མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ཐེངས་ཁྲིམས་ཞིབ་ཁང་ལ་རྒྱུ་མཚན་འདང་ངེས་ཡོད་པར་མ་མཐོང་།

བོད་ཀྱི་དུས་བབ།
༢༠༢༠/༠༩/༢༧
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་རྒྱུན་ལས་བློ་བཟང་ཆོས་འབྱོར།

        ༢༠༢༠ ཟླ་ ༩ ཚེས་ ༢༦ རེས་གཟའ་པ་སངས་ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གུས་ཅག་སྤྱི་འཐུས་རྒྱུན་ལས་རྣམ་པའི་འདེམས་བྱེད་ཀྱི་ཐོབ་ཐང་བཀག་བསྐྱིལ་བྱས་པའི་གསལ་བསྒྲགས་སྤེལ་བ་དང་། དེ་མ་ཐག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ངོས་ལེན་མེད་པའི་རྒྱུ་མཚན་འཁོད་པའི་གསལ་བསྒྲགས་ཡང་སྤེལ་ཡོད་པ་ཀུན་གསལ་བཞིན། ཕྱོགས་གཉིས་ཀྱི་གསལ་བསྒྲགས་རྣམས་ཞིབ་ཏུ་མཇལ་ན་གནས་ཚུལ་ཆ་ཚང་བ་གོ་རྟོགས་ཡོང་ངེས་པས། མི་མང་ནས་ཐུགས་སྣང་ཞིབ་ཚགས་ཡོང་བར་འབོད་སྐུལ་ཞུ་རྒྱུ་ཡིན། བཙན་བྱོལ་བོད་མིའི་ཁྲོད་རང་རེའི་ཁྲིམས་སྒྲིག་ཀུན་གྱི་རྒྱལ་པོ་བཅའ་ཁྲིམས་རིན་པོ་ཆེར་སློབ་སྦྱོང་བྱེད་མཁན་དང་། རྒྱུས་མྱོང་ཤེས་རྟོགས་ཅན་ཉུང་བ་ནི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་རྗེས་ལུས་ཀྱི་རྣམ་པ་གསལ་པོ་ཞིག་ཡིན། ད་ཐེངས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ། རྒྱུན་ལས་ལྷན་རྒྱས་ཀྱི་ལས་དོན་གནང་ཕྱོགས་ནང་ཐད་ཀར་ཕྱག་བརྐྱངས་བ་ལ་བརྟེན་ནས་བྱུང་བའི་གནད་དོན་འདི། བཅའ་ཁྲིམས་དང་མང་གཙོ་ཀ་བ་གསུམ་གྱི་ས་མཚམས་དང་འབྲེལ་བའི་རྩོད་གླེང་གནད་འགག་ཅན་ཞིག་ཡིན་པས། ཉམས་མྱོང་འདི་རིགས་ཀྱིས་ལས་ཀྱི་སྣེ་མོ་བ་དང་མི་མང་གཉིས་ཀའི་ཁྲིམས་ཀྱི་ཤེས་རྟོགས་གོང་འཕེལ་ལ་ཕན་པ་མ་ཟད། སྤྱི་ཚོགས་ཁྱོན་ཡོངས་ཀྱི་གནས་ཚད་ཡར་རྒྱས་ལ་སྒུལ་ཤུགས་གཏོང་ཐུབ་པས། གནད་དོན་འདི་རིགས་གླེང་སློང་གནང་སྐབས་གཟུ་བོར་གནས་ཤིང་ཕུགས་དམིགས་སྤྱི་པར་ཕན་པ་ཞིག་གི་ཐོག་ཏུ་འབབ་ཐུབ་རྒྱུར་ཚང་མས་འབད་བརྩོན་གནང་གལ།

གུས་ནས་སྐབས་འདིར། སྙིང་པོ་བསྡུས་ནས་བརྗོད་ན། གནད་དོན་གསུམ་དུ་འདུ་སྟེ།

༡ ཆེས་མཐོའི་ཁྲིམས་ཁང་ལ་ཐད་ཀར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་བཀའ་གཏོང་རྒྱུའི་དབང་ཚད་ཡོད་མེད།

༢ ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྐབས་འདིར་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་གནང་བ་ཁག་ཏག་ཏག་ཡིན་མིན།

༣ ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་གནང་རྒྱུའི་དབང་ཚད་ཅི་ལྟར་ཡོད་མེད་བཅས་རེད།

དེ་ལས།

༡ ཆེས་མཐོའི་ཁྲིམས་ཁང་ལ་ཐད་ཀར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་བཀའ་གཏོང་རྒྱུའི་དབང་ཚད་ཡོད་མེད་ཐད། བཅའ་ཁྲིམས་ཀྱི་ཁུངས་ལུང་ལྡན་པའི་ལྟ་སྟངས་འདི་ལྟར་ཡིན།

བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་གྲོས་ཚོགས་ཚོགས་དུས་བཅུ་པ་ཕར་འགྱངས་གནང་བ་དེ། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཅའ་ཁྲིམས་དང་འགལ་འདུག བཅའ་ཁྲིམས་དང་འགལ་བ་བྱུང་ཚེ་ཁྲིམས་ཞིབ་ཁང་བཅའ་ཁྲིམས་སྲུང་སྐྱོབ་ཀྱི་བྱ་ར་བ་ཡིན་པས། སྤྱི་མང་གཏུག་བཤེར་འགྲོ་ལུགས་ཀྱི་དོན་ཚན་ ༦ ནང་གསེས་༼༤༥༽དང་དོན་ཚན་ ༦༩ ནང་གསེས་ ༼ཏ༽ འོག་ཁྲིམས་ཀྱི་ངོས་བཞེས་ཟེར་པ་བརྒྱུད། ཐད་ཀར་བཀའ་བཏང་བ་ཡིན་སྟབས། བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས། ཆེས་མཐོའི་ཁྲིམས་ཞིབ་ཁང་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཀྱི་བྱ་ར་བ་ཡིན་ཚུལ་དང་། དོན་ཚན་ ༦༩ ནང་གསེས་༼ཏ་༽འོག་ཁྲིམས་ཀྱི་ངོས་བཞེས་ཟེར་པ་བརྒྱུད་དེ་ཐད་ཀར་བཀའ་ཁྱབ། བརྡ་ཐོ་སོགས་བཏང་བ་ནི། བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ ༦༦ པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད་ལས་བརྒལ་འདུག་པས། ཁྲིམས་ཀྱི་ངོས་བཞེས་ཟེར་པ་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་ཀྱི་དོན་ ༦༩ ནང་གསེས་༼ཏ༽ཟེར་པ་སོགས་ཁྲིམས་ཞིབ་ཁང་རང་གིས་རང་ལ་དབང་ཚད་གསར་སྣོན་བྱས་པ་ཞིག་རེད་འདུག། བཅའ་ཁྲིམས་ལས་བསྐུར་པའི་དབང་ཚད་དང་བརྒལ་བའི་ལས་དོན་རིགས་ཁྲིམས་ཞིབ་ཁང་གིས་གནང་མི་ཆོག་ཅེས་གསལ་བཤད་གསལ་འདེབས་ག་ཚོད་ཞུས་ཀྱང་། ཁྱོན་ནས་གསན་འཇོག་མ་གནང་བར། ཁྲིམས་ཞིབ་ཁང་རང་གི་འདོད་ཕྱོགས་ལྟར་གང་བྱུང་གནང་ཐལ་གྱུར་ཟིན་པས། གཙོ་བོ་བཅའ་ཁྲིམས་ལས་བརྒལ་བའི་ཐག་གཅོད་དེ་ཁས་ལེན་ཞུ་རྩ་གང་ཡང་མ་མཐོང་།

གུས་ནས་ ༡༩༩༡ ལོར་བཅའ་ཁྲིམས་ཐོག་མར་གཏན་འབེབས་སྐབས་ཀྱི་གྲོས་ཚོགས་ཀྱི་སྒྲ་བཤུས་ལ་ཡང་ཡང་ཞིབ་ཉན་དང་། བཅའ་ཁྲིམས་རིན་པོ་ཆེའི་འགྲེལ་བརྗོད་རྒྱས་བསྡུས་གཉིས་སོགས་འབྲེལ་ཡོད་ཡིག་ཚགས་དང་གཏམ་བཤད་མང་པོར་ཞིབ་འཇུག་ཞུས་ཀྱང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བཅའ་ཁྲིམས་རིན་པོ་ཆེས་ཁྲིམས་ཀྱི་ངོས་བཞེས་ཟེར་པ་དང་། དེ་ལག་བསྟར་ཆེད་བཟོས་པའི་སྤྱི་མང་གཏུག་བཤེར་འགྲོ་ལུགས་ཀྱི་དོན་ཚན་ ༦༩ ནང་གསེས་༼ཏ༽ཟེར་པ་ལྟ་བུའི་དབང་ཚད་དང་། ཡང་ན་དེ་དང་ཆ་འདྲ་བའི་དབང་ཚད་ཅིག་གཏན་ནས་སྤྲད་མི་འདུག་པས། ཁྲིམས་ཞིབ་ཁང་རང་གིས་རང་ལ་ལག་པ་ཐེ་བ་ཞིག་བཏགས་འདུག་པ་ཤེས་འཕྲལ་ཧ་ཅང་སྐྱི་གཡའ་བར་གྱུར།

རིང་པོ་ནས་ཞུ་མ་དགོས་པར། ཉེ་སྔོན་ཁ་མཆུ་ཨང་ ༢༠ སྐབས་ཀྱང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུག་བྱེད་མཁན་མི་དགོས་པར། ཐད་ཀར་ཕྱག་བརྐྱངས་ཆོག་པའི་དབང་ཚད་ཅིག་ཡོད་ན། བཀའ་ཤག་གི་ཁྲིམས་རྩོད་པས་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་པ་ཞུ་སྦྱོར་པས་ཁྲིམས་ཞིབ་ཁང་དུ་མ་ཞུས་པར་སྒུག་དགོས་དོན་མེད་ལ། ཁྲིམས་ཞིབ་ཁང་གི་ཁ་མཆུ་ཨང་ ༢༠ དྲང་པོ་མ་བྱུང་ཚུལ་གྱི་ས་ཡིག་འཁོད་པའི་ཡི་གེ་བཀྲམས་པ་དག་ཀྱང་། ཁྲིམས་ཞིབ་ཁང་ལ་བརྒྱུད་སྤྲོད་ཞུ་མཁན་ཞིག་མ་བྱུང་ཡང་ཐད་ཀར་ཕྱག་བརྐྱངས་ཏེ་ཐག་གཅོད་གནང་མ་ཆོག་པ་གང་ཡོད་ཀྱང་། དེང་སང་གཞི་ནས་ཕྱག་རིང་པོ་ཞིག་ཐད་ཀར་གང་སར་བརྐྱངས་ཆོག་ལུགས་གསུངས་པའི་མགོ་མཇུག་མི་མཚུངས་པའི་ཕྱག་ལས་གནང་སྟངས་འདི་རིགས་ཅུང་ཡ་མཚན་གྱི་གནས་སུ་ཆེ།

༢ ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྐབས་འདིར་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་གནང་བ་ཁག་ཏག་ཏག་ཡིན་མིན་ཐད། ལྟ་སྟངས་འདི་ལྟར་ཡིན།

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གྲོས་ཚོགས་ཕྱིར་འགྱངས་ནི། བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ ༤༠ བར་འགལ་བར་ངོས་འཛིན་དང་། དོན་ཚན་ ༦ དང་དོན་ཚན་ ༤༩ ནང་གསེས་༼༢༽གཉིས་ཀར་འབྲེལ་བ་མེད་ཚུལ་གསུངས་ཡོད། དོན་ཚན་ ༤༠ ནང་ཚོགས་འདུ་སྔ་མ་གྲོལ་བ་ནས་ཟླ་དྲུག་ནང་ཚོགས་འདུ་རྗེས་མ་དབུ་ཚུགས་ཟིན་པ་དགོས་རྒྱུ་ཞེས་གསལ་ནའང་། དོན་ཚན་ ༤༩ ནང་གསེས་༼༢༽ནང་ཉུང་མཐའི་གྲངས་ཚད་མ་ལོངས་ན་ཉིན་བདུན་ལྷག་འཕར་འགྱངས་བྱེད་ཆོག་པ་བསྟན་ཡོད། མི་སུ་ཡིན་ཡང་། ཚོགས་འདུའི་ཉུང་མཐའི་གྲངས་ཚད་མི་ལོངས་རྐྱེན་གནས་སྟངས་ཛ་དྲག་ཅི་རིགས་ཡོང་ངེས་པར་མོས་མཐུན་བྱེད་ལ། ད་ལོ་ནད་ཡམས་ཀྱིས་ཉུང་མཐའི་གྲངས་ཚད་ལོངས་ཀྱི་མེད་པ་གསལ་པོ་ཡིན་སྟབས། དོན་ཚན་ ༤༠ ནང་གསལ་ལྟར་འཚོག་མ་ཐུབ་པས། དོན་ཚན་ ༤༩ ནང་གསེས་༼༢༽ལྟར་ཕྱིར་འགྱངས་མི་བྱེད་རང་བྱེད་ཆགས་པ་རེད། ཁྲིམས་སྒྲིག་གི་གོ་བ་ལེན་སྐབས་དོན་ཚན་གོང་འོག་མུ་སྦྲེལ་ནས་ལེན་དགོས་པ་གལ་ཆེན་ཡིན། ཉུང་མཐའི་གྲངས་ཚད་ལོངས་ཀྱི་མེད་པ་ཤེས་བཞིན་དུ། གྲོས་ཚོགས་ཚོགས་ཁང་ནང་ཚོགས་བཅར་ཐུབ་པ་རྣམས་སྐོང་འཚོགས་གནང་སྟེ་གཞི་ནས་ཕྱིར་འགྱངས་བྱེད་རྒྱུའི་གསལ་བསྒྲགས་དགོས་དོན་གང་ཡང་མ་མཐོང་ལ། དེ་ལྟར་གནང་ཚེ། བོད་དང་བོད་མིར་ཁེ་ཕན་ཏིལ་འབྲུ་ཙམ་མེད་ཁར། གཞུང་གྲོན་ཡང་འཕྲོ་བརླག་ཡིན། དེ་ཙམ་མ་ཟད། བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ ༤༩ ནང་གསེས་༼༢༽རང་དུ་ཉུང་མཐའི་གྲངས་ཚད་ལོངས་མིན་ལྟ་སྐབས། ངེས་པར་ལུག་རྡེང་ལ་བཏགས་པ་ལྟར་གྲོས་ཚོགས་ཚོགས་ཁང་དུ་བཅར་ཐུབ་པ་རྣམས་སྐོང་སྟེ་གྲངས་ཀ་རྒྱག་དགོས་ཚུལ་རྩ་བ་ནས་བསྟན་མེད་ལ། དེ་ལྟའི་ཉུང་མཐའི་གྲངས་ཚད་ལོངས་མིན་ལྷན་ཚོགས་འཚོགས་ན་མ་གཏོགས་ལྟ་མི་ཆོག་པའི་བསྟན་དོན་ཏིལ་འབྲུ་ཙམ་མེད་པས། ཁྲིམས་ཞིབ་ཁང་གིས་ཨུ་ཚུགས་དེ་ལྟར་བསྐྱོན་པར་རྒྱུ་མཚན་གང་ཡང་མ་མཐོང་།

དེ་བཞིན་བཅའ་ཁྲིམས་དོན་ཚན་ ༦ པ་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ལུགས་དང་། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་རྒྱལ་སྤྱིའི་ཁྲིམས་ལུགས་དང་། ལྷག་དོན་བོད་མིའི་གནས་ཡུལ་རྒྱལ་ཁབ་ཁག་གི་ཡུལ་ཁྲིམས་དང་མི་འགལ་བ་བྱ་རྒྱུ་དེ་རེད། དོན་ཚན་འདིས་བསྟན་དོན་ནི་ཐོག་མར་ཁྲིམས་སྒྲིག་བཟོ་འགོད་སྐབས་དང་ཡུལ་ཁྲིམས་དང་མི་འགལ་བ་བྱ་རྒྱུ་ཡིན་ཡང་། གཏན་འབེབས་ཟིན་པའི་ཁྲིམས་སྒྲིག་ཁག་གི་དོན་ཚན་གང་ཡང་རུང་བ་ལག་བསྟར་སྐབས། ཡུལ་དུས་དང་སྐབས་ཐོག་གི་གནས་ཚུལ་གྱི་དབང་གིས་ཡུལ་ཁྲིམས་དང་འགལ་གཞི་ཆགས་ཚེ། དོན་ཚན་ ༦ དགོངས་དོན་འོག་དེར་གྲོས་བསྡུར་བྱ་དགོས་པ་སྨྲས་མེད་ཡིན་པས་འབྲེལ་བ་ཆགས་ཟིན། དེ་བཞིན་གཏན་འབེབས་ཟིན་པའི་བཅའ་ཁྲིམས་ཀྱི་དོན་ཚན་གང་རུང་དགག་བྱའི་རྐྱེན་ལག་བསྟར་མ་ཐུབ་པ་ཡང་བྱུང་ཡོད་པ། དཔེར་ན། བཅའ་ཁྲིམས་དོན་ཚན་ ༨ དང་ནང་གསེས་ཁག་ལྟ་བུ་ཡིན། ནད་ཡམས་ཀྱི་རྐྱེན་པས་རྒྱ་གར་དབུས་དང་མངའ་སྡེའི་གཞུང་སོ་སོའི་ཁྲིམས་དང་ལམ་སྟོན་གང་ཡིན་རྣམས་བསྐྱར་བརྗོད་མ་དགོས་པས། བསམ་ཞིབ་གང་ཡང་མེད་པར་འབྲེལ་བ་མི་འདུག་ཅེས་ཚིག་ཐག་བཅད་ནས་གསུངས་བབ་དེ་འདྲས་བོད་དང་བོད་མིར་ཅི་ཞིག་ཕན་ནམ།

༣ ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་གནང་རྒྱུའི་དབང་ཚད་ཅི་ལྟར་ཡོད་མེད་ཐད། བཅའ་ཁྲིམས་ཀྱི་ཁུངས་ལུང་ལྡན་པའི་ལྟ་སྟངས་འདི་ལྟར་ཡིན།

མང་པོ་ཞིག་གིས་རགས་པ་རེ་ལས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་སློབ་སྦྱོང་མ་བྱས་སྟབས། ཡང་ན་རང་བཙན་ཡོད་པའི་རྒྱལ་ཁབ་གཞན་གྱི་གོམས་གཤིས་འཇགས་ཚར་ཙང་། ཆེས་མཐོའི་ཁྲིམས་ཞིབ་ཁང་འདི་བཞིན་ཁྲིམས་ཁང་ལྟ་བུ་ཞིག་མིན་ནམ་སྙམ་སྲིད། དེ་ནི་རྩ་བ་ནས་མ་རེད། དེའི་རྒྱུ་མཚན་བཅའ་ཁྲིམས་འགྲེལ་བརྗོད་ནང་” བོད་མི་རྣམས་བཙན་བྱོལ་དུ་ཡོད་པ་དང༌།  གནས་ཡུལ་རྒྱལ་ཁབ་ཏུ་བཙན་བྱོལ་གཞུང་གི་ངོས་ལེན་ཁྲིམས་ཐོག་ནས་གསལ་པོ་མེད་པ་བཅས་ལ་བརྟེན།  གཞི་རྩའི་ནག་ཉེས་དང་སྤྱི་ཚོགས་ཀྱི་ཁྲིམས་ཀྱི་ཐོག་གནས་ཡུལ་རྒྱལ་ཁབ་སོ་སོའི་ཡུལ་ཁྲིམས་ཀྱི་འོག་འགྲོ་རྒྱུ་ལས། ཟུར་དུ་ཁྲིམས་གཏུགས་ཁྲིམས་བཅད་མི་ཆོག་པ་བཅས་གནས་ཚུལ་དུ་མའི་དབང་གིས་ཁྲིམས་ཁང་ (Court) འཛིན་སྐྱོང་ཆོག་མིན་སྟབས། ཁྲིམས་ཁང་གི་ཚབ་ཏུ་ཁྲིམས་ཞིབ་ཁང་(Justice Commission) གི་ཐ་སྙད་སྦྱར་ཞིང༌། ”ཞེས་པས་གསལ་བཤད་ཐུབ་ལ། བཅའ་ཁྲིམས་དོན་ཚན་ ༦༦ པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད་ཀྱི་ནང་གསེས་ ༢ ༼ཀ༽ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་ལ་བརྟེན་པའི་རྩོད་གླེང་། ཞེས་པས་བསྟན་དོན་ཀྱང་། ཁྲིམས་ཞིབ་ཁང་རང་ཉིད་རྩོད་གླེང་བྱེད་མཁན་གྱི་ཕྱོགས་གཅིག་ཆགས་ཚེ་ཁྲིམས་ཞིབ་ཁང་གིས་གང་གསུངས་ལྟར་ཡིན་ན། དུས་དང་རྣམ་པ་ཀུན་ཏུ་དྲང་པོ་ཡོང་སྲིད་དམ། དེ་ལ་ཡོང་གི་རེད་ཅེས་སུས་ཁ་ཚོན་བཅད་དེ་གསུངས་ཐུབ་བམ། ཐུབ་ཀྱི་མ་རེད་སྙམ།

༸གོང་ས་སྐྱབས་མགོན་ཆེན་པོས་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་རྩིས་སྤྲོད་མ་གནང་སྔོན། བཅའ་ཁྲིམས་དོན་ཚན་ ༦༨ པ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བསམ་འཆར་བཞེས་འབུལ་ཞེས་པའི་ནང་གསེས་༼༡༽ བཅའ་ཁྲིམས་འདིའི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་དང་། ཞེས་དང་།  ནང་གསེས་༼༣༽ གཞན་ཡང་ཁྲིམས་སྒྲིག་དང་འབྲེལ་བའི་ལས་དོན་དོགས་གཞི་ཅན་བྱུང་བ་བཅས། དགོས་གལ་ནམ་བྱུང་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་དེ་སྐོར་བསམ་འཆར་སྙན་འབུལ་ཞུ་དགོས་པ་ཡིན། ཞེས་གསལ་བ་ཕྱིས་སུ་བཅའ་ཁྲིམས་བསྐྱར་བཅོས་ཐེངས་ ༢༥ སྐབས་ཕྱིར་བསྡུ་ཟིན་ཡང་། གོང་གསལ་དོན་ཚན་ ༦༨ པས་བསྟན་ཡོད་པ་ནི་ཆེས་མཐོའི་ཁྲིམས་ཁང་ལ་ཐད་ཀར་བཅའ་སྒྲིག་ཁག་གི་ནང་དོན་ལ་འགྲེལ་བརྗོད་གནང་རྒྱུའི་དབང་ཚད་མེད་པ་གསལ་པོ་རེད། དོན་ཚན་འདི་ཕྱིར་བསྡུ་ཟིན་ཀྱང་ཕྱིས་སུ་དོན་ཚན་གང་དུའང་བསྣན་མེད་པས། ད་ལྟ་ཁྲིམས་ཞིབ་ཁང་རང་གིས་རང་ལ་དབང་ཚད་བསྣན་པའི་ཁྲིམས་ཀྱི་ངོས་བཞེས་ཟེར་པ་སོགས་ལ་གཞི་རྩ་གང་ཡང་མེད་པ་གནད་འདི་ལས་ཀྱང་ཤེས་ཐུབ་ན། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ ༦༦ ལྟར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་ལ་བརྟེན་པའི་རྩོད་གླེང་ཐག་གཅོད་ཀྱི་དབང་ཚད་ཡོད་སྟངས་ཀྱང། ཚིག་དོན་འགྲེལ་བརྗོད་ཀྱི་རྩོད་གླེང་བྱུང་བ་ཞུ་གཏུག་བྱས་པ་ལས་བྱུང་དགོས་པ་གསལ་པོ་རེད་ལ། ཞལ་བཞེས་ཀྱང་ངེས་པར་གནང་དགོས་པ་རེད་འདོད།

འོན་ཀྱང་། ཁྲིམས་ཞིབ་ཁང་རང་ཉིད་ནས་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་གནང་བ་ཏག་ཏག་མ་བསྡད་སྐབས་ཅི་ལྟར་བྱ་མིན་དང་། ཁྲིམས་ཞིབ་ཁང་རང་ཉིད་དང་ཀ་བ་གཞན་གྱི་བར་དེ་ལྟའི་རྩོད་གླེང་བྱུང་ཚེ་ཐག་གཅོད་ཅི་ལྟར་བྱ་མིན། ཁྲིམས་ཞིབ་ཁང་རང་ཉིད་ཀྱི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་ཀྱི་ཁུངས་གཏུག་ས་གང་ཡིན་ད་ལྟའི་ཆར་ཁ་གསལ་མེད་པ་བཅས་ནི་མ་འོངས་པར་གསལ་བཟོ་དགོས་ངེས་ཀྱི་གནད་དོན་ཁག་ཏུ་མཐོང་།

མཇུག་བསྡུ་བ།

བཅའ་ཁྲིམས་རིན་པོ་ཆེ་དང་འབྲེལ་བའི་གནད་དོན་ཞིག་ཏུ་སོང་། དམ་བཅའ་བླངས་ཟིན་པའི་སྤྱི་འཐུས་ཤིག་ཡིན་ན། དེའི་ཐད་ཁུངས་ལུང་ལྡན་པའི་ལྟ་ཚུལ་ཞིག་དགོས་པ་སྨྲོས་མེད་རེད། རྒྱ་ཆེ་མི་མང་གིས་གསན་གཟིགས་བདེ་ཆེད་རྒྱས་བརྗོད་མེད་པའི་བསམ་ཚུལ་བསྡུས་པ་ཞིག་ཡིག་ཐོག་ནས་འབུལ་ལམ་དགོས་པ་འགངས་ཆེར་མཐོང་། གུས་པའི་ཤེས་ཚོད་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་རང་གིས་རང་ལ་བསྣན་པའི་དབང་ཚད་སྤྱད་དེ། གུས་ཅག་བཅའ་ཁྲིམས་དང་འགལ་མཁན། དམ་བཅའ་མི་བརྩི་མཁན་དུ་ཐེ་ཚོམ་གང་ཡང་མེད་པར་བསྒྲགས་རྒྱུ་ཡིན་པ་དེ་སྔ་ནས་གསུངས་པ་མ་ཟད། ཉེ་སྔོན་ནས་བཏང་བའི་བརྡ་ཐོ་ཟེར་པའི་ནང་གདམ་བྱ་འདེམས་བྱེད་གཉིས་ཀའི་ཐོབ་ཐང་འཕྲོག་ངེས་པ་ཚིག་ཐག་བཅད་འདུག་ཀྱང་། སྐབས་མཚམས་འདེམས་བྱེད་ལས་ཕྲོགས་མི་འདུག་པ་ནི། དབུགས་བརྡོལ་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ཆེས་མཐོའི་ཁྲིམས་ཁང་ལ་རང་ཉིད་བཅའ་ཁྲིམས་སྲུང་སྐྱོབ་ཀྱི་བྱ་ར་བ་ཡིན་པ་དང་། ཐད་ཀར་གང་སར་ཕྱག་བརྐྱངས་ཆོག་པའི་ཁྲིམས་ཀྱི་ངོས་བཞེས་ཟེར་པའི་དབང་ཚད་ཡོད་པའི་སྒྲུབ་བྱེད་བཅའ་ཁྲིམས་ལས་སྟོན་རྒྱུ་ཡོད་པ་དང་། གཞན་ཡང་འབྲེལ་ཡོད་བཅའ་ཁྲིམས་དོན་ཚན་ ༦ དང་དོན་ཚན་ ༤༩ ནང་གསེས་༼༢༽ གཉིས་ཀྱི་འགྲེལ་བརྗོད་ཚད་འཕེར་ཁུངས་ལུང་ལྡན་པ་ལད་མོ་མིན་པ་ཞིག་ཡོད་ན་གུས་བརྩི་མི་ཞུ་མཁན་ག་ལ་སྲིད།

མཆན། གོང་གསལ་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ལངས་ཕྱོགས་ཡིན་པས་མ་ཁྱབ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 19

  1. ལྷ་མོ། says:
    ལོ་ 5 སྔོན།

    ཁྲིམས་ཞིབ་ཁང་གི་དྲུང་ཆེ་དེར་ནག་ཁུང་ནང་ལས་ཡ་མང་པོ་ཡོད་སྐད་འདུག

    སྤེན་ཚེར་རྒྱབ་སྐྱོར་མ་བྱས་པས་་་སྐུ་ངོ་ཤར་ཁུག་ལ་ཉན་ཞིབ་འཚོག་དགོས་ཀྱི་འདུག་ལབ

    སྤེན་ཚེ་སྲིད་སྐྱོང་མི་ཐོབ་པ་དང་་་བཀའ་བློན་ཡང་མི་ཐོབ་པས་་་་སྤྱི་འཐུས་རྒྱུན་ལས་ཚོ་གདམ་བྱ་འདེམས་བྱེད་བཀག་བསྐྱིལ་བྱེད་ཀྱི་ཡིན་ལབ་་་

    ཁྲིམས་དཔོན་རྣམ་པར་གང་བྱུང་མང་བྱུང་ཞུ་གི་ཡོད་ས་རེད།་་

    དེ་སྔ་ཁ་མཆུ་ཨང་་་༢༠ སྐབས་་་སྤེན་པ་ཚེ་རིང་ལྐོག་འབྲེལ་་་་དང་ལྐོག་འཕྲད་ཀྱིས་་་ཡིག་ཆ་ཚུན་བཟོ་རོགས་བྱས་པའི་ལོ་རྒྱུས་མང་པོ་འདུག་གདའ་་་་ད་ཡིན་ན་ཡག་པོ་རེད་་་་

    Reply
  2. ཉི་སྣང་། says:
    ལོ་ 5 སྔོན།

    ད་གང་སྡུག་རེད། ཤར་ཁུག་ལ་རྒྱུད་དག་མེད་པ།

    Reply
  3. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 5 སྔོན།

    First read our exiled CHARTER very carefully and then make comments
    on Article 6 or Article 40.

    Reply
  4. འཚུབ་ཐེལ། says:
    ལོ་ 5 སྔོན།

    བཤད་རྒྱུ་ཡོད་ན་ཁྲིམས་ཞིབ་ཁང་གིས་གདན་འདྲེན་ཞུ་གི་འདུག་པས་དེ་དུས་གསུངས་ཤིག བཅའ་ཁྲིམས་ཀྱི་གོ་བ་དང་རྒྱུ་མཚན་གྱི་དཔང་རྟགས་ཅི་ཙམ་འདུག་དེ་དུས་ལྟ་ཆོག ས་སྟོང་ཞིག་ནས་ཅིག་ཤེས་མདོག་དང་དཔྱོད་མདོག་བྱས་པས་ཅི་ཕན། ད་ནི་སྐབས་འཚོལ་བས་གོ་སྐབས་འཚོལ་ཆེ་སོང་ན་ཕག་སྣ་རྡོ་ལ་ཐུག་པའི་དཔེར་གྱུར་བ་རེད། བུ་རྒོད་པ། ད་ཁྲིམས་ཁང་ནས་མཇལ་ཡོང་འ།

    Reply
  5. Khenrap,Lobsang says:
    ལོ་ 5 སྔོན།

    The superior court has no power being granted in the Charter to overrule the legislative assembly without a complaint being filed by someone. In this case, the
    The working committee of the assembly has unanimously decided to adjourn the Autumn parliament session under the provision of Article 49. However, the Superior court overrules this decision and ordered the Working committee of the assembly to hold a session with respect to article 6 of the Charter or face penalty. Article 6 though states that the next parliament session has to hold within the six months but it does not say, it must hold. Hence, under circumstances, the Working committee who represents the assembly has a complete right to adjourn or cancel.

    Reply
  6. བཀྲ་ཤིས་དོན་གྲུབ། says:
    ལོ་ 5 སྔོན།

    དཀོན་མཆོག་མཁྱེན། ཁྲིམས་ཞིབ་ཁང་དང་སྤྱི་འཐུས་རྒྱུན་ལས་གཉིས་ཀྱི་རྙོག་གླེང་བྱུང་བ་ལ་བློ་གཟུ་བོར་གནས་པའི་ཐོག་ནས་བལྟས་ན། ངོ་མ་སེམས་པ་ཕམ་དགོས་པ་དང་སྐྱོ་དགོས་པའི་གནས་སྟངས་རེད། གང་ལགས་ཞུ་ན། ཁྲིམས་བཟོ་མཁན་སྤྱི་འཐུས་རྣམས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་རྩ་ཁྲིམས་ཀྱི་ནང་དོན་ཤེས་མི་འདུག མ་ཟད་སྤྱི་འཐུས་གྲོས་ཚོགས་འགྲོ་ལུགས་ཡང་ཤེས་མི་འདུག ཁམ་དགོས་པ་ཞིག་ལ་སྤྱི་འཐུས་རྣམས་ལ་སྤུས་ཀ་མེད་པ་དང་སློབ་སྦྱོང་མེད་པའི་རང་མདོག་ངོ་མ་བསྟན་འདུག ང་བོད་པ་དཀྱུས་པ་ཞིག་གིས་བལྟས་ན་ཁྲིམས་ལ་འགལ་ཡོད་པ་གསལ་པོར་རྟོགས་ཐུབ་པ་འདུག ད་དུང་ཧམ་བཤད་དང་བྱས་ནས་འགལ་མེད་ལུགས་ལུང་པ་བཀང་བཤད་འདུག་མོད། ཉི་འོད་སྦར་མོས་མི་ཁེབས་ཟེར་བ་ལྟར་གཡོ་ཐབས་མེད་ལ། སྦས་ཐབས་དེ་བས་མེད། གཟིགས་དང་རྒྱུན་ལས་ནང་མི་སུ་འདུག ནམ་རྒྱུན་གྲོས་ཚོགས་ནང་མི་ཤེས་ཤེས་མདོག་བྱས་མཁན་དང་ཧམ་པ་བཤད་མཁན། མཐོང་མེད་ན་ཡང་མཐོང་སོང་ཟེར་མཁན། གོ་མེད་ན་ཡང་གོ་སོག་ལབ་མཁན། ཆོས་དང་འཇིག་རྟེན། ཆོས་དང་སྲིད་གང་ཡང་ཤེས་ཀྱི་མེད་ན་ཡང་ཤེས་ཀྱི་ཡོད་ཟེར་མཁན་ཤ་སྟག་རེད། ཁྲིམས་ཞིབ་ཁང་གིས་འདེབས་བྱེད་ཀྱི་དབང་ཆ་མེད་པ་བཟོས་པར་ཡི་རང་དང་བསྔགས་བརྗོད་ཡོད། འོས་བསྡུའི་ལས་ཁང་ནས་གདམ་བྱའི་དབང་ཆ་ངེས་པར་དུ་མེད་པ་བཟོ་དགོས། སྤྱི་འཐུས་རྒྱུན་ལས་དེ་དག་གི་གདམ་བྱའི་དབང་ཆ་འཕོག་ན་མ་འོངས་སྤྱི་འཐུས་གྲོས་ཚོགས་སྤུས་གཙང་རྒྱུ་གཙང་ཞིག་ཡོང་ངེས་ཡིན།

    Reply
  7. རིག་འཛིན། says:
    ལོ་ 5 སྔོན།

    སྤྱི་འཐུས་དོན་གྲུབ་བཀྲ་ཤིས་མཆོག་ལ་མ་དགོས་ས་ནས་གྱོང་རེག་སོང་ ་
    མཆོད་རྟེན་ལ་འགྲོག་ན་ནག་པོ་དང་ཆོད་རྟེན་ལ་འགྲོག་ན་དཀར་པོ་ཟེར་བ་ལྟར་སྤྱི་འཐུས་དོན་གྲུབ་བཀྲ་ཤིས་མཆོག་མི་ངན་པའི་དྲི་མས་སྦག་སོང་བ་དེ་ཧ་ཅང་གི་ཕངས་པོ་བྱུང་སོང་མ་གཏོགས་སྤྱི་འཐུས་གཞན་ཚང་མ་གདོན་འདྲེ་ལྟ་བུ་རྐྱང་རྐྱང་རེད།

    Reply
  8. བློ་བཟང་། says:
    ལོ་ 5 སྔོན།

    སྐུ་ཉིད་དྲང་ཚུགས་ལྡན་ཞིང་བློ་ཟུར་གནས་ཞིག་ལ་རྩིས་བཞིན་ཡོད། ཨ་ཕའི་ཁ་ཕོར་ལ་གཙང་ཞེན་ཟེར་བ་ལྟར་མ་གནང་ན་ལེགས།

    Reply
  9. རྨ་ལོ་གཅེས། says:
    ལོ་ 5 སྔོན།

    ཤར་ཕྱོགས་ཁུག་རྟས་ད་བར་ནག་ཉེས་དགུ་བཟོས་ཡོད་པ་རེད་ཟེར།

    1. སྔོན་ཆད་རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་བཀག་པ་ནོར་སོང་ལབ་རེད།
    2. ཁོ་རང་དགེ་འདུན་ཆོས་འཕེལ་གྱི་སྤྲུལ་སྐུ་ཡིན་ལབ་རེད།
    3. གྲྭ་བ་ལོག་ནས་ནང་ཆོས་ལ་དགག་པ་བརྒྱབ་པ་རེད།
    4. དབུ་མའི་ལམ་ལ་བསྐྱར་ཞིབ་བྱེད་དགོས་འདུག་ལབ་རེད།
    5. སུད་སིའི་རྒྱ་ནག་གཞུང་ཚབ་ཁང་གི་རྟ་བསེ་ཚུལ་ཁྲིམས་ཀྱི་རྐུབ་ལ་རྒྱག་པ་རེད།
    6. རྒྱལ་བ་རིན་པོ་ཆེ་ཡིས་དགེ་སློང་གི་སྡོམ་པ་གནང་ན་འགྲིག་གི་མ་རེད་ལབ་རེད།
    7. རྒྱ་ནག་གི་སྐར་ལྔའི་དར་དམར་འཕྱར་ནས་རྒྱུག་པ་རེད།
    8. ལོ་རྒྱུས་ཐོག་ཏུ་བོད་རང་བཙན་གཙང་མ་ཡོད་པ་མ་རེད་ལབ་རེད།
    9. དབུས་གཙང་གི་རྐུབ་ལ་རྒྱུག་སྟེ་མདོ་སྨད་མི་མང་གཡོ་བཙོང་བྱས་པ་རེད།

    Reply
  10. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 5 སྔོན།

    ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀོད་ཁྱབ་ནང་བཅའ་ཁྲིམས་ལ་འགན་ཁུར་མ་བླངས་ནས་ཉེས་ཆད་བཀོད་ཁྱབ་གནང་བ་ལས་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་འབྲེལ་བའི་ཉེས་ཆད་ཀྱི་བཀོད་ཁྱབ་གནང་མི་འདུག་ན་བཅའ་ཁྲིམས་ལ་འགལ་བ་དེ་འགལ་བ་རང་ལ་ངོས་ལེན་དགོས་པ་ལས་བཅའ་ཁྲིམས་ལ་ཡར་འཐེན་མར་འཐེན་བྱས་ནས་འབྲེལ་བཤད་མང་པོ་རྒྱག་ས་ཨ་ཡོད་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་སྲུང་སྐྱོབས་ཞུ་རྒྱུའི་འགན་དེ་བོད་ཀྱི་ཡུལ་མི་ཚང་མར་གཅིག་མཚུངས་སུ་ཡོད་པ་དེ་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་ཆེ་ཤོས་དེ་ཡིན་པ་དང་ད་ལམ་གྱི་གནད་དོན་གལ་ཆེན་བཅའ་ཁྲིམས་དང་འབྲེལ་བའི་ཐོག་རང་ཉིད་ཀྱི་བསམ་ཚུལ་ཉེ་ལམ་ཁ་བརྡ་དྲ་སྟེང་དུ་བཀོད་ཡོད་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཉེས་ཆད་བཀོད་ཁྱབ་དང་སྤྱི་འཐུས་རྒྱུན་ལས་ནས་དེ་ལ་ངོས་ལེན་མེད་སྐོར་སོགས་ལ་བཅའ་སྒྲིག་དང་འབྲེལ་བའི་རང་གི་བསམ་ཚུལ་རིང་མིན་དྲ་སྟེང་དུ་འཇོག་རྒྱུ་བཅས།

    Reply
  11. གྲུ་ཟུར་གྱི་ཨ་མཆོད། says:
    ལོ་ 5 སྔོན།

    རང་ཉིད་ལ་ཐུག་དུས་འགྲེལ་བཤད་མང་པོ་འབྲི་ཡ་འདུག་གའ་།
    སྤྱིར་གསལ་ཁ་མེད་པ་ཞན་ཆ་ཞིག་ཡིན་ན་ཡང་རྩོད་པ་བྱེད་འདོད་ན་ཚིག་ཟིན་དུ་ཁ་གསལ་མེད་པ་ལ་རྒྱབ་སྙེས་པ་ཞིག་ལས་སྤྱིའི་གོ་དོན་གསལ་ཁ་མེད་པ་ཞིག་ཀྱང་མ་རེད། ཆེས་མཐོས་ཁྲིམས་ཞིབ་ཁང་འགྲིག་ན་འགྲིག་པ་རེད། ནོར་ན་ཡང་འགྲིག་པ་རེད། དེའི་རྗེས་སུ་ནོར་ན་ཟེར་ཡོང་ས་ཞིག་མེད་པ་ས་རིས་ཐང་གསལ་ཀུན་གྲགས་ཡིན་ན་ཡང་ཚིག་ཟིན་ལ་མེད་པ་ལ་བསྙད་ནས་བྲིས་པ་ནི་རང་མདོག་བསྟན་པ་ཙམ་མོ།

    Reply
  12. མཐུ་སྟོབས་དབང་ཕྱུག་གཡུ་ཐོག་ says:
    ལོ་ 5 སྔོན།

    ད་ཧ་ཅང་གི་ཐབས་སྡུག་དང་བློ་སེམས་སྐྱོ་ཞིང་ཧོན་འཐོར་དགོས་པ་བཟོས་སོང་། ༧གོང་ས་མཆོག་ནས་མང་གཙོའི་སྲོལ་བཟང་གསོལ་རྩལ་གནང་རྗེས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་མང་གཙོ་ཀ་བ་གསུམ་དབང་ཚད་འདྲ་མཉམ་ཐོག་མཛད་གཙོ་རྣམས་པས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་དབུ་འོག་དཔུང་འདེགསའཛིན་སྐྱོང་གནང་དགོས་པ་འབྲེལ་ཡོད་རྣམས་ནས་ཆེད་བཟོས་བཅའ་ཁྲིམས་དོན་ཚན་རྣམས་མ་འགལ་བར་ལག་བལྟར་དགོས་མོད་ཀྱང་སྔ་ལོའི་ནང་ཁ་མཆུ་ཨང་ ༢༠ ཟེར་བ་དེ་ཆེ་མཐོའི་ཁྲིམས་ཞིབ་ཁང་ནས་མཐར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་ལ་བདེན་པ་གཅིག་ཀྱང་མེད་པ་བཟོས་པ་དང་ཚོགས་ཟུར་སྤེན་པ་ཚེ་རིང་ལ་བདེན་པ་དང་དྲང་ལྣན་ཡིན་པའི་ཐག་གཅོད་བྱས་སྟབས་ཆབས་སྲིད་དང་གང་སྤྱིའི་ཐོག་ནས་དགྲ་དགའ་གཉེན་སྡུག་ཀྱི་གནས་ཚུལ་ཐབས་སྡུག་ཆེད་དུ་བཟོས་པ་ལྟར་མང་ཚོགས་ནང་ཧ་ཅང་གི་བློ་ཕམས་བྱུང་སྟེ་བསམ་ཚུལ་ཤུགས་ཆེ་རང་གཞན་ཚང་མས་བཏང་ཡོད་པ་ཡོངས་གྲགས་རེད་། ཐག་གཅོད་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མང་ཚོགས་ནང་བློ་ཕམས་ཇི་ཙམ་བྱུང་ཡང་མི་སྙན་སྦྲང་སྐད་ཙམ་ཡང་ཐོན་པ་སོ་སོས་གོ་མ་མྱོང་། ད་ལྟ་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་རྒྱུན་ལས་རྣམས་སོ་སོའི་ཐོག་ལ་སླེབས་དུས་ཆེ་མཐོའི་ཁྲིམས་ཞིབ་ཁང་ལ་ཛ་དྲག་ཐོག་ངོས་ལེན་མེད་པའི་གསལ་བསྒྲགས་གནང་ཡོད་། ད འདི་དགྲ་དགའ་གཉེན་སྡུག་ཀྱིས་ཐབས་ཟད་ལས་གཞི་ངན་པ་ཞིག་ཡིན་པ་ཟུར་བལྟས་ལེབ་མཐོང་རེད་། ༧གོང་ས་མཆོག་གིས་བཀའ་སློབ་ནང་ “བསྟན་པ་འགོ་ནས་གཤིགས་ཀྱི་འདུག་” གསུངས་ལྟར་དངོས་སུ་བྱུང་བ་རེད་།།།

    Reply
  13. རིག་བཟང་། says:
    ལོ་ 5 སྔོན།

    ཤར་ཁུག་འདི་ལས་སླ་པོ་ག་བ་ག་བ
    ཁྲིས་ཞིབ་ཁང་གི་དབང་ཚད་སྐོར་དོགས་སློང་བྱས་་
    བཅའ་ཁྲིས་དྲངས་ནས་བརྗོད་པ་འདི་གནད་འགག་རེད

    ང་ཚོ་ལྟ་བུ་ཞིག་གིས་ཅི་ཡང་ག་ལ་ཤེས
    ཁྲིས་ཞིབ་ཁང་ནས་ལན་ནན་པོ་་གནང་ན་་གཏོགས་ཁག་པོ་རེད

    དེ་རིང་འོས་བསྡུ་ལས་ཁང་གིས་ཀྱང་་་
    འབྱུང་འགྱུར་གྲོས་བསྡུར་གྱིས་ལངས་ཕྱོགས་ཐག་གཅོད་གནང་གི་ཡིན་ཟེར
    དེར་དཔྱད་ན་་་་ཁྲིས་ཞིབ་ཁང་ལ་ཏག་ཏག་ཅིག་ཡོད་ས་ཁག་པོ་འདུག

    དེ་ལབ་ས་ག་བ་ཡོད

    ལོ་ལྔའི་ནང་་་་ཤར་ཁུག་གིས་་་དངོས་གནས་འགོ་འཚོས་འདུག་་
    སྤྱི་འཐུས་རྙིང་པ་རྙིང་པ་ཚོ་་་དང་་་གཞུང་ཞབས་ཁྲིས་དཔོན་་་་རྙིང་པ་ཚོ་་་ལྟར་་་འགོ་འཚོས་ཀྱི་འདུག་་་

    ལས་ལ་པོ་ག་བ་ག་བ་་་་

    Reply
  14. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 5 སྔོན།

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནི་དབུས་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་མི་མང་གི་བླ་སྲོག་ཡིན་པ་དང་བཅའ་ཁྲིམས་ལ་བརྩི་བཀུར་དང་ཡིད་ཆེས་བློ་གཏད་ཉམས་ལེན་ཞུ་དགོས་པ་དེ་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་ཞིག་ཡིན་པ་ནས་ད་ལམ་གྱི་བཅའ་ཁྲིམས་དང་འབྲེལ་བའི་གནད་དོན་གལ་ཆེན་ལ་སོང་བཅའ་ཁྲིམས་དོན་ཚན་དྲུག་པ་དེ་ང་ཚོའི་ཁྲིམས་སྒྲིག་ག་འདྲ་ཞིག་བཟོ་གི་ཡོད་རུང་རྒྱལ་སྤྱིའི་ཁྲིམས་ལུགས་དང་གནས་ཡུལ་ལུང་པའི་ཁྲིམས་ལུགས་སོགས་མ་འགལ་མ་ཞིག་དགོས་པའི་གནད་དོན་ཡིན་པ་ལས་སྤྱི་འཐུས་གྲོས་ཚོགས་ཕར་འགྱངས་བྱ་རྒྱུ་དང་འབྲེལ་བ་རྩ་བ་ནས་ཆགས་ཀྱི་མེད་པ་དང། །བཅའ་ཁྲིམས་དོན་ཚན་བཞི་བཅུ་ཞེ་དགུ་དེ་བཞིན་སྤྱི་འཐུས་གྲོས་ཚོགས་ཚོགས་སྐབས་དགོས་ངེས་ཀྱི་གྲངས་ཚད་མ་ལོང་སྐབས་གྲོས་ཚོགས་ཉིན་གྲངས་བདུན་གཅིག་ལྷག་ཕར་འགྱངས་བྱ་རྒྱུའི་འགན་དབང་ཚོགས་གཙོ་སྦྲེལ་པོ་ཡོད་པ་ཙམ་ལས་གྲོས་ཚོགས་མ་ཚོགས་སྔོན་དུ་ཚོད་དཔག་ལ་འགན་ཁུར་ནས་ཟླ་དྲུག་ཕར་འགྱངས་བྱ་རྒྱུའི་དོན་ཚན་ཞིག་མིན་པ་ལོང་བས་བལྟས་ཀྱང་ཁམས་གསུམ་གྱི་དཔེ་ལྟར་དང། ཆེས་མཐོའི་ཁྲིམས་ཞིབ་ཁང་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་འོག་ཏུ་བཙུག་པའི་བཙན་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ཡིན་པ་དང་སྤྱི་འཐུས་ཀྱི་ལས་ཁུར་དམ་བཅའི་ནང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བརྩི་བཀུར་དང་ཡིད་ཆེས་ཉམས་ལེན་ཞུ་གི་ཡིན་ཟེར་བའི་དམ་བཅའ་དེའི་འོག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀོད་ཁྱབ་ལ་ངོས་ལེན་མེད་ཟེར་ནས་བཅའ་ཁྲིམས་ལ་འབྲེལ་བཤད་རྒྱག་ས་ཨ་ཡོད།

    Reply
    • གངས་རིའི་མིག་ཆུ། says:
      ལོ་ 5 སྔོན།

      ཤར་ཕྱོགས་ཁུག་རྟ། ནམ་རྒྱུས་གནས་ལུགས་ཤེས་མཁན་དང་སྐད་ཆ་དྲང་པོ་བཤད་མཁན་ཞིག་ཡིན་བསམ་བཞིན་ཡོད་ཀྱང་། དེ་རིང་གི་གནས་དོན་འདིའི་ཐོག་ནས་སོ་སོ་མགོ་ལ་སླེབས་དུས་ཚར་ཚར་བཞག། མདོར་ན་ད་ལྟའི་སྤྱི་འཐུས་རྒྱུན་ནང་ནས་དོན་གྲུབ་བཀྲ་ཤིས་ཨོ་ཙི་ཡིན་འགྲོ། གཞན་ཆ་ཚང་ཕན་མེད་གནོད་བསྐྱལ། སྤྱི་ཚོགས་དཀྲུག་མཁན་ཞེ་གཅིག་རེད་འདུག བཅའ་ཁྲིམས་ལ་བརྩི་མི་དགོས་པ། ཁྲིམས་འཛིན་གོང་ན་མེད་པའི་བཀའ་ལ་བརྩི་མི་དགོས་པ། གོས་ཐུང་གཅིག་ནང་རྐང་པ་བཅུག་མཁན་རེད་འདུག དངོས་གནས་ཧང་སང་དགོས་པ་རེད།

      Reply
  15. ཇ་ཚེ། says:
    ལོ་ 5 སྔོན།

    སྤྱི་རྒྱུན་རྣམས་པས་ངོས་ལེན་གནང་རོགས་ཞུ་བཞིན་ཡོད། གང་ཡིན་ཞུ་ན། ང་ཚོར་དགོས་པ་ནི་མཐུན་སྒྲིལ་དང་དྲང་བདེན་ཡིན། དེའི་ཐེངས་འདིར་ཁྱེད་རྣམས་ཀྱིས་ཚོགས་དུས་ཕར་འགྱང་གཏོང་བར་དགོས་པ་ཆེ་སྟེ། ཡིན་ཡང་བཅའ་ཁྲིམས་དང་འགལ་འདུག་གསུངས་ནས་བཅད་ཁྲ་གཏོང་བར་དེར་ངོ་ཚ་དང་སྤོམ་ཤོར་དགོས་པ་མི་འདུག དེའི་ངོས་ལེན་གནང་རོགས་ཞུ་ཡིན། ཁྲིམས་ཞིབ་ཁང་གི་དབུ་ལས་རྣམས་པས་ཕྱ་ལས་གནང་སྟངས་རྣམས། དངོས་གནས་ང་ཚོར་དཀའ་ལས་འདུག་ཀྱང་བྱ་ཐབས་བྲལ།

    Reply
  16. Gendun says:
    ལོ་ 5 སྔོན།

    ད་རེས་ཁྲིམས་ཞིབ་ཁང་གིས་ཐག་གཅོད་ཡག་པོ་གནང་འདུག སྤྱི་འཐུས་རྒྱུན་ལས་རྣམས་རང་ཉིད་ཐེ་བས་ཁྲིམས་སྒྲིག་བཟོས་པ་ལ་རང་ཉིད་ཀྱིས་ལག་ལེན་བསྟར་མི་ཤེས་པར་ད་དུང་ཁྲིམས་ཞིབ་ཁང་ལ་རྫིག་རྫིག་བྱས་པ། ངོ་ཚ་དགོས་པ་ཞིག་རེད། ཁོང་ཚོས་ཐོག་མར་བཅའ་ཁྲིམས་དོན་ཚན་གང་གི་ཁོངས་སུ་གཏོགས་པའི་ཚོགས་དུས་བཅུ་པ་ཕྱིར་འགྱངས་པ་རེད་ཅིག་གཟིགས་དང་། ད་ཁོང་ཚོ་ས་ལྡང་གནམ་ལྡང་མ་བྱས་ན་ལེགས་པ་རེད། ཁྲིམས་ཀྱི་ཁྱབ་ཁོངས་ལས་བརྒལ་ན་འཁུར་དགོས་པ་རེད། མིའི་སྒང་ལ་ཡོང་ན་ཁྲིམས་དང་སྒྲིག་གཞི་གལ་ཆེན་པོ་ཡིན་ཚུལ་བཤད། རང་གི་སྐེ་ལ་བབས་དུས་མདོག་ཉེས་པོ་ཆགས་རྒྱུ་ཡོད་པ་མ་རེད། རང་གིས་བྱས་པ་རང་དང་། ལྕགས་ཀྱི་ཕུར་བུ་སྙིང་ཞེས་པའི་དཔེ་ལྟར། རང་གི་བསྙལ་བའི་ཆང་དེ། སྐྱུར་མོ་ཡིན་ཡང་འཐུང་དགོས་པ་རེད།

    Reply
  17. Abharu Jigwang says:
    ལོ་ 5 སྔོན།

    སྤྱི་ལྷན་ཁྲིམས་ཞིབ་ཁང་གཉིས། ལས་ཁུངས་ལས་ཀ་མེད་ཀྱང།
    ཁྲིམས་སྒྲིག་སློབ་སྦྱོང་མ་བྱས།
    སྐྱོན་འཛྷུགས་ཕར་བྱས་ཚུར་བྱས། མང་གཙོའི་ཀ་བ་རུལ་བཞག།
    ཞ་མོ་ཕར་གཡོགས་ཚུར་གཡོགས། ངོ་ཚ་ནི་ཚ་རྒྱུ་མི་འདུག།
    དགྲ་བོ་ཚོ་ནི་དགའ་རེད། གཉེན་ཉེ་ཚོ་ནི་སྐྱོ་སོང།
    དེ་འདྲའི་རང་ད་ཨེ་ཡིན།

    Reply
  18. ཇོ་རུ says:
    ལོ་ 5 སྔོན།

    སྤྱི་འཐུས་རྒྱུན་ལས་ཀྱི་ཐག་གཅོད་དེའི་ངོ་བཤུས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་སྤྱི་ལྷན་རང་ནས་ཕུལ་མ་རེད་དམ། ཁྲིམས་འགལ་གྱི་ཐག་གཅོད་དེ་འདྲ་ཤོག་བུ་དཀར་པོའི་སྟེང་ཡི་གེ་ནག་པོ་བྲིས་ཏེ་བོད་གཞུང་གི་དབང་ལྡན་སྡེ་ཁག་ཅིག་ཕུལ་ཏེ་དེ་དོན་ངོས་བཞེས་གནང་ཤོག་ཨ་ཞེས་་་་བོད་ཀྱི་གཏམ་ལ་་་ར་ཚེ་ཟད་སྤྱང་ཀིའི་སྒོ་ཁར་ཡོང་སྟེ་ཉལ་ན་་་་་དེ་མ་ཁྲིམས་ཞིབ་ཁང་གིས་་་ང་ལ་་་མིག་མེད་་་རྣ་མེད་་་སྣ་མེད་་་ལྕེ་མེད་་་ལུས་མེད་་་་ཅེས་འདུག་དགོས་རེད་པས་་་་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese