མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བུད་མེད་ཅིག་སྲིད་སྐྱོང་འོས་མིར་ལངས་པ་དེས་པེ་ཅིན་དང་རྒྱལ་སྤྱིའི་སྟེང་བརྡ་ལན་ཞིག་སྤྲོད་ཀྱི་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༢༠/༠༨/༡༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༤༥ ནས་ཆུ་ཚོད་ ༣ ཙམ་རིང་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ཀྱིས་དྲ་ཐོག་བརྙན་ལམ་བརྒྱུད་གསར་འགོད་ལྷན་ཚོགས་ཤིག་བསྐོངས་བའི་སྟེང་། ཁོང་མོ་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མིར་བཞེངས་རྒྱུའི་དྲིལ་བསྒྲགས་ལས་རིམ་དངོས་སུ་མགོ་འཛུགས་གནང་སྟེ། མི་མང་གིས་ང་ལ་སྲིད་སྐྱོང་གི་འགན་ཞིག་སྤྲད་པ་ཡིན་ན། ངའི་ཐོག་ནས་ཏོག་ཙམ་ཡིན་ནའང་ཞབས་ཕྱི་ཞིག་འཁྱོལ་ས་རེད་བསམ་པའི་ཡིད་ཆེས་ཤིག་རྙེད་ཀྱི་འདུག་ཅེས་དང་།  ཁོང་མོས་སྣེ་ཁྲིད་པའི་བཀའ་ཤག་གིས་ད་ལྟའི་གོ་ལའི་ཆབ་སྲིད་ཀྱི་འཕོ་འགྱུར་དང་བསྟུན་ནས་གོ་སྐབས་དམ་འཛིན་བྱ་རྒྱ་ཡིན་སྐོར་བརྗོད་སོང་།གསར་འགོད་གསལ་བསྒྲགས་ཀྱི་ཐོག་མར་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ཀྱིས། ང་ཚོ་ཚང་མའི་ལས་འགན་གཙོ་བོ་ནི། ང་ཚོའི་དམངས་གཙོའི་སྒྲོམ་གཞི་འདི་ལ་ཡིད་ཆེས་བློ་གཏད་དང་། ལས་དོན་གང་འདྲ་ཞིག་བྱས་པ་ཡིན་ནའང་། ཁྲིམས་དང་སྒྲིག་གཞིའི་དབང་བསྒྱུར་གྱི་ཐོག་ནས་གནང་ཐུབ་དགོས་པ་ཞིག་དང་། གནས་ཐུབ་པ་ཞིག་དགོས་པ་རེད། དེ་ཡོད་ན་སྒྲིག་འཛུགས་ཕུགས་བརྟན་ཟེར་ནའང་འདྲ། དྲང་བདེན་ཟེར་ནའང་གང་ལྟར་ང་ཚོའི་གཞི་རྩ་དེ་ཁྲིམས་ཀྱི་དབང་བསྒྱུར་ཆགས་ཡོད་པ་རེད། ང་ཚོ་སུས་ཀྱང་སྒྲོམ་གཞི་དེར་གུས་བརྩི་དང་། སྒྲིག་འཛུགས་སྲ་བརྟན་གནས་ཡོད་པ་དེ་གོང་འཕེལ་ཡོང་ཆེད་ཁྲིམས་དང་སྒྲིག་འཛུགས་ལ་བརྩི་བཀུར་ཞུ་རྒྱུ་གལ་ཆེན་པོ་རེད། ཅེས་དང་། ད་ལྟ་འོས་འཕེན་མཁན་དང་འོས་ལ་བཞེང་མཁན་གཉིས་ཀར་བོད་ཕྱི་ནང་གཉིས་ཀྱི་སྐུ་ཚབ་བྱས་ཏེ། ལས་དོན་ཆེན་པོ་ཞིག་གི་ཐོག་ལ་གོམ་པ་སྤོ་རྒྱུའི་དུས་ལ་བབ་ཡོད་པ་དང་། ད་ཐེངས་གསར་འགོད་ལྷན་ཚོགས་བསྐོངས་དགོས་དོན་གཙོ་བོ་དེ། མི་མང་རྣམས་ལ་རང་གི་འོས་མི་ར་འཕྲོད་ཡོང་ཆེད། རང་ཉིད་ནས་འགན་འཁུར་པའི་ཐོག་ནས་ཕྱིར་ཐོན་པ་ཞིག་ཡིན་སྐོར་བརྗོད་སོང་།

ཡང་ཁོང་མོས། ༧གོང་ས་མཆོག་ནས་ཕོ་མོ་འདྲ་མཉམ་གྱི་གནས་བབ་དང་ཐོབ་ཐང་ཡོད་པའི་དམངས་གཙོའི་སྒྲིག་འཛུགས་ཤིག་གནང་བ་དེར། ང་ཚོའི་ངོས་ནས་གོ་སྐབས་ལེན་དགོས་ཀྱི་འདུག་བསམ་པ་ཞིག་དང་། ལྷག་དོན་ང་རང་བོད་ཀྱི་བུད་མེད་ཅིག་ཡིན་པའི་ཆ་ནས་སྤོབས་པ་དང་ལྡན་པའི་ཐོག་ནས། འཛམ་གླིང་སྤྱིའི་སྡིངས་ཆའི་ཐོག་ལ་བོད་ཀྱི་དམངས་གཙོའི་གནས་ཚད་དེ་འདི་འདྲ་ཞིག་ལ་བསླེབས་ཡོད་པ་ར་འཕྲོད་ཅིག་ཀྱང་ཆགས་ཀྱི་མེད་ན་བསམ་གྱི་འདུག ཅེས་དང་། ད་ལྟའི་དུས་ཚོད་དེ་ཛ་དྲག་རེད་ལ། གཉན་འཕྲང་དང་། གལ་ཆེན་ཡང་རེད། དེ་བཞིན་གོ་སྐབས་ཀྱང་ཡོད་པའི་དུས་ཤིག་རེད་འདུག ང་རང་ལྟ་བུ་ཡིན་ན་ད་ཐེངས་གོ་སྐབས་ཤིག་གི་ཐོག་ནས་བྱས་པ་ཡིན་ནའང་བྱེད་སྟངས་བྱེད་ལུགས་ཤིག་ཡོད་ས་རེད་བསམ་བསམ་ཞིག་བྱུང་ལ། ད་ལྟ་༧གོང་ས་མཆོག་བཞུགས་པའི་སྐབས་འདིར། མི་མང་གིས་ང་ལ་སྲིད་སྐྱོང་གི་འགན་ཞིག་སྤྲད་པ་ཡིན་ན། ངའི་ཐོག་ནས་ཏོག་ཙམ་ཡིན་ནའང་ཞབས་ཕྱི་ཞིག་འཁྱོལ་ས་རེད་བསམ་པའི་ཡིད་ཆེས་ཤིག་རྙེད་ཀྱི་འདུག ཅེས་བརྗོད་སོང་།

དེ་ནས་མ་འོངས་བྱས་འཆར་སྐོར་ལ་ཁོང་མོས། ད་ལྟའི་ཆར་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་པའི་མི་འབོར་དེ་ཕྱེད་ཀ་ལྟ་བུ་ཆགས་ཡོད་པ་དང་། དེའི་ཐད་ཐག་གཅོད་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྟབས། བཅའ་ཁྲིམས་ཀྱི་དགོངས་དོན་གཞིར་བཟུང་བོད་མི་འདུ་སྡོད་བྱེད་སའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ས་གནས་མགོ་འཛིན་བསྐོ་གཞག་བྱེད་དགོས་པ་མ་ཟད། བོད་རིགས་སྤྱི་མཐུན་ཚོགས་པ་དེ་དག་ཀྱང་ས་གནས་འཐུས་ཚོགས་ཀྱི་ངོ་བོར་སྒྱུར་ཐབས་དགོས་པ། གཞན་ཡང་དོན་གཅོད་ཁང་གིས་གཙོ་བོ་ཕྱི་འབྲེལ་གྱི་གནད་དོན་ཐག་གཅོད་གནང་དགོས་སྐོར་བརྗོད་སོང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་པར་ནུས་པ་ཐོན་པའི་ཕྱག་ལས་གནང་ཐུབ་རྒྱུའི་ཁོར་ཡུག་སྐྲུན་ཐབས་དང་། ལས་བྱེད་ཚོར་སྒེར་གྱི་ཚོང་དོན་སོགས་ཀྱི་ཆེད་སྐྱེད་ཀ་མེད་པའི་བུན་གཡར་གྱི་ལས་གཞི་ཞིག་མགོ་བརྩམ་རྒྱུ་དང་། ཉམ་ཐང་ལྟ་སྐྱོང་སྲིད་བྱུས་ལ་བསྐྱར་ཞིབ་བྱས་ཏེ་གྲོས་ཚོགས་ར་བར་གྲོས་འཆར་གདོན་རྒྱུ་ཡིན་པ། བོད་མིའི་སྒྲིག་འཛུགས་ཀྱི་ས་ཁང་སྒྲིག་གཞི་ལའང་བསྐྱར་ཞིབ་བྱ་རྒྱུ་ཡིས་མཚོན་པའི་མ་འོངས་ལས་འཆར་མང་པོ་བང་བསྒྲིགས་ཡོད་སྐོར་བརྗོད་སོང་།

ཡང་ཁོང་མོས་སྣེ་ཁྲིད་པའི་བཀའ་ཤག་དེ་རྒན་གཞོན་གཉིས་ཀས་གྲུབ་པའི་བཀའ་ཤག་ཅིག་དང་། ལྷག་པར་དུ་བོད་པའི་སྤྱི་ཚོགས་ནང་ལ་བསམ་ཚུལ་མི་གཅིག་པ་ཚང་མ་གང་ཐུབ་ཀྱིས་ཚུད་ཐུབ་པའི་བཀའ་ཤག་ཅིག་བསྐྲུན་རྒྱུ་ཡིན་སྐོར་དང་། སྤྱི་ཚོགས་ཁྲོད་༧གོང་ས་མཆོག་བཞུགས་མེད་པའི་ཚུལ་གྱིས་ཧམ་བཤད་བྱེད་ཀྱི་འདུག་པས། དེ་དག་མི་བྱ་རྒྱུའི་རེ་སྐུལ་ཞུ་བཞིན་ཡོད་པ་དང་། རང་གི་རྒྱབ་སྐྱོར་བ་ཚོས་ཀྱང་ཁོང་ཉིད་གཞན་དང་སྡུར་ཐབས་བྱེད་བཞིན་པ་དེ་མཚམས་འཇོག་དགོས་སྐོར་བརྗོད་བྱུང་།འདི་གའི་གསར་འགོད་པས་བོད་རྒྱ་འབྲེལ་མོལ་དེ་བོད་ཕྱི་ནང་གཉིས་ཀྱི་རེ་བ་དང་བོད་དོན་སེལ་ཐབས་ཤིག་ཆགས་ཀྱི་ཡོད་སྟབས། ཁྱེད་རང་སྲིད་སྐྱོང་ཐོབ་པ་ཡིན་ན་བོད་རྒྱ་འབྲེལ་མོལ་ཐད་ཕྱག་ལས་དམིགས་བསལ་གང་འདྲ་གནང་འཆར་ཡོད་མེད་དྲིས་པར་ཁོང་མོས། བོད་རྒྱ་འབྲེལ་མོལ་དེ་ང་ཚོ་ཚང་མས་བཤད་བསྡད་པ་ཞིག་དང་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་སྟབས། བོད་རྒྱ་འབྲེལ་མོལ་ཡོད་པའི་སྐབས་ལ་འབྲེལ་མོལ་ཡོང་ཐབས་ཀྱི་ཁོར་ཡུག་ཅིག་བསྐྲུན་དགོས་པ་དང་། ད་ལྟ་འབྲེལ་མོལ་མེད་པའི་སྐབས་སུ་འབྲེལ་མོལ་ཡོང་ཐབས་ཆེད་དུ་ཁོར་ཡུག་སྐྲུན་རྒྱུ་དང་། ཁོར་ཡུག་དེ་ག་འདྲ་ཞིག་ལ་ངོས་འཛིན་དགོས་པ་རེད་ཅེས་ན། ང་ཚོ་བོད་དང་རྒྱ་ཐ་དད་ཡིན་པ་དང་། ང་ཚོས་རང་བཙན་དང་དབུ་མ་ག་རེ་བརྩད་པ་ཡིན་ན་ཡང་། གཞི་རྩ་དེ་བོད་དང་རྒྱ་ཐ་དད་ཡིན་པ། བདེན་པའི་གཞི་རྩ་བཅས་རྩོད་ཀྱི་ཡོད་དུས། མ་འོངས་པར་བོད་རྒྱ་འབྲེལ་མོལ་ཡོང་དགོས་པ་ཞིག་ཆགས་ཀྱི་ཡོད་པ་དང་། གཙོ་བོ་ང་རང་ཚོ་བོད་པའི་གནས་སྟངས་ཧྲ་ཐག་ཐག་ཡོད་པ་བྱས་ཏེ། རྒྱལ་ཁབ་གཞན་གྱི་རྒྱབ་སྐྱོར་དང་བསྟུན་འབྲེལ་མོལ་ཡོང་དགོས་པ་དང་། དེ་བཞིན་བོད་རྒྱ་འབྲེལ་མོལ་ལ་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་གཟིགས་ཕྱོགས་མི་འདྲ་བ་ཡིན་སྟབས། ཆབ་སྲིད་ཀྱི་འགྱུར་བ་དང་བསྟུན་ནས་ཡོང་དགོས་པ་ཞིག་ཡིན་སྐོར་བརྗོད་སོང་།

ཡང་གསར་འགོད་པ་ཞིག་གིས། ཁྱེད་རང་ངོས་ནས་སྲིད་སྐྱོང་གི་ལས་འགན་གཙོ་བོ་དེ་ག་རེ་ལ་ངོས་འཛིན་གནང་གི་ཡོད་པ་དང་། ད་ལྟའི་ཆར་བོད་དོན་ཛ་དྲག་ཆེ་ཤོས་ག་རེ་ལ་ངོས་འཛིན་གནང་གི་ཡོད་ཅེས་དྲིས་པར་ཁོང་མོས། སྲིད་སྐྱོང་གི་ལས་འགན་གཙོ་བོ་དེ་བཅའ་ཁྲིམས་དགོངས་དོན་གཞིར་བཟུང་། ང་རང་ཚོའི་གཞུང་གི་ཆབ་སྲིད་ཀྱི་དབུ་འཁྲིད་ཡིན་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་ལ། དེ་བཞིན་ཛ་དྲག་ཆེ་ཤོས་དེ་སྤྱི་ཡོངས་ནས་བོད་ནང་གི་གནས་བབ་དང་། འཛམ་གླིང་ཡོངས་སུ་བོད་ཀྱི་གནས་སྟངས། ལྷག་དོན་ད་ལྟའི་ཆར་རྒྱལ་བ་རིན་པོ་ཆེ་དབུ་བཞུགས་ཡོད་པའི་དུས་ཚོད་བཟང་པོ་འདིར། བོད་མི་ཚོས་ཛ་དྲག་གི་དུས་ཚོད་ཅིག་ལ་བརྩིས་ནས་མཉམ་རུབ་གྱིས་ལས་ཀ་སྒྲུབ་དགོས་འདུག་བསམ་གྱི་ཡོད་སྐོར་བརྗོད་བྱུང་།

ཁྱེད་རང་བུད་མེད་ཅིག་ཡིན་སྟབས་མ་འོངས་པར་སྲིད་སྐྱོང་ལ་ཐོབ་པ་ཡིན་ན། བོད་ཀྱི་བུད་མེད་སྲིད་སྐྱོང་ཐོག་མ་དེ་ཆགས་ཀྱི་ཡོད་པས། བུད་མེད་ཅིག་ཡིན་པའི་ངོས་ནས་གདོང་ལེན་བྱ་དགོས་པ་དང་སྤྱི་ཚོགས་ཁྲོད་བུད་མེད་ནུས་སྟོབས་གོང་སྤེལ་ཐད་འཆར་གཞི་ག་རེ་ཡོད་མེད་དྲིས་པར་ཁོང་མོས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བུད་མེད་ཚོར་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་པར་ཐོབ་ཐང་དང་གོ་སྐབས་འདྲ་མཉམ་སྤྲད་ཡོད་པ་དང་། བུད་མེད་ཅིག་ལ་མཚོན་ན་ང་ཚོས་ནམ་རྒྱུན་རང་ཉིད་ཚོ་སྐྱེས་པ་ཕོ་ལས་ཁྱད་འཕགས་ཤིག་ཡིན་པ་སྒྲུབ་ཀྱི་ཡོད་པ་དང་། ང་རང་གི་མི་ཚེའི་ནང་དེ་ལྟ་བུའི་ཉམས་མྱོང་མང་པོར་འཕྲད་མྱོང་བ་དང་། ང་རང་ངོས་ནས་མ་འོངས་པར་བོད་པའི་བུད་མེད་ཚོར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་ལ། བུད་མེད་ཅིག་སྲིད་སྐྱོང་ལངས་པ་དེས་དངོས་ཤུགས་གཉིས་ནས་ང་ཚོས་པེ་ཅིན་དང་རྒྱལ་སྤྱིའི་སྟེང་བརྡ་ལན་ཞིག་སྤྲོད་ཀྱི་ཡོད་པ་རེད། དེ་བཞིན་ཐེངས་འདིར་ང་རང་འོས་མིར་ལངས་པ་བཞིན་འོས་བསྡུའི་མཐའ་མཇུག་བར་མཚམས་འཇོག་རྩ་བ་ནས་བྱེད་ཀྱི་མིན་ཞེས་བརྗོད་བྱུང་།

འདི་གའི་གསར་འགོད་པས་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་སུ། ཉེ་ལམ་བོད་མིའི་ཉམ་ཐག་སྐོར་ཞིག་ལ་བརྙན་ཐུང་བཟོས་ཏེ་བོད་མི་ནང་ཁུལ་དུ་རོགས་དངུལ་བསྡུ་རུབ་ཀྱི་བྱ་འགུལ་ཞིག་སྤེལ་མུས་ཡིན་སྐབས། ནང་སྲིད་ལས་ཁུངས་ནས། བྱ་འགུལ་དེ་དག་ནི་༧གོང་ས་མཆོག་གི་ཐུགས་དགོངས་དཀྲུག་པའི་རྒྱུར་འགྱུར་ངེས་པ་དང་།  བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་ལ་གནོད་ཀྱི་ཡོད་སྐོར་དང་། བོད་མི་ཉམ་ཐག་ཚོས་བརྙན་ལམ་ནས་སློང་མོ་བྱས་ཚེ་རང་བཞིན་གྱིས་ཉམ་ཐག་ཁོངས་ནས་ཕྱིར་ཕུད་ཟིན་པར་ངོས་འཛིན་བྱ་རྒྱུ་ཡིན་སྐོར་གྱི་བཀའ་ཁྱབ་ཅིག་བཏང་བ་དེར། གཟིགས་ཕྱོགས་གང་འདྲ་ཡོད་མེད་དང་། ཁོང་ཉིད་སྲིད་སྐྱོང་དུ་བདམས་ཐོན་བྱུང་ཚེ་དེ་ལྟ་བུའི་གནད་དོན་ལ་ཐག་གཅོད་ཇི་ལྟར་བྱ་རྒྱུ་ཡིན་སྐོར་དྲིས་པར། འཛིན་སྐྱོང་གི་ལྟ་སྐྱོང་དང་འབྲེལ་བའི་ཐོག་ལ་བཀའ་གནང་རྒྱུ་དེ། ངས་འཛིན་སྐྱོང་གི་དགོངས་པ་གང་འདྲ་བཞེས་ཡོད་མེད་དང་ཁོང་རྣམ་པར་སྐུ་ལས་དང་གནས་སྟངས་གང་འདྲ་ཆགས་ཀྱི་ཡོད་པའི་གནས་སྟངས་ཚོད་དཔག་བྱེད་ཐུབ་ཀྱི་འདུག དེར་བརྟེན་ངས་ཁོང་ཚོར་མཐའ་གཅིག་ཏུ་སྐྱོན་འཛུགས་བྱེད་ཐུབ་ཀྱི་མི་འདུག ཡིན་ན་ཡང་། ང་ཚོས་ཕྱིའི་མི་དང་རོགས་ཚོགས་ཁག་ལ་རོགས་རམ་སློང་གི་ཡོད་པ་རེད་དེ། ད་ལྟ་དུས་ཚོད་ལ་འགྱུར་བ་ཕྱིན་ཏེ། བོད་པ་རང་གིས་ཕན་ཚུན་ལ་དཔལ་འབྱོར་གྱི་ཐོག་ནས་ལྟ་སྐྱོང་དང་རོགས་རམ་བྱ་ཐུབ་ཀྱི་ཡོད་པ་རེད། དེ་བཞིན་སྤྱི་ཚོགས་ནང་ལ་དགུང་ལོ་གཞོན་པ་ཚོས་དང་དུ་བླངས་ལེན་པ་དང་། ལྷག་པར་དུ་ནད་ཡམས་སྐབས་སུ་དགོན་སྡེ་ཁག་སོགས་ཀྱིས་རོགས་རམ་བྱས་པ་དེ་ཡག་རྟགས་རེད་བསམ་གྱི་འདུག འོན་ཀྱང་ང་ཚོའི་སྤྱི་ཚོགས་ནང་དུ་ཁག་གཅིག་གིས་འགྲིག་མ་འགྲིག་བྱུང་དུས་གཞུང་མར་འཐེན་ཐབས་བྱེད་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། པ་སངས་ཚེ་རིང་།

མཆན། 9

  1. ཟ་ལེ་རྒྱལ། says:
    ལོ་ 3 སྔོན།

    དྲང་མོར་བཤད་ན། འདི་ལོའི་འོས་མི་ནང་བོད་མི་ནང་ཁུལ་མཐུན་ལམ་ལ་བསམ་ན་སྒྲོལ་མ་རྒྱག་རིས་འདི་ཅིག་ཡག་ཁག་ཟིག་རེད། གཞན་དེ་ཚོ་རྙོག་དྲ་ཅན་ཆེ་གི

    Reply
  2. ངཔའ་རྒོད་ says:
    ལོ་ 3 སྔོན།

    རྒྱ་རི་དང་འབྲོང་ཆུང་གཉེས་སུ་ལ་ཐོབ་ན་ཁྱེད་མེད། གཞེན་པ་དེ་ཚོ་ཐོབ་ན་བཀྲིས་བདེ་ལེགས་དང་མ་ཐོབ་ན་ཡང་བཀྲིས་བདེ་ལེགས་ཡིན། འབྲོང་ཆུང་དང་རྒྱ་རི་གཉིས་ལ་བོད་མི་ཆིག་སྒྲིལ་གྱི་ནུས་པ་དེ་ཆེ་བར་མཐོང། ཆིག་སྒྲིལ་མེད་ན་བོད་མིའི་མདུན་ལམ་ཚར་བ་རེད།

    Reply
  3. སྙན་ངག་པ། says:
    ལོ་ 3 སྔོན།

    སྐུ་ངོ་རྒྱ་རི་སྒྲོལ་མ་རྒྱལ་གྱུརད་ཅིག

    གངས་ཅན་བོད་ཀྱི་ལོ་རྒྱུས་ཕྲེང་བ་ལས།།
    བྱས་རྗེས་གསེར་གྱི་རི་ལ་བརྐོས་པ་ཡིས།།
    འབྲོང་བཟའ་ཁྲི་མ་ལོད་ཀྱི་ཚ་མོ་སྟེ།།
    སྙིང་ཅན་རྒྱ་རི་སྒྲོལ་མ་རྒྱལ་གྱུརད་ཅིག།

    སྟོང་ལོ་ ༢༠ རྒྱ་ནད་ནག་དུས་སུ།།
    སྐྱེས་པ་ཕོ་ཡིས་མ་འཇོན་ཟ་མ་མོས།།
    བྱས་རྗེ་བཞག་པའི་དུས་ཀྱི་སོ་ཁ་ལ།།
    བུད་མེད་སྲིད་སྐྱོང་རྒྱ་རི་སྒྲོལ་མ་མཁོ།།

    ཆོལ་ནད་ནག་པོ་དུག་ཆུ་མ་འཐུང་བར།།
    གླེན་པ་ཨུ་ཚུགས་ཞྭ་ནག་མི་གྱོན་པར།།
    ཐའེ་ཝན་འཇར་མན་ནེའུ་ཛི་ལན་ཌི་སོགས།།
    བུད་མེད་སྲིད་འཛིན་སྲིད་བློན་རྣམས་ལ་གཟིགས།།

    སྟག་ཤར་བརྒྱ་ཡི་སྙིང་ཅན་སྒྲོལ་མ་འདི།།
    ཕྱི་ཡི་དགྲ་ལ་རྒྱ་སྟག་བཞིན་དུ་ངར།།
    ནང་གི་གཉེན་ལ་དར་དཀར་ལས་ཀྱ་འཇམ།།
    ཞི་ཁྲོ་གཉིས་ལྡན་སྒྲོལ་མ་སྐུ་དངོས་འདྲ།།

    བོད་པ་ནང་ཁུལ་ཞི་བདེ་ལྷིང་འཇགས་དང་།།
    མ་འོངས་ཕུག་འདུན་གཞན་ལ་བརྡ་ལན་སོགས།།
    འོས་མི་གཞན་ལ་རེ་བ་མ་མཐོང་བས།།
    འོས་ཤོག་རྐང་གཅིག་ཨ་མ་སྒྲོལ་དམར་འབུལ།།

    Reply
  4. ཀུན་དགའ་ཚེ་རིང་ says:
    ལོ་ 3 སྔོན།

    ངས་བལྟ་དུས་འདི་ལོའི་སྲིད་སྐྱོང་འོས་མི་ནང་རེ་བ་ཆེ་ཤོས་རྒྱ་རི་སྒྲོལ་མ་མཐོང་གི་འདུག ཁོང་ནང་སྲིད་བཀའ་བློན་སྐབས་ལྡི་ལི་བསམ་ཡས་གླིང་གི་དཀའ་རྙོག་དང་། རྡ་སའི་ཁང་པ་ ༢༡༠ ཡི་དཀའ་རྙོག གཞན་ཡང་ཁྲོམ་སའི་དཀའ་ངལ་སོགས་དཀའ་ངལ་མི་ཉུང་བ་ཞིག་སེལ་བ་དང་སེལ་ཐབས་འབད་བརྩོན་གནང་ཡོད། འདི་ལོ་བོད་ཀྱི་བུད་མེད་ཚོས་ཁོ་མོར་རྒྱབ་སྐྱོར་གནང་བའི་རེ་བ་ཡོད། འབྲོག་བཟའ་ཁྲི་མ་ལོད་གཉིས་པ། སྲིད་སྐྱོང་རྒྱ་རི་སྒྲོལ་མ་རྒྱལ་ལོ་་་་་་་་་་་་

    Reply
  5. ངག་དབང་སྒྲོལ་དཀར། says:
    ལོ་ 3 སྔོན།

    རྗེས་སུ་གཏམ་བཤད་གནང་དུས་རྒྱ་རི་སྒྲོལ་མས་ངུ་སྐད་རྒྱག་ན་འོས་ཤོག་བླུག་རྒྱུ་མིན། ངུ་སྐད་མ་རྒྱག་ན་བརྒྱ་ཆ་བརྒྱ་ཐམ་པ་ངའི་འོས་ཤོག་དེ་རྒྱ་རི་སྒྲོལ་མ་ལ་ཡིན། གཞན་དག་ལ་མེད་དོ། གཞན་འདི་ལོ་འོས་མི་དྲག་བ་ཞིག་མི་འདུག ཁ་ཆག་སྣ་རལ་འདྲ་རྐྱང་རེད་འདུག ཨཅྱ་ནི་སྙིང་རྗེ།

    Reply
  6. བསོད་ནམས་རྒྱལ་མཚན། says:
    ལོ་ 3 སྔོན།

    བུད་མེད་ཅིག་སྲིད་སྐྱོང་འོས་མིར་ལངས་པ་དེས་པེ་ཅིན་དང་རྒྱལ་སྤྱིའི་སྟེང་བརྡ་ལན་ཞིག་སྤྲོད་ཀྱི་ཡོད་ཟེར། ཨ ཧི ཧི ཧི Wao ! Gyari Dolma, Mr Zhi Jin Fin Dreams… Duniya Ka Raja. And You Dreams… Jhansi Ka Rani. Talwar Ka Zamana Khatam. Abhi Missile Ka Zamana ? ? ? ? ? ? ? པེ་ཅིན་ ko བརྡ་ལན་ Kya Dena ? Woh Log Pura Bekup or Pather Hai Na Mem Sahb. དངོས་ནས་ རྒྱ་རི་སྒྲོལ་མ་ལགས་ དེལ་ལི་ལ་བཞུགས་བཞུགས་ཉིད་ཀྱི་ རྒྱ་གར་གྱི་ ནེ་ཏ་ཚོའི་ ཁ་དེ་ བྱང་ཆུབ་པ་ཞིག་རེད་འདུག་ག ? ? ? ? ? ? ? ?

    Reply
  7. གཡང་མོ་སྐྱིད། says:
    ལོ་ 3 སྔོན།

    བོད་ཀྱི་བུད་མེད་ཚོ་ཡར་ལ་ལོངས་ཤོག བུད་མེད་ནི་གནམ་གྱི་ཕྱེད་ཀ་ཡིན།

    Reply
  8. རྟ་འགྲིན་བཟང་མོ། says:
    ལོ་ 3 སྔོན།

    འདི་ལོར་ཏོག་དབྱིབས་ནད་དུག་སྐབས་འཛམ་གླིང་བུད་མེད་ཀྱི་དབུ་ཁྲིད་ཚོས་སྐད་གྲགས་བཞག་ཡོད་ལེ་རེད། རྒྱ་རི་སྒྲོལ་མས་ཀྱང་སྐད་གྲགས་བཞག་པར་སྨོན།

    Reply
  9. བྱམས་པ་ལྷུན་འགྲུབ་ says:
    ལོ་ 3 སྔོན།

    བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་ལ་རྟེན་འབྲེལ་ཞུ། དུས་རབས་ཉེར་གཅིག་ལ་བུད་མེད་ཀྱི་དབུ་ཁྲིད་གནད་འགག་ཆགས་ཡོད། ཤུགས་རྒྱོབས། གལ་ཆེ་ཤོས་རྗེས་སུ་གཏམ་བཤད་གནང་དུས་མ་ངུ་ཨ། སྐད་ཆ་རྫིག་པོ་འདྲ་བཤད་དགོས། ཁྱེད་ལ་རྒྱབ་སྐྱོར་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist