མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་ནག་གི་དོན་གཅོད་ཁང་སྒོ་རྒྱག་དགོས་པའི་བཀའ་རྒྱ་བསྒྲཊ།

བོད་ཀྱི་དུས་བབ།
༢༠༢༠/༠༧/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ཊག་སེ་སི་མངའ་སྡེའི་གྲོང་ཁྱེར་ཧོ་སི་ཊོན་གྱི་རྒྱ་ནག་གཞུང་ཚབ་ཁང་སྒོ་རྒྱག་དགོས་པའི་བཀའ་རྒྱ་བསྒྲགས་ཡོད་སྟབས་རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་དུ་ཡོད་པའི་ཨ་རིའི་གཞུང་ཚབ་སྒོ་རྒྱག་འཆར་ཡོད་པའི་གནས་ཚུལ་ཐོན།ཁ་སང་ཕྱི་ཚེས་ ༢༢ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཨ་རིའི་འཕྲུལ་རིག་ཤེས་བྱ་དང་ཨ་རིའི་མི་མང་སྲུང་སྐྱོབ་ཆེད། ཨ་རིའི་ཊག་སེ་སི་ (Texas) མངའ་སྡེའི་ཧོ་སི་ཊོན་ (Houston) གྲོང་ཁྱེར་ནང་གི་རྒྱ་ནག་དོན་གཅོད་ཁང་ཉིན་གསུམ་གྱི་ནང་ཚུད་དུ་སྒོ་རྒྱག་དགོས་པའི་བཀའ་རྒྱ་བསྒྲགས་ཡོད་པ་དང་། དེར་རྒོལ་ལན་དུ་རྒྱ་ནག་གཞུང་གིས་ (Chengdu) གྲོང་ཁྱེར་ནང་ཡོད་པའི་ཨ་རིའི་དོན་གཅོད་ཁང་སྒོ་རྒྱག་རྒྱུའི་ཐག་གཅོད་བྱེད་ཀྱི་ཡོད་འདུག

ཨ་རིར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་ཨ་རིའི་ཐག་གཅོད་དེ་ནི་ཆབ་སྲིད་ཀྱི་འཁྲུག་རྐྱེན་སློང་གཞི་ཞིག་ཡིན་པའི་སྐྱོན་བརྗོད་དང་། འཕྲལ་དུ་ཐག་གཅོད་དེ་ཕྱིར་འཐེན་བྱ་དགོས་སྐོར་བརྗོད་འདུག་ལ། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་མ་ཧྭ་ཁྲིན་ཡེན་ (Hua Chunying) གྱིས་སྒེར་གྱི་ཊུ་ཝི་ཊར་སྤྱི་ཚོགས་དྲ་ལམ་སྟེང་། རྒྱ་ནག་གཞུང་གིས་ཐག་གཅོད་དེར་ཡ་ལན་བརྟན་པོ་ཞིག་སྤྲོད་ཀྱི་ཡིན་སྐོར་དང་། ཨ་རིའི་གཞུང་གིས་དམའ་འབེབ་དང་འཁོན་སེམས་བསླངས་བར་བརྟེན། ཝ་ཤིན་ཊོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ལ་འགད་རྫས་དང་སྲོག་ཉེན་གྱི་འཇིགས་སྐུལ་བྱུང་སྐོར་བཀོད་འདུག དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པས་སྟངས་འཛིན་བྱེད་བཞིན་པའི་གོ་ལའི་དུས་བབ་སྟེང་། ཨ་རིའི་སྲིད་འཛིན་ཊོམ་ཕུ་ཡིས་ཆབ་སྲིད་འཁྲབ་སྟོན་བྱེད་ཀྱི་ཡོད་ཚུལ་བརྗོད་དེ་སྐྱོན་བརྗོད་དང་། འདི་ལོའི་ཕྱི་ཟླ་ ༡༡ ནང་གི་ཨ་རིའི་སྲིད་འཛིན་འོས་བསྡུ་ཡིས་ཝ་ཤིན་ཊོན་སྨྱོན་པ་བཟོ་ཡི་ཡོད་སྐོར་བཀོད་འདུག

གནད་ཚུལ་དེ་དང་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས་སྲིད་འཛིན་ཊོམ་ཕུ་མཆོག་གིས། རྒྱ་ནག་གཞུང་གི་ལས་དོན་སྒྲུབ་མཁན་གྱི་ལས་ཁུངས་གཞན་ཀྱང་སྒོ་རྒྱག་སྲིད་སྐོར་དང་། ང་ཚོས་སྒོ་བརྒྱབ་པའི་དོན་གཅོད་དེར་མེ་ཤོར་བ་རེད་བསམ་བྱུང་། ངས་ཚོད་དཔག་བྱས་ན་ཁོང་ཚོས་ཡིག་ཆའམ་ཤོག་བུ་མེར་སྲེག་གི་འདུག་པ་དང་། ཅི་ཞིག་མེར་སྲེག་བཏང་བའི་ཐད་ང་ལ་དོགས་པ་སྐྱེས་བྱུང་། ཞེས་གསུངས་འདུག་ལ། རོའུ་ཊུར་ (Reuters) གསར་ཁང་ལ་མིང་མ་བརྗོད་པའི་ཨ་རིའི་ལས་མི་གཉིས་ཀྱིས། རྒྱ་ནག་གི་དོན་གཅོད་ཁང་དེར་ཡིག་ཆ་མེར་སྲེག་བཏང་བ་ཡིན་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་སྐོར་བརྗོད་འདུགཨ་རིའི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ལས་ཚབ་ཟུར་པ་རི་ཆར་ཌི་གྷེ་རེ་ནལ་ (Richard Grenell) གྱིས། ཨ་རིའི་གཞུང་གིས་སན་ཧྥ་རན་སེ་ཁོ་ (San Francisco) མངའ་སྡེའི་ནང་གི་རྒྱ་ནག་གི་དོན་གཅོད་ཁང་ཡང་སྒོ་རྒྱག་སྲིད་པ་དང་། གལ་སྲིད་ཁོང་ཡིན་ན་དོན་གཅོད་དེ་གཉིས་ཀ་སྒོ་བརྒྱབ་ཡོད་ནའང་། དོན་གཅོད་གཅིག་ནས་མགོ་བཙུགས་པ་དེའང་དོན་སྙིང་ལྡན་པ་ཞིག་ཡིན་སྐོར་བརྗོད་འདུག་པ་དང་། ཤར་ཨེ་ཤ་ཡའི་ཨ་རིའི་ཕྱི་སྲིད་འབྲེལ་མཐུད་འགན་འཛིན་ཌེ་ཝིཌ་སི་ཊིལ་ཝིལ་ (David Stilwell) གྱིས། ཧོ་སི་ཊོན་ (Houston) གྲོང་ཁྱེར་ནང་གི་རྒྱ་ནག་གི་དོན་གཅོད་ཁང་ནི་རྒྱ་ནག་གི་སློབ་ཕྲུག་ཚོ་ཨ་རིར་བཏང་སྟེ། རྒྱ་ནག་གི་དམག་དོན་ཐབས་བྱུས་ཡར་རྒྱས་གཏོང་མཁན་གཙོ་བོ་ཞིག་ཡིན་པ་དང་། ཨ་རི་གཞུང་གིས་དངོས་ཡོད་དང་མཐུན་པའི་ངང་ལས་དོན་དེ་འགོག་ཐབས་ཀྱི་གོམ་པ་སྤོས་པ་རེད། ཅེས་དང་། ཐག་གཅོད་དེ་ནི་ཡུན་རིང་སེམས་འཚབ་ཡོད་པའི་གནད་དོན་ཞིག་ལ་ད་ལན་ཁ་ཡ་བྱས་པ་ཞིག་ཡིན་སྐོར་བརྗོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས་ཨ་རིའི་གཞུང་གིས་རྒྱ་ནག་གི་དོན་གཅོད་ཁང་སྒོ་རྒྱག་རྒྱུ་ཡིན་པའི་ཐག་གཅོད་བྱས་པ་དེ་ནི་འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་གཉིས་ཀྱི་འགལ་ཟླའི་རྣོ་ངར་ཆེ་རུ་འགྲོ་བཞིན་ཡོད་པ་མཚོན་གྱི་ཡོད་པ་དང་། དེ་བཞིན་རྒྱ་ནག་གིས་ཨ་རིའི་སྲིད་གཞུང་མགོ་རྟིང་སློག་ཐབས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་དང་། ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཚོ་དང་མཉམ་འབྲེལ་གྱིས་རྒྱ་ནག་དམར་ཤོག་གཞུང་ལ་ཁ་གཏད་བཅག་པ་ཞིག་ཡིན་པ་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུགདེ་རིང་ཕྱི་ཚེས་ ༢༣ ཉིན་ལྷོ་རྒྱུད་རྒྱ་ནག་རྒྱ་མཚོའི་ཆ་འཕྲིན་ལ་རྒྱ་ནག་གི་རང་མིང་མ་བཤད་པའི་དཔོན་རིགས་ཤིག་གིས་བརྗོད་པ་ལྟར། རྒྱ་ནག་གཞུང་གིས་ཨ་རིའི་ཐད་གཅོད་དེར་རྒོལ་ལན་སློག་ཆེད་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཨ་རིའི་དོན་གཅོད་ཁང་སྒོ་རྒྱག་རྒྱུའི་ཐག་གཅོད་བྱེད་ཀྱི་ཡོད་སྐོར་བཀོད་འདུག་ལ། དོན་གཅོད་ཁང་དེ་ནི་ཕྱི་ལོ་ ༡༩༨༥ ལོར་གསར་འཛུགས་བྱས་པ་དང་དེ་ཡིས་རྒྱ་ནག་གཞུང་གིས་ཆ་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཟེར་བ་དང་སིན་ཁྲོན་ཞིང་ཆེན། ཡུ་ནན་ཞིང་ཆེན་དང་ཀེའུ་ཀྲུའུ་ (Guizhou) ཞིང་ཆེན། དེ་བཞིན་ཁྲུང་ཆིན་ (Chongqing) གྲོང་ཁྱེར་བཅས་གྱི་ནང་ལས་དོན་སྒྲུབ་གྱི་ཡོད་འདུག

རྒྱ་ནག་སྐམ་སའི་ཀང་ཀྲུའུ་ (Guangzhou) གྲོང་ཁྱེར་དང་ཧྲང་ཧེ་ (Shanghai) གྲོང་ཁྱེར། ཧྲིན་ཡཱང་ (Shenyang) གྲོང་ཁྱེར་དང་ཁྲིན་ཏུའུ་ (Chengdu) གྲོང་ཁྱེར། ཝུ་ཧན་ (Wuhan) གྲོང་ཁྱེར་བཅས་ཀྱི་ནང་ཨ་རིའི་དོན་གཅོད་ཁང་ལྔ་ཡོད་འདུག་པ་དང་། ཧོང་ཀོང་དང་ཨོ་མིན་གཉིས་ཀྱི་ནང་སྤྱི་ཁྱབ་དོན་གཅོད་ཁང་གཅིག་རེ་ཡོད་འདུག  དེ་བཞིན་ཨ་རིའི་ནང་ནེའུ་ཡོག་ (New York) གྲོང་ཁྱེར་དང་ཆའེ་ག་གྷོ་ (Chicago) གྲོང་ཁྱེར། སཱན་ཧྥི་རན་སི་ཀོ་ (San Francisco) དང་ལོ་སི་ཨན་ཇི་ལི་སི་ (Los Angeles) གྲོང་ཁྱེར། ཧོ་སི་ཊོན་ (Houston) གྲོང་ཁྱེར་བཅས་ཀྱི་ནང་རྒྱ་ནག་གི་དོན་གཅོད་ཁང་ལྔ་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist