མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་མི་གཉིས་འཛིན་བཟུང་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༠/༡༠/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་མི་གཉིས་ནས་སྐད་འཕྲིན་ཚོགས་པ་བཙུགས་ཏེ་ཡུལ་མི་དབུལ་བོ་དང་སློབ་ཡོན་རོགས་སྐྱོར་གནང་བ་ཁྲིམས་འགལ་ཡིན་སྐོར་བརྗོད་ནས་འཛིན་བཟུང་བྱས་འདུག
བོད་ནས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། དེ་རིང་ཞོགས་པའི་ཆུ་ཚོད་ ༨ ཡས་མས་ཤིག་ལ། རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་སྐྱེ་རྒུ་་མདོ་སྡོམ་འདའ་ཡུལ་ཚོ་སྐར་ཆེན་རུ་ཁག་དང་པོ་ནས་ཡིན་པའི་བོད་མི་རྡོ་སྐྱབས་དང་། གུ་རུ་གྲགས་པ་གཉིས་ནས་སྐད་འཕྲིན་ཚོགས་པ་བཙུགས་ཏེ། ཉེ་འཁོར་གྱི་དུད་ཁྱིམ་དབུལ་བོ་ཚོར་རོགས་སྐྱོར་དངུལ་བསྡུ་རུབ་བྱས་པ་དེ་ཁྲིམས་འགལ་ཡིན་སྐོར་བརྗོད་ནས་འཛིན་བཟུང་གིས་ཡུལ་ཚོའི་ཉེན་རྟོག་ཁང་ཏུ་འཁྲིད་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས། འཛིན་བཟུང་བྱས་པའི་མི་གཉིས་ནི་སྐར་ཆེན་རུ་ཁག་དང་པོ་ནས་ཡིན་པ་དང་། ཁོང་གཉིས་ནས་ཕྱི་ལོ་ ༢༠༡༩ ལོ་ཙམ་ལ་ལ་རྒྱའི་གླིང་སྟེགས་ཞེས་པའི་སྐད་འཕྲིན་ཚོགས་པ་ཞིག་བཙུགས་ཡོད་པ་དང་། ཚོགས་པ་དེའི་ནང་མི་གྲངས་ ༢༡༡ དང་ནམ་རྒྱུན་ཚོགས་པའི་ནང་བོད་རང་གི་བཟོས་པའི་ལག་ཤེས་འདྲ་མིན་ངོ་སྤྲོད་དང་། དུད་ཁྱིམ་དབུལ་བོ་ཚོར་རོགས་དངུལ་བསྡུ་རུབ་དང་སློབ་ཕྲུག་སྐྱོ་བོ་ཚོར་སློབ་ཡོན་སོགས་ཀྱི་རོགས་སྐྱོར་བྱེད་བཞིན་ཡོད་སྐོར་བརྗོད་བྱུང་།

ཡང་གནས་ཚུལ་མཁོ་སྤྲོད་པས། ཐེངས་འདིར་ཁོ་གཉིས་འཛིན་བཟུང་བྱེད་དོན་དུད་ཁྱིམ་དབུལ་བོ་ཚོར་རོགས་དངུལ་བསྡུ་རུབ་དང་སློབ་ཕྲུག་སྐྱོ་བོ་ཚོར་སློབ་ཡོན་གྱི་རོགས་སྐྱོར་བྱས་པས་ཡིན་པ་དང་། ཁོ་གཉིས་ཀྱིས་བཙུགས་པའི་ཚོགས་པ་དེའི་ནང་གི་ཚོགས་མི་མང་པོར་དཀའ་ངལ་འཕྲད་ཡོང་རྒྱུ་ཡིན་པའི་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་སྐོར་སོགས་བརྗོད་བྱུང་།

གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་བ་ལྟར་ན། བོད་མི་རྡོ་སྐྱབས་ནི་ཚོང་པ་ཞིག་ཡིན་པ་དང་། ཁོང་ནི་ནམ་རྒྱུན་མི་མང་སྐྱོ་བོའི་རིགས་ལ་རོགས་སྐྱོར་མང་པོ་བྱེད་མཁན་ཞིག་ཡིན་པ་དང་། དེ་སྔ་སྐྱེ་རྒུ་མདོ་ལ་ས་ཡོམ་བྱུང་སྐབས་ཁོས་རྒྱ་སྒོར་ ༢༧༠༠༠༠ ཙམ་གྱི་རོགས་སྐྱོར་བྱས་མྱོང་ཡོད་པ་དང་། ཡུལ་མི་ཚོས་ནམ་རྒྱུན་ཁོང་ལ་ཆེ་མཐོང་དང་གུས་བརྩི་ཆེན་པོ་ཡོད་པ་དང་། ད་ལྟ་ཁོང་འཛིན་བཟུང་བྱས་ཤུལ་དུ་ཁོང་གི་སྲིང་མོ་ཞིག་དང་སྤུན་མཆེད་བུ་ཞིག་བཅས་ཡོད་འདུག

ལྷོ་ཕྱོགས་ས་གནས་གསར་འགོད་པ། དོན་གྲུབ་བཀྲ་ཤིས།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist