ཕིན(Song Zhongping)ཟེར་བ་ཞིག་གིས། འདི་ལོའི་དམག་གྲོན་དེ་ལོ་སྔོན་མ་དང་བསྡུར་ན་ཇེ་ཉུང་དུ་སོང་ཡོད་ཀྱང་། སྤྱིའི་ཆ་ནས་རྒྱ་ནག་ལ་ཕྱོགས་ཡོངས་ནས་རྒྱལ་སྲུང་བདེ་འཇགས་ཀྱི་ཉེན་ཁ་ཡོང་གི་ཡོད་སྟབས། རྒྱ་ནག་གིས་མུ་མཐུད་དམག་ཤུགས་རྒྱ་སྐྱེད་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གཞུང་གིས་དུས་རབས་གསར་པའི་རྒྱ་ནག་གི་རྒྱལ་སྲུང་སྲིད་བྱུས་ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཅིག་བཏོན་ཡོད་པ་ལྟར། དེབ་དེའི་ནང་དུས་རབས་གསར་པ་འདིར་རྒྱ་ནག་གི་རྒྱལ་སྲུང་དམིགས་འབེན་གཙོ་བོ་རྒྱལ་ཁབ་ཀྱི་ས་ཆའི་བདག་དབང་དང་། བདེ་སྲུང་། ཡར་རྒྱས་ཐད་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་རྒྱུར་གཞོལ་བ་ཞིག་ཡིན་པ་ལས། དབང་བསྒྱུར་དང་སྟོབས་ཤུགས་རྒྱ་བསྐྱེད་ལ་དམིགས་ཀྱི་མེད་ཅེས་བརྗོད་ཡོད་ན་ཡང་། ཏོག་དབྱིབས་གཉན་རིམས་དང་འབྲེལ་རྒྱ་ནག་གཞུང་གིས་མངའ་ཁོངས་རྒྱ་སྐྱེད་ཐབས་ཀྱི་དམག་ཤུགས་བཙན་འཛུལ་གང་སར་བྱེད་བཞིན་ཡོད་པ་མ་ཟད། ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དང་རྒྱ་གར་སོགས་ཁྱིམ་མཚེས་ཁུལ་དུ་དབང་སྒྱུར་ས་མཚམས་ནང་བཙན་འཛུལ་བྱེད་ཐབས་དང་། ཐའེ་ཝན་མཚོ་འགག་ལ་དམག་གྲུ་གཏོང་བ་སོགས་དམག་དཔུང་གི་འགུལ་སྐྱོད་མང་པོ་ཞིག་བྱེད་ཀྱི་ཡོད་པ་རེད།

 གསར་འགོད་པ། སངས་རྒྱས་དཀོན་མཆོག

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist