མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱེད་ཀྱི་མ་འོངས་པའི་སྲིད་སྐྱོང་འདིའི་ནང་དུ་འདུག་གམ།

བོད་ཀྱི་དུས་བབ།
༢༠༢༠/༠༨/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཨཅཱརྱ་ཡེ་ཤེས་ཕུན་ཚོགས།ང་སྲིད་སྐྱོང་འོས་མིར་ལངས་དགོས་དོན་ནི་རེ་བ་རྒྱག་མཁན་ཚོར་ཕྱོགས་ལྷུང་མེད་པ་དང་ཕྱོགས་ལྷུང་མེད་པའི་སྣེ་འཁྲིད་པ་ཞིག་དགོས་ཀྱི་ཡོད་པར་བརྟེན། ངས་མི་ལོ་ཧྲིལ་བོ་ ༣༣ རིང་ཕྱོགས་ལྷུང་མེད་པའི་ཐོག་ནས་སྤྱི་ཚོགས་ནང་ལས་ཀ་བྱས་ནས་བསྡད་པ་དང་། རྒྱུ་མཚན་འདི་དག་གི་ཐོག་ནས་ལངས་ཀྱི་ཡོད། འདས་པའི་ལོ་ ༦༠ རིང་ད་ལྟའི་བཀའ་ཤག་གཙོས་པའི་བཀའ་ཤག་རིམ་པས་ང་ཚོ་སྤྱི་ཚོགས་འདི་ལ་སྐྲུན་རྒྱུ་ཡོད་པ་དག་བསྐྲུན་ཚར་བ་རེད། ངའི་རྒྱུ་མཚན་གཙོ་བོ་འཛིན་སྐྱོང་ཚགས་ཚུད་དང་། འཐབ་རྩོད་རྒྱུན་སྐྱོང་། སྤྱི་ཚོགས་སྲ་བརྟན། དཔལ་འབྱོར་ཐབས་འཚོལ་བཅས་དོན་ཚན་བཞི་གཞི་ལ་བཞག་སྟེ་ཁྲིམས་སྒྲིག་དོན་ཚན་ ༢༧ གྱི་དགོངས་དོན་གཞིར་བཟུང་གིས་ཕྱག་ལས་གནང་དགོས་ཀྱི་ཡོད། སྤྱི་ཚོགས་སྲ་བརྟན་ལབ་དུས་ང་ཚོའི་སྤྱི་ཚོགས་ནང་ཁུལ་ལ་འཆམ་མཐུན་དང་ཆིག་སྒྲིལ་གྱི་ནུས་པ་མ་ཉམས་པ། དཔལ་འབྱོར་ཐབས་འཚོལ་ལབ་དུས། ང་ཚོའི་ཕྱི་ནང་གཉིས་ཀྱི་རོགས་ཚོགས་དབུས་པའི་མུ་མཐུད་རོགས་ཚོགས་རག་ཐབས་དང་། འཛིན་སྐྱོང་ཚགས་ཚུད་ལབ་དུས་འཛིན་སྐྱོང་ཡོངས་རྫོགས་ཚ་ཚ་འུར་འུར་བཟོ་དགོས་ཀྱི་འདུག  འཐབ་རྩོད་རྒྱུན་སྐྱོང་ཁྲོད་ང་ཚོའི་བོད་རྒྱ་འབྲེལ་མོལ་ག་འདྲ་བྱས་ནས་ཡོང་དགོས་ཀྱི་འདུག་སོགས་ཡིན།

བློ་བཟང་སྙན་གྲགས།ད་ལྟའི་བོད་ཀྱི་གཉན་འཕྲང་ཅན་གྱི་དུས་ཚོད་འདིར། ང་རང་སྲིད་སྐྱོང་གི་འོས་མིར་ལངས་བར་བསམ་བློ་མང་པོ་བཏང་བ་ཡིན་ལ། སྲིད་སྐྱོང་གི་ལས་འགན་དེ་ལས་སླ་པོ་ཞིག་མ་རེད། འོན་ཀྱང་། འདས་པའི་མི་ལོ་ ༣༠ ལྷག་ཙམ་རིང་སོ་སོས་བོད་པའི་སྤྱི་ཚོགས་ནང་བཀའ་བློན་དང་སྤྱི་འཐུས། ཨ་རིའི་སྐུ་ཚབ་དོན་གཅོད། དེ་བཞིན། གཞུང་འབྲེལ་མིན་པའི་ཚོགས་པ་གལ་ཆེན་མང་པོ་ཞིག་གི་ནང་མགོ་འཁྲིད་ཀྱི་ལས་འཁུར་ཞུས་པའི་སྐབས་སུ། རྒྱལ་སྤྱིའི་འབྲེལ་ལམ་དང་བོད་རྒྱ་ཞི་མོལ། དཔལ་འབྱོར་འདུ་འགོད། སྤྱི་ཚོགས་བདེ་དོན་ལ་སོགས་པའི་ཐོག་ཉམས་མྱོང་གང་ལ་གང་འཚམ་ཞིག་བསགས་ཡོད་སྟབས།  སོ་སོའི་སེམས་ནང་སྲིད་སྐྱོང་གི་ལས་འགན་འགྲུབ་ཐུབ་ཀྱི་རེད་བསམ་པའི་གདེང་ཚོད་ཅིག་ཡོང་གི་འདུག དེ་དང་ཆབས་གཅིག་མ་འོངས་པར་སྲིད་སྐྱོང་འཐོབ་པ་ཡིན་ན། གཞི་རིམ་གྱི་ལྟ་གྲུབ་གསུམ། བདེན་པ་དང་འཆམ་མཐུན། མཉམ་སྦྲེལ་བཅས་ཀྱི་ཐོག་ནས་བོད་མིའི་རྩ་དོན་འགྲུབ་པར་སོ་སོ་རང་ཉིད་ནས་གང་ཐུབ་ཀྱིས་འབད་བརྩོན་ཞུ་རྒྱུ་ཡིན།

ར་རྒྱ་བསྟན་འཛིན།ངའི་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིའི་འབོད་ཚིག་གཙོ་བོ་གཉིས་ཡོད་པ་ནི་འཐབ་རྩོད་གཅིག་ལ་ཐབས་ལམ་གཉིས་ཀྱི་ཐོག་ནས་འགྲོ་བར་ཐབས་ཤེས་བྱེད་ཀྱི་ཡོད། འཐབ་རྩོད་གཅིག་ལ་ཐབས་ལམ་གཉིས་ནི། ང་ཚོ་བཙན་བྱོལ་ནང་ལངས་ཕྱོགས་དེ་རང་བཙན་དང་དབུ་མའི་ལམ་གཉིས་ཀྱི་ཐོག་ནས་སོང་བ་ཡིན་ན། དབུ་མའི་ལམ་ལབ་དུས་རྒྱལ་འཚོང་བ་དང་རང་བཙན་ལབ་དུས་༧གོང་ས་མཆོག་གི་བཀའ་ལ་ཉན་གྱི་མེད་པའི་ནག་ཉེས་ཟོལ་འདྲ་པོ་དེ་མེད་པ་ཆགས་ནས། ང་ཚོ་ཚང་མས་རྒྱལ་ཁབ་སླར་གསོ་ཐོག་འབད་བརྩོན་དང་ཐབས་ལམ་ཡག་པོར་འགྲོ་བའི་རེ་བ་ཡོད། གཉིས་པ་ང་ཚོས་༧གོང་ས་མཆོག་བཞུགས་མེད་པ་ནང་བཞིན་གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་སྲ་མཁྲེགས་རང་བཞིན་ཅན་གྱི་ངོ་བོར་བསྒྱུར་དགོས་པ་དེ་ཧ་ཅང་གལ་ཆེན་པོ་མཐོང་གི་ཡོད། ད་ལྟའི་ང་ཚོ་གཞིས་བྱེས་གཉིས་ཀྱི་འབྲེལ་བ་དེ་༧གོང་ས་མཆོག་བཞུགས་ཡོད་སྟབས་མང་པོ་ཞིག་དད་པ་དང་དག་སྣང་གི་ཐོག་ནས་འགྲོ་བསྡད་ཡོད་པ་རེད། གལ་སྲིད་བཙན་བྱོལ་ནང་༧གོང་ས་མཆོག་མ་བཞུགས་པའི་ཉིན་ཞིག་བསླེབས་པ་ཡིན་ན། ང་ཚོ་གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་དེ་ཧ་ཅང་ཉེན་ཁ་ཆེན་པོ་ཞིག་གི་སྒང་ལ་བསླེབས་ཡོད་སྟབས། ད་ལྟ་ནས་ང་ཚོས་ཆུ་མ་ཡོང་གོང་གི་རགས་བྱས་ཏེ། ང་ཚོ་གཞིས་བྱེས་གཉིས་བར་གྱི་འབྲེལ་ལམ་དེ་དད་པ་དང་དག་སྣང་གཙོ་བོ་མ་ཡིན་པའི་འབྲེལ་ལམ་ཞིག་འཛུགས་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་མཐོང་གི་ཡོད།

བཀྲ་ཤིས་དབང་འདུས།རྩ་བའི་ཆ་ནས་ང་རང་ལོ་ ༢༠ རིང་ལ་བོད་པའི་སྤྱི་ཚོགས་ནང་ལས་ཀ་བྱས་ནས་བསྡད་པ་རེད། དེ་ནས་ཕྱི་ལོ་ ༢༠༡༥ ལོར་སྲིད་སྐྱོང་ལ་ལངས་པ་རེད། ད་ལྟའི་ཆར་བོད་ཀྱི་གནས་སྟངས་ཛ་དྲག་པོ་དང་། ༧རྒྱལ་བ་རིན་པོ་ཆེ་མཆོག་དགུང་ལོ་མཐོན་པོར་ཕེབས་ཡོད་སྟབས། མི་མང་གི་འདོད་པ་ཡོད་པ་ཡིན་ན། ངས་མུ་མཐུད་ནས་ཞབས་ཕྱི་ཞུ་འདོད་ཡོད་ཅེས་ཞུ་རྒྱུ་ཡིན། དུས་ཚོད་གཉན་འཕྲང་འདིའི་སྐབས་ལ་ངས་བྱེད་ཐུབ་ས་མ་རེད་ཅེས་བརྗོད་ན་རྩ་བ་ནས་འགྲིག་གི་མ་རེད། མི་ཚང་མས་རང་བཞིན་གྱིས་འགན་འཁུར་དགོས་པ་རེད། ང་རང་ཡིན་ནའང་མུ་མཐུད་ནས་བོད་སྤྱི་པར་ཞབས་ཕྱི་ཞུ་རྒྱུའི་འདུན་པ་ཡོད།

ངའི་འབོད་སྒྲ་ནི་དེ་སྔ་ཕྱི་ལོ་ ༢༠༡༥ ལོར་བཏོན་པ་བཞིན་རྒྱུན་གནས་དང་ཤེས་ཡོན། དཔལ་འབྱོར། གྲོས་མོལ་བཅས་ཏེ། བོད་དོན་བདེན་མཐའ་གསལ་ཐབས་དང་། གཞིས་ཆགས་རྒྱུན་གནས་ཐུབ་པ། དེ་ལྟར་རྒྱུན་གནས་ཐུབ་པ་ལ་མི་མང་ལ་དཔལ་འབྱོར་དང་། གཞོན་སྐྱེས་ལ་ཤེས་ཡོན་དགོས་པ། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཆེད་དུ་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་བྱེད་དགོས་པ་རེད། སྤྱིར་ངས་ལས་འཆར་ཞིབ་ཕྲ་ཕྱི་ལོ་ ༢༠༡༥ ལོར་བཏོན་ཡོད། ལས་གཞི་ཁག་ཅིག་བཀའ་ཤག་གིས་གནང་ཡོད་པ་རེད། དེ་ནང་བཞིན་མུ་མཐུད་ནས་ལས་གཞི་གསར་པ་དེ་འདྲ་ཡོད་པས། དེ་ཚོ་རིམ་པས་ཞུ་ཆོག་པ་ཞུ།

ཀླུ་མཁར་བྱམས།ད་ལྟའི་ཆར་ང་ལངས་མི་ལངས་ཀྱི་གནད་དོན་དེའི་ཐོག་བསམ་བློ་གཏོང་གི་ཡོད་ལ། ངའི་ངོས་ནས་དེ་སྔོན་བཤད་པ་བཞིན་ང་ལངས་བ་དེ་ཐེངས་གཅིག་ཡིན། རྗེས་མ་ལངས་ཀྱི་མེད། ཅེས་བཤད་ཡོད་པ་རེད། ད་ལྟ་སྤྱི་ཚོགས་ནང་ང་ལ་ལངས་རོགས་བཤད་མཁན་མང་པོ་འདུག ཚང་མར་ལན་དེ་རྒྱག་གི་ཡོད་ཀྱང་། མི་མང་ནང་རེ་བ་རྒྱག་མཁན་ཕྲ་ལ་ཕྲན་བུ་འདུག ཡིན་ནའང་མི་མང་ཁྱོན་ཡོངས་ཀྱིས་རེ་བ་བརྒྱབ་ཡོང་ན་ལན་ག་རེ་རྒྱག་དགོས་མིན་ད་ལྟ་ཐག་གསལ་པོ་ཞིག་ཆོད་མ་སོང་། ང་རང་གི་ངོས་ནས་ང་ལངས་ཀྱི་མིན་ཞེས་གསལ་པོ་བཤད་ཡོད་པ་རེད། ཅེས་བརྗོད་བྱུང་ལ།  འདི་ལོར་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་ཚོའི་ངོས་ནས་རང་བཙན་གྱི་འོས་མི་ཞིག་ལངས་དགོས་པའི་བགྲོ་གླེང་འབྱུང་གི་ཡོད་པ་དང་། ཁོང་ཚོ་གཅིག་གྱུར་གྱི་ངོས་ནས་འོས་མི་ཞིག་བསླང་རྒྱུའི་འཆར་གཞི་ཡོད་ཀྱང་། ད་ལྟའི་ཆར་འོས་མི་དེ་སུ་ཡིན་མིན་དང་། རང་བཙན་རྩོད་མཁན་ཚོ་ཐུན་མོང་གིས་སུ་ལ་རྒྱབ་སྐྱོར་བྱེད་དགོས་ཀྱི་ཡོད་མེད་སོགས། ཟླ་འདིའི་ཕྱི་ཚེས་ ༡༥ བར་ཐག་གཅོད་ངེས་གཏན་མི་འདུག ད་ལྟ་གནད་དོན་དེའི་ཐོག་ཁོང་ཚོ་ནང་ཁུལ་དུ་མུ་མཐུད་བགྲོ་གླེང་གནང་བཞིན་པ་ཡིན་འདུག

སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཚ་ཚ་འུར་འུར་དུ་དབུ་འཛུགས་གནང་བ་དང་སྦྲགས། ད་ལྟའི་ཆར་བོད་མིའི་སྤྱི་ཚོགས་ཁྲོད་སྲིད་སྐྱོང་འོས་དམིགས་ཉུང་མཐར་ ༡༠ མཚན་འདོན་གནང་གི་ཡོད་པ་རྣམས་ནི། དཔལ་འབྱོར་བཀའ་བློན་ལས་ཐོག་ཀརྨ་ཡེ་ཤེས་དང་། རྒྱ་རིགས་འབྲེལ་མཐུད་པ་ཟུར་པ་ཀུན་དགའ་བཀྲ་ཤིས། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ཟུར་པ་ཀླུ་མཁར་བྱམས།  སྨན་ལྷའི་སྤྱི་གཉེར་བ་བཀྲ་ཤིས་དབང་འདུས། བཀའ་ཟུར་རྒྱ་རི་སྒྲོལ་མ། དོན་ཟུར་སྤེན་པ་ཚེ་རིང་། དོན་ཟུར་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་དང་། ཚོགས་གཞོན་ལས་ཐོག་ཨཅཱརྱ་ཡེ་ཤེས་ཕུན་ཚོགས། རྩོམ་པ་པོ་ར་རྒྱ་བསྟན་འཛིན་ནམ་རྨ་དུག་ལྕེ་བཅས་རེད་འདུགའདི་གའི་གསར་ཁང་ནས་སྤྱི་ཚོགས་ནང་མཚན་འདོན་གནང་བཞིན་པའི་སྲིད་སྐྱོང་འོས་དམིགས་ཚང་མར་འབྲེལ་བ་ཞུས་ཏེ་ཤེས་རྟོགས་བྱུང་བ་ལྟར་ན། སྲིད་སྐྱོང་འོས་དམིགས་སུ་བཞེངས་གཏན་འཁེལ་བའི་དོན་ཟུར་སྤེན་པ་ཚེ་རིང་དང་བཀའ་ཟུར་རྒྱ་རི་སྒྲོལ་མ་རྣམ་གཉིས་ནས་གང་མགྱོགས་ཉིན་ཤས་ནང་གསར་འགོད་གསལ་བསྒྲགས་གནང་རྒྱུ་རེད་འདུག་ལ། དོན་ཟུར་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་དང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་རྣམ་གཉིས་སྲི་ཞུ་ལས་ཐོག་ཡིན་པས་ད་ལྟའི་ཆར་གསར་ལམ་དུ་དྲིལ་བསྒྲགས་ཀྱི་ཆ་ཤས་བཞེས་ཀྱི་མི་འདུག རྒྱ་རིགས་འབྲེལ་མཐུད་པ་ཟུར་པ་ཀུན་དགའ་བཀྲ་ཤིས་དང་བཀའ་བློན་ལས་ཐོག་ཀརྨ་ཡེ་ཤེས་རྣམ་གཉིས་སྲིད་སྐྱོང་གི་འོས་དམིངས་སུ་བཞེངས་ཀྱི་མི་འདུག

འབྲེལ་ཡོད་གསར་འགྱུར།

བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

ཆུ་ཚོད་ ༦ སྔོན་ལ།
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༦ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠

མཆན། 12

  1. བསོད་ནམས་རྒྱལ་མཚན། says:
    ལོ་ 6 སྔོན།

    སྲིད་སྐྱོང་འོས་མི་ཚོས་ ངས་འདི་དང་འདི་བྱེད་ཀྱི་ཡིན་ལབ་ཡ་ལ་ མགོ་བསྐོར་འཐེབ་མི་ཉན། དཔེར་ན་ རྒྱ་གར་ནང་ འོས་མི་ཚོས་ ངས་མི་མང་ལ་ཁང་པ་སྤྲད་ཀྱི་ཡིན། ཆུ་སྤྲད་ཀྱི་ཡིན། གློག་སྤྲད་ཀྱི་ཡིན། རྐུབ་ཀྱག་རག་ཚར་དུས་ མི་མང་ལ་ ཅབ་པའལ་རེད། དེ་དེ་བཞིན་ བློ་བཟང་སེང་གེའི་་་ འོས་བསྡུ་ སྔོན་འགྲོ་གསུང་བཤད་་་ ༡༽ གསར་གཏོད། ༢༽ རང་ཁ་རང་གསོ། ༣༽ ༧གོང་ས་མཆོག་བོད་ལ་གདན་ཞུ།། སྲིད་སྐྱོང་དང་པོ་ལོ་ལྔ་དེ་ཚར། ད་ཆ་ སྲིད་ཐེངས་གཉིས་པ་ཡང་ཚར་རན། ༡༽ གསར་གཏོད།-> 5+50 ༢༽ རང་ཁ་རང་གསོ།-> རང་གི་ཁ་དང་ནང་མི་ཁ། ༣༽ ༧གོང་ས་མཆོག་བོད་ལ་གདན་ཞུ།-> སྟོང་པའོ། ཨོཾ་ཨཿཧཱུཾ། ? ? ? ? ? ? ? བོད་རྒྱ་གྲོས་མོལ་ཡང་བྱས་མེད། བོད་མི་མགོ་སྐོར་གཏོང་ཆེད་ བག་སུ་ལམ་ ཟ་ཁང་ཞིག་དུ་ཚོགས་འདུ་ཞིག་སྐོང་། དེ་ནས་རྒྱ་རི་བློ་གྲོས་དགོངས་པ་ཞུ།།

    Reply
  2. རུས་རྐང་། says:
    ལོ་ 6 སྔོན།

    ཀླུ་གར་བྱམས་དང་རྨ་དུག་ལྕེ་ལྟ་བུའི་གད་སྙིགས་རིགས་སྲིད་སྐྱོང་གི་གར་སྟེགས་ལ་སྒུམ་ན་དེ་གད་མོ་རང་རེད།

    Reply
    • ལེགས་ལྡན says:
      ལོ་ 6 སྔོན།

      བོད ་པ་སྤྱིད་ཚོགས་མི་གད་སྙིགས་ཁྱེད་རང་ལྟར་བུ་གཅིག་ཡོད་ན་མང་བྲག་འདུག

      Reply
  3. སྲས་སྐུ་ངོ་། says:
    ལོ་ 6 སྔོན།

    སུ་གང་ཡང་མི་འདུག

    Reply
  4. རུས་རྐང་། says:
    ལོ་ 6 སྔོན།

    སྤྱི་ཚོགས་ཐོགས་འཇོན་ཐང་ཡོད་པའི་མི་དེ་ཚོར་བཤད་ཡ་མེད། གད་སྙིགས་རིགས་སྲིད་སྐྱོང་གར་སྟེགས་ལ་སྒུམ་མ་ཡོང་རོགས།

    Reply
  5. རུས་རྐང་། says:
    ལོ་ 6 སྔོན།

    དུས་བབ་ཚང་ལ་ལས་ཀ་རྫོགས་ཡོད་ས་རེད། གད་སྙིགས་ཡང་སྲིད་སྐྱོང་ལ་སྒུམ་ཡོང་གི་འདུག

    Reply
  6. དཔལ་ལྡན། says:
    ལོ་ 6 སྔོན།

    རྒྱ་རི་སྒྲོལ་མ།

    Reply
  7. ལེགས་ལྡན says:
    ལོ་ 6 སྔོན།

    བོད་མི་རིགས་དེ་དགོས་སྲིད་སྐྱོང་དེ་ཨ་ཚོགས་ཀླུ་མཁར་བྱམས་ལས་ལྷ་བ་སུ་དགོས!

    Reply
  8. བཀྲ་སྒྲོལ་མ། says:
    ལོ་ 6 སྔོན།

    གལ་སྲིད་བོད་མི་རིགས་དེ་ཆིག་སྒྲིག་ཡོང་དགོས་ཡ་དང་མུ་མཐུད་ནས་འཆམ་མཐུན་གནས་དགོས་ཡོད་ན།སྤེན་པ་ཚེ་རིང་སྲིད་སྐྱོང་ལ་སླེབས་མི་ཉན།

    Reply
  9. བསོད་ནམས་རྒྱལ་མཚན། says:
    ལོ་ 6 སྔོན།

    མི་གཅིག་འདུག་ཏེ་ དེ་ཡང་བཀག་ཚར་འདུག་ག དོན་ཟུར་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ཟེར་མཁན་དེ་ཚང་མས་མཁྱེན་གསལ་རེད་པ། ཨ་རི་དོན་སྤྱོད་གོ་རྒྱུ་འཚོར་རྒྱུ་མེད་མཁན་ ད་དུང་སྲིད་སྐྱོང་། ཕྱི་རྒྱལ་དུ་ཡོད་པས་བོད་པའི་གཞོན་སྐྱེད་ཚོ་ལ་ Empowering The Vision ན་གཞོན་ནུས་སྤེལ་ལས་གཞི་ ཟེར་བ་ཞིག Brain Wash ཆེད་ ཚོགས་པ་བཙུག་མཁན་དེ་རེད་པ། གཞན་མས་ཚང་མ་ནི་ རྒྱ་གར། རྒྱ་དམར། ཨ་རི་ ཡིད་ཆེ་བློ་བསྐལ་བྱེད་ས་དང་གཞུང་ཨམ་བ་ནང་བདག་མཁན་འདྲ་པོ་འདུག

    Reply
  10. ཨ་རང་བྱུང་རྡོ་རྗེ་། says:
    ལོ་ 6 སྔོན།

    གུས་པར་འོས་པའི་རྒྱ་རིགས་འབྲེལ་མཐུད་པ་ཟུར་པ་ཀུན་དགའ་བཀྲ་ཤིས་མ་འོངས་བོད་མིའི་སྲིད་སྐྱོང་ལ་བཞེངས་ན་རྒྱབ་སྐྱོར་ཆ་ཚང་ཡོད་།

    Reply
  11. Photsen says:
    ལོ་ 6 སྔོན།

    འདིའི་ནང་ལ་སྲིད་སྐྱོང་འོས་པ་མིན་འངུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese