མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གྲོས་ཚོགས་ཚོགས་དུས་བཅུ་པ་འཕར་འགྱངས་གནང་།

བོད་ཀྱི་དུས་བབ།
༢༠༢༠/༠༨/༡༧
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་ཕྱི་ཟླ་་ ༩ ཚེས་ ༡༦ ནས་ཉིན་གྲངས་ ༨ རིང་འཚོགས་གཏན་འཁེལ་བའི་གྲོས་ཚོགས་ཚོགས་དུས་བཅུ་པ་ཕྱི་ལོ་ ༢༠༢༡ ཟླ་ ༣ པའི་ནང་བར་འཕར་འགྱངས་གནང་འདུགདེ་རིང་ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་རྣམ་གཉིས་ཀྱིས། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༦ ཉིན་ནས་ཚེས་ ༢༤ བར་འཚོགས་གཏན་འཁེལ་ཡོད་པའི་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པ་དེ། ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་རྐྱེན་པས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦ པ་དང་། དོན་ཚན་ ༤༩ པའི་ནང༌གསེས་ ༢ པའི་དགོངས་དོན་ལྟར་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༣ པའི་བར་དུ་འཕར་འགྱངས་གནང་ཡོད་པ་གསལ་བསྒྲགས་གནང་སོང་།

གྲོས་ཚོགས་ཚོགས་དུས་ ༡༠ པ་འཕར་འགྱངས་གནང་དགོས་པའི་རྒྱུ་མཚན་ཐད་བོད་མི་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས། རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ རྐྱེན་པས་འཛམ་གླིང་ཁྱོན་ཡོངས་ཀྱི་གནས་སྟངས་ཉིན་ནས་ཉིན་ལྟར་ཆེས་ཛ་དྲག་ཏུ་འགྱུར་བཞིན་ཡོད་པ་དང་། ལྷག་པར་དུ་དྷ་ས་ས་གནས་ནི་༧རྒྱལ་བའི་བཞུགས་སྒར་ཡིན་སྟབས་གང་ཅིའི་ཐད་འགན་ཁུར་བྱ་དགོས་པ་དང་། གྲོས་ཚོགས་ཚོགས་པའི་དབང་དུ་བཏང་ནའང་རྒྱལ་སྤྱིའི་འགྲུལ་བཞུད་སྒོ་རྒྱ་བསྡམས་པའི་རྐྱེན་གྱིས་འགྲོ་འོང་དཀའ་ངལ་གྱི་ཕྱོགས་ནས་རྒྱ་གར་ལས་གཞན་པའི་ཕྱི་རྒྱལ་དུ་ཡོད་པའི་སྤྱི་འཐུས་མང་ཆེ་བ་ཕེབས་མི་ཐུབ་པ་དང་། རྒྱ་གར་ནང་ནས་ཀྱང་སྤྱི་འཐུས་ཅི་ཙམ་ཕེབས་ཐུབ་ཀྱི་ཡོད་མེད་རྟོགས་ཐབས་དཀའ་བའི་གནས་སྟངས་བཅས་ཀྱི་ཆ་ནས་ཐེངས་འདིའི་ཐག་གཅོད་མ་བྱས་ཐབས་མེད་བྱུང་སྐོར་དང་། ཕྱི་ཟླ་ ༩ པའི་གྲོས་ཚོགས་འཚོགས་རྒྱུ་མིན་ནའང་། དེ་འབྲེལ་གྱི་ལས་དོན་ལ་འཐུས་ཤོར་མེད་པར་འབད་སྒྲུབ་གནང་རྒྱུ་ཡིན་སྐོར་གསུངས་སོང་།

དེའི་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱ་རྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༩ – ༢༠༢༠ ལོའི་ལོ་འཁོར་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ནས་རྣམ་ཀུན་ལྟར་ཞིབ་འཇུག་ཞུ་མུས་ཡིན་པ་དང་། དེར་དྲི་བ་ཅི་ཡོད་བཀའ་དྲུང་ཡིག་ཚང་བརྒྱུད་ལས་ཁུངས་སོ་སོར་འབུལ་རྒྱུ་ཡིན་པ། ལྷན་ཁང་ཁག་གི་ལས་བསྡོམས་སྙིང་བསྡུས་དང་རྒྱུན་ལས་ཀྱི་དྲི་བའི་ལན་འདེབས་བཅས་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༠ འགྱངས་མེད་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་ (PDF) ནང་ཕུལ་ཟིན་པ་དགོས་པ་དང་། ལས་བསྡོམས་སྙིང་བསྡུས་ཕུལ་འབྱོར་བྱུང་བ་རྣམས་སྤྱི་འཐུས་རྣམ་པར་གློག་འཕྲིན་བརྒྱུད་འབུལ་ལམ་ཞུ་རྒྱུ་དང་། ལས་བསྡོམས་སྙིང་བསྡུས་ཐོག་སྤྱི་འཐུས་རྣམ་པའི་དྲི་བ་ཡོད་རིགས་ཕྱི་ཟླ་ ༡༠ ཚེས་ ༡༥ འགྱངས་མེད་ཚོགས་དྲུང་ལས་ཁུངས་སུ་གནང་རྒྱུ་དང་། ཚོགས་དྲུང་ལས་ཁུངས་ནས་བཀའ་དྲུང་ཡིག་ཚང་བརྒྱུད་དཔལ་ལྡན་བཀའ་ཤག་ལ་འབུལ་རྒྱུ། དེ་བཞིན་འཛིན་སྐྱོང་ནས་ལས་བསྡོམས་ཀྱི་དྲིས་ལན་རྣམས་ཕྱི་ཟླ་ ༡༠ ཚེས་ ༣༡ འགྱངས་མེད་ཚོགས་དྲུང་ལས་ཁུངས་སུ་ངེས་གནང་ཟིན་དགོས་སྐོར་གསུངས་སོང་བ་དང་། མང་ཚོགས་ཀྱི་མཁྱེན་རྟོགས་སླད་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་ཁག་གི་ལོ་འཁོར་ལས་བསྡོམས་རྒྱས་བསྡུས་གཉིས་ཀྱི་དྲི་བ་དང་དྲིས་ལན་རྣམས་སྤྱི་འཐུས་ལྷན་ཁང་གི་དྲྭ་རྒྱའི་ཐོག་འགྲེམས་སྤེལ་གནང་རྒྱུ་ཡིན་སྐོར་གསུངས་སོང་།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་དྲུག་པ་སྟེ་རྒྱལ་སྤྱིའི་ཁྲིམས་ལུགས་དང༌། ཡུལ་ཁྲིམས་ལ་བརྩི་སྲུང༌ཞེས་པའི་ནང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ལུགས་དང༌། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་རྒྱལ་སྤྱིའི་ཁྲིམས་ལུགས་དང༌། ལྷག་དོན་བོད་མིའི་གནས་ཡུལ་རྒྱལ་ཁབ་ཁག་གི་ཡུལ་ཁྲིམས་དང་མི་འགལ་བ་བྱ་རྒྱུ། ཞེས་འཁོད་ཡོད་པ་དང་། ཡང་དོན་ཚན་ ༤༩ པའི་ནང༌གསེས་ ༢ པའི་ནང་། སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་ཚོགས་འདུ་ཉིན་གྲངས་བདུན་ལྷག་འཕར་འགྱངས་བྱེད་དགོས་བྱུང་ན་ཚོགས་གཙོ་སྦྲེལ་པོས་ཚོགས་འདུ་འཕར་འགྱངས་ཀྱི་ཐག་གཅོད་བྱ་རྒྱུ། ཅེས་འཁོད་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཚོགས་ཐེངས་ ༣༢༧ ཐོག་བཀའ་བསྡུར་ཐག་གཅོད་བྱུང་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist