མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྒྲོལ་དཀར་ལགས་ཀློད་གྲོལ་བཏང་འདུག

བོད་ཀྱི་དུས་བབ།
༢༠༢༠/༠༨/༡༧
Share on FacebookShare on TwitterShare on EmailShare on Whatsapp

སེར་ཤུལ་རྫོང་ནས་ཡིན་པའི་བོད་རིགས་བུད་མེད་སྒྲོལ་དཀར་ལགས་བཙོན་ཁང་ནས་ཀློད་གྲོལ་བཏང་ཡོད་ཀྱང་རྐང་ལག་བཞི་ནད་པར་གྱུར་ཏེ་འགྲོ་སྐྱོད་ཁག་པོ་ཆགས་ཡོད་འདུག

དེ་རིང་འདི་གའི་གསར་ཁང་ལ་འབྲེལ་ཡོད་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱ་ནག་གཞུང་གིས་སྤྱི་ཚོགས་བདེ་འཇགས་དཀྲུག་པའི་ཉེས་མིང་འོག བོད་རིགས་བུད་མེད་སྒྲོལ་དཀར་ཞེས་པ་ཞིག་ལ་བཙོན་འཇུག་ཁྲིམས་ཐག་ལོ་གཅིག་དང་ཟླ་གསུམ་བཅད་པ་དུས་ཡུན་རྫོགས་ཏེ་ཀློད་གྲོལ་བཏང་ཡོད་ཀྱང་། ཁོང་མོའི་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་པ་མ་ཟད། རྐང་ལག་བཞི་ནད་པར་གྱུར་ཏེ་འགྲོ་སྐྱོད་ཁག་པོ་ཆགས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་གྱི་དགོང་མོར་སྒྲོལ་དཀར་ལགས་ཀློད་གྲོལ་བཏང་ཡོད་ན་ཡང་། བཙོན་ཁང་དུ་རྡོ་མང་པོ་དབོར་འདྲེན་བྱས་པ་སོགས་ངལ་རྩོལ་ཚད་མེད་བྱེད་དུ་བཅུག་པ་དང་། གཅར་རྡུང་བྱས་ཏེ་ལུས་པོ་གང་སར་སྔོ་ཐིག་བཟོས་ཡོད་པ་དང་། སྨན་བཅོས་དུས་ཐོག་མ་ཐོབ་པའི་རྐྱེན་གྱིས་དཔྱི་མགོ་གཡས་གཡོན་གཉིས་དང་། རྐང་ལག་བཞིའང་འགུལ་སྐྱོད་ལེགས་པོ་མི་ཐུབ་པར་གྱུར་ཡོད་སྟབས། ཕྱི་ཚེས་ ༡༦ ཉིན་སྨན་ཁང་དུ་བསྟན་ནས་ད་ལྟ་རང་ཁྱིམ་དུ་སྨན་ལ་བསྟེན་ནས་བསྡད་ཡོད་སྐོར་བརྗོད་བྱུང་།

སྔར་ལོའི་ཕྱི་ཟླ་ ༤ ཚེས་ ༢༩ ཉིན། ཁོང་མོའི་ཚ་བོ་དབང་ཆེན་ལགས་དང་། ཁོའི་རོགས་པ་བློ་བཟང་ལགས་དང་ཡོན་ཏན་ལགས་གསུམ་གྱིས་རི་མགོར་བསང་གསོལ་བཏང་བ་དང་བསྟུན། རི་མགོ་ནས་༧པན་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པ་དང་། ༧རྒྱལ་བ་༧པཎ་ཆེན་རྣམ་གཉིས་བོད་ནང་ཞལ་འཛོམས་ཞུ་དགོས་པའི་སྐད་འབོད་གནང་རྐྱེན། རྒྱ་ནག་གཞུང་གིས་ཁོང་ཚོ་གསུམ་འཛིན་བཟུང་བྱས་རྗེས། སྒྲོལ་དཀར་ལགས་ཀྱིས་ཁོང་གསུམ་འཛིན་བཟུང་བྱས་པའི་གནས་ཚུལ་ཕྱི་ལ་བཤད་པར་བརྟེན། ངན་པ་ལག་འབྲེལ་བྱས་ཏེ་རྒྱལ་ཁབ་ཀྱི་རྩ་དོན་དང་། ས་གནས་བདེ་འཇགས་ལ་གནོད་པའི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ། ངན་པར་ལག་འབྲེལ་བྱས་ཏེ་སྤྱི་ཚོགས་བདེ་འཇགས་དཀྲུག་པའི་ཉེས་མིང་འོག་ལོ་གཅིག་དང་ཟླ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ར་རྔ་ཁའི་བཙོན་ཁང་ཞིག་ཏུ་བཅུག་ཡོད་འདུག

སྒྲོན་དཀར་ལགས་མགོ་ལོག་རྨ་སྟོད་རྫོང་ཆུ་སྔོན་ལུང་བ་ནས་ཡིན་པ་དང་། རང་ལོ་ ༡༨ ནས་ཡུལ་ཤུལ་དུ་ལོ་མང་རིང་བསྡད་ཡོད་པ་དང་། རྗེས་སུ་ཁོང་གི་སྤུན་མཆེད་མང་པོ་སེར་ཤུལ་ཁུལ་དུ་ཡོད་སྟབས། དེ་རུ་ཁང་པ་ཉོས་ནས་གཏན་སྡོད་བྱས་ཡོད་འདུག་ལ། མོའི་ཁྱོ་གའི་མིང་ལ་སྐར་ཚེ་ཟེར་བ་དང་། ཁོང་གཉིས་ལ་རང་ལོ་ ༡༦ ཡིན་པའི་བུ་མོ་སྒྲོལ་དཀར་ལྷ་མོ་དང་། རང་ལོ་ ༨ ཡིན་པའི་བུ་མོ་རིན་ཆེན་ལྷ་མོ་ཞེས་པ་ཞིག་ཡོད་འདུག དེ་བཞིན་དབང་ཆེན་ལགས་ཀྱི་ཤུལ་དུ་ཨ་མ་ལགས་དང་སྤུན་མཆེད་བུ་མོ་གཉིས་དང་བུ་གཅིག་རྒྱ་གར་ལྷོ་ཕྱོགས་སུ་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ། དོན་གྲུབ་བཀྲ་ཤིས།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist