མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲུབ་འབྲས་ཆེན་པོ་ཡིན་ཚུལ་གླེང་དགོས་དོན་གང་ཡིན་ནམ།

བོད་ཀྱི་དུས་བབ།
༢༠༢༠/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp

འཇིགས་མེད་པ་སངས།

ཉིན་ཤས་སྔོན་ཨ་རི་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་བར་ཧ་ཅང་གྲུབ་འབྲས་ཆེན་པོ་ཡིན་ཚུལ་གླེང་མཁན་མི་ཉུང་བ་ཞིག་འདུག ང་ནི་ཕྲན་བུ་ཐེ་ཚོམས་ནང་ལྷུང་སོང་། ད་ལམ་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་ལ་བརྟེན་ནས་ཉིན་ཤས་གསར་ཤོག་སོགས་སུ་བོད་ཅེས་པའི་མིང་དེ་ཐོན་པ་ལས། དེ་ལས་ལྷག་པའི་གྲུབ་འབྲས་ཤིག་ངས་མཐོང་ཐུབ་མ་སོང་། ཕྱི་ལོ་ ༡༩༩༧ ནས་བཟུང་སྟེ་ ༢༠༡༧ བར་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྔ་བྱུང་ཡོད། ཚང་མ་མི་ཧ་ཅང་བཟང་ཡང་ཨ་རིའི་གཞུང་གི་སྲིད་བྱུས་ལ་བརྟེན་ནས་རེ་བ་བྱས་པ་ལྟར་ནུས་པ་ཐོན་པ་བྱུང་མེད། ཨ་རིའི་སྲིད་འཛིན་སྦིལ་ཀི་ལིན་ཊོན་ (Bill Clinton) གྱི་དུས་ཡུན་རིང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གཉིས་པོ་དེ་ Assistant Secretary གནས་རིམ་ལས། དེ་རྗེས་སྲིད་འཛིན་སྦུ་ཤུ་ (George W. Bush) དང་སྲིད་འཛིན་བ་རག་ཨོ་བ་མ་ (Barak Obama) དུས་ཡུན་སྐབས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གསུམ་པོ་དེ་ Under Secretary གནས་རིམ་ཡིན་པས་གནས་རིམ་གཅིག་མཐོ་བ་རེད། གནས་རིམ་ལ་བལྟས་ནས་བོད་དོན་ལ་ཇི་ཙམ་གནད་འགག་བརྩི་མིན་ཡང་ཚོད་དཔག་བྱེད་ཐུབ།

ད་ལམ་ཉིན་ཤས་སྔོན་སྲིད་འཛིན་ཌོ་ནལ་ཌ་ཀྲ་རམ་ཕ་ (Donald Trump) ནས་སྐུ་ཞབས་རོ་བཊ་ཌེས་ཊོ་རོ་ (Robert Destro) ལ་ Assistant Secretary གནས་རིམ་མ་གཏོགས་ཕུལ་མེད་ཅིང་། དེ་ནི་དྲུང་ཆེའི་གནས་རིམ་མང་པོ་ཡོད་པ་ལས་དམའ་ཤོས་དེ་ཡིན། ཕྱི་ལོ་ ༢༠༡༧ ལོར་སྐུ་ཞབས་ཀྲ་རམ་ཕ་ཨ་རིའི་སྲིད་འཛིན་ལ་འཁོད་པ་ནས་བཟུང་ད་བར་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་རྒྱུའི་དགོངས་བཞེས་གནང་མེད་པ་དེས་ཁོང་གིས་བོད་ཀྱི་གནད་དོན་དེ་ཇི་ཙམ་གལ་ཆུང་བརྩིས་པ་གསལ་སྟོན་བྱས་ཡོད། དེ་བཞིན་ང་ཚོའི་ངོས་ནས་ཀྱང་འཇོན་རྒྱུ་ཡོད་ན་སྐབས་དེ་དུས་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཅུག་རྒྱུའི་ལས་ཀ་དེ་འཇོན་དགོས་ཚོད་རེད། འོན་ཀྱང་ད་བར་གང་ཡང་འཇོན་མེད།

ཕྱི་ལོ་ ༢༠༠༢ ལོར་ཨ་རིའི་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་བོད་མིའི་སྲིད་བྱུས་ཀྱི་ཁྲིམས་ཡིག་ ༢༠༠༢ (The Tibetan Policy Act of 2002) ཞེས་པའི་ནང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གིས་མཚོན་གནས་ཚུལ་མང་པོ་གསལ་ཡོད་ཀྱང་ཀྲ་རམ་ཕ་སྲིད་གཞུང་གིས་ལག་བསྟར་བྱས་མེད། ད་ལྟ་གཉིད་སད་པ་ལྟ་བུས་ཁོ་རང་གི་སྲིད་འཛིན་གྱི་དུས་ཡུན་རྫོགས་ཁར་གློ་བུར་དུ་བསྐོ་གཞག་གནང་བ་ནི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་དང་འབྲེལ་བ་ཆགས་ཤིང་། དེ་ཡང་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༣ ཉིན་ཨ་རིའི་སྲིད་འཛིན་གྱི་འགྲན་རྩོད་ནང་ཞུགས་པ་སྐུ་ཞབས་ཇོ་ཡེ་བི་དེན་ (Joe Biden) གྱིས་ཁོང་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ན་༧གོང་ས་མཆོག་ལ་མཇལ་འཕྲད་ཞུ་རྒྱུ་དང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་རྒྱུ་སོགས་གསུངས་པ་དེའི་ཁ་གཏད་དུ་ཡིན་པ་གསལ་པོ་རེད། དེ་བཞིན་དཔེ་མཚོན་གཞན་འགའ་ཞིག་ཞུས་ན། ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༨ ཉིན་རྒྱ་གར་དུ་ཡོད་པའི་ཨ་རིའི་གཞུང་ཚབ་སྐུ་ཞབས་ཀེན་ཇས་ཊར་ (Ken Juster) གྱིས་དིལླཱིར་ཡོད་པའི་སྐུ་ཚབ་དོན་གཅོད་མཇལ་བ་དང་། ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༣༠ ཉིན་འཇི་ནི་ཝར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་རིའི་གཞུང་ཚབ་སྐུ་ཞབས་ཨེན་ཌུ་རུ་བེ་རེམ་སྦག་ (Andrew Bremberg) གིས་འཇི་ནི་ཝའི་སྐུ་ཚབ་དོན་གཅོད་མཇལ་བ་སོགས་བྱུང་ཡོད། དེ་དག་ནི་གཙོ་བོ་རྒྱ་ནག་ལ་བསུན་གཙེར་བཟོ་རྒྱུར་ང་ཚོ་བེད་སྤྱོད་བཏང་བ་ལས། བོད་དོན་ལ་ཤ་ཚའི་ཐོག་ནས་བྱས་པ་མིན། གང་ལྟར་དམིགས་བསལ་འབྲེལ་མཐུད་པ་བསྐོས་རུང་མ་བསྐོས་རུང་དོན་དངོས་བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་ཐོག་མཐོང་རྒྱུ་ཡོད་པའི་གྲུབ་འབྲས་གང་ཡང་བྱུང་མེད།

ད་བར་ཨ་རི་གཞུང་གིས་བོད་དོན་དཀའ་རྙོག་སེལ་ཐབས་ལ་ལྷག་བསམ་རྣམ་དག་གིས་འབད་རྩོལ་གནང་ཡོད་ཅེས་བརྗོད་མི་ཐུབ། རྒྱལ་ཁབ་སོ་སོའི་ཁེ་ཕན་ཞིག་གཞི་རྩར་བཞག་སྟེ་བོད་དོན་གླེང་སློང་གནང་མཁན་རྐྱང་རེད། ང་ཚོས་ཨ་རིའི་གཞུང་ལ་ཇི་ཙམ་ཡིད་ཆེས་ཐུབ་མིན་ནི་འདས་པའི་བྱུང་བ་ཞིག་མདུན་དུ་བཞག་སྟེ་ཞུས་ན། སྐབས་དེར་རྒྱ་ནག་དང་ཨ་རིའི་དབར་ཐད་ཀར་འབྲེལ་ལམ་མེད། བོད་ཀྱི་བསྟན་སྲུང་དང་བླངས་དམག་སྒར་ཡང་བལ་ཡུལ་གློ་ཁུལ་དུ་སྒར་བཏབ་ཅིང་། འཇབ་དམག་ཐོག་ནས་རྒྱ་ནག་གཞུང་དང་དམག་འཐབ་བྱེད་མུས་དང་། དེའི་འགྲོ་གྲོན་ཆ་ཚང་ཨ་རིའི་གཞུང་གིས་གསང་སྟབས་སུ་གཏོང་གི་ཡོད། འོན་ཀྱང་སྐབས་དེར་ཨ་རི་གཞུང་གི་ཁ་ལོ་སྒྱུར་བ་པོ་རྣམས་ཀྱི་བསམ་བློར་རྒྱ་ནག་ལ་ཆབ་སྲིད་གུ་ཡངས་དང་དམར་ཤོག་མེད་པ་བཟོ་རྒྱུའི་ཐབས་ཤེས་དེ་དག་སྒྲུབ་ཐབས་མེད་པ་དང་། ཐབས་ཤེས་གཅིག་པུ་ནི་ཁོང་ཚོའི་དཔལ་འབྱོར་ཡར་རྒྱས་བཏང་སྟེ་རྒྱལ་སྤྱིའི་ནང་འབྲེལ་བ་ཤུགས་ཆེར་འགྲོ་བ་དེའི་དབང་གིས་ཆབ་སྲིད་ལ་འགྱུར་བ་འགྲོ་བ། གང་ལྟར་དཔལ་འབྱོར་གྱི་འབྲེལ་ལམ་བརྒྱུད་ནས་མ་གཏོགས་རྒྱ་ནག་ལ་འགྱུར་བ་གཏོང་མི་ཐུབ་པ་མཐོང་ཞིང་། དེ་ཡང་རྒྱ་ནག་བཞིན་ཁྲོམ་རྭ་ཆེན་པོ་ཞིག་རྒྱལ་ཁབ་གང་དུའང་མེད་ཅིང་། གལ་ཏེ་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་སོང་ན་ཁོང་ཚོ་ལའང་ཁྲོམ་རྭ་ཆེན་པོ་འཐོབ་རྒྱུ་སོགས་ཀྱི་དམིགས་ཚད་བཟུང་འདུག

ཕྱི་ལོ་ ༡༩༧༡ ཟླ་ ༤ པའི་ནང་ཉི་ཧོང་དུ་ཚུགས་པའི་འཛམ་གླིང་པིང་པོང་འགྲན་བསྡུར་ (World Table Tennis Championship, Japan) ནང་ཨ་རི་དང་རྒྱ་ནག་གི་རྩེད་མོ་བ་མཉམ་ཞུགས་ལ་བརྟེན་ནས་མཐར་དེ་ནས་ཨ་རིའི་པིང་པོང་རྩེད་མོ་བ་རྒྱ་ནག་ཏུ་ལྟ་སྐོར་དུ་བསྐྱོད་པ་སོགས་ལས། པིང་པོང་གྱ་གྱུའི་འཐབ་བྱུས་ (Ping Pong Diplomacy) ཞེས་པའི་ཐོག་ནས་ཕྱི་ལོ་ ༡༩༧༡ ཟླ་ ༧ ནང་སྐབས་དེའི་ཨ་རིའི་རྒྱལ་ཡོངས་སྲུང་སྐྱོབ་སློབ་སྟོན་པ་ (National Security Advisor) སྐུ་ཞབས་ཧེན་རི་ཀི་སིན་ཇར་ (Henry Kissinger) གསང་སྟབས་སུ་རྒྱ་ནག་ཏུ་བསྐྱོད་ཐུབ་པ་བྱུང་བ་དང་། དེའི་འབྲས་བུར་ཕྱི་ལོ་ ༡༩༧༢ ཟླ་ ༢ ཚེས་ ༢༡ ཉིན་ཨ་རིའི་སྲིད་འཛིན་རི་ཅར་ཌི་ནིཀ་སན་ (Richard Nixon) རྒྱ་ནག་ཏུ་འབྱོར་ཏེ་གནས་ཚུལ་མང་པོ་ཞིག་འགྱུར་བ་ཕྱིན་པར་བརྟེན། ཕྱི་ལོ་ ༡༩༧༤ ནང་ཉིན་གཅིག་ལ་གློ་དམག་སྒར་གྱི་འགྲོ་གྲོན་ཡོངས་རྫོགས་ཡུར་ཆུ་བཅད་པ་ལྟ་བུས་སྐབས་དེར་གློ་དམག་སྒར་གྱི་དམག་མི་རྣམས་ལ་མཚོན་ཆ་སོགས་ལྟ་ཞོག ཐ་ན་བཟའ་བཏུང་སོགས་ཀྱི་དཀའ་ངལ་ཡང་ཚད་མེད་བྱུང་འདུག དེའི་ཞར་བྱུང་ལྟ་བུར་དམག་སྒར་གྱི་དངོས་ཆས་ལྷག་མ་བགོ་བཤའ་བྱེད་སྟངས་སོགས་ལ་མ་འཆམ་པ་བྱུང་སྟེ་ཕྱོགས་གཉིས་སུ་གྱེས་ཏེ་ད་བར་ང་ཚོའི་སྤྱི་ཚོགས་ནང་རྙོག་དྲ་བར་མ་ཆད་པར་ཡོང་བའང་དེ་ལ་ཐུག་ཡོད། གང་ལྟར་ཨ་རིའི་གཞུང་ལ་རྒྱ་ནག་ནས་ཁེ་ཕན་གྱི་གོ་སྐབས་ཤིག་བྱུང་ཚེ་བོད་དོན་ཆབ་སྲིད་ཀྱི་ཡོ་ཆས་ལ་བེད་སྤྱོད་གཏང་རྒྱུ་ཐག་ཆོད་རེད། ཡིན་ནའང་ང་ཚོ་བོད་མི་རྣམས་ནི་ཞལ་ནས་ཨ་རི་ཨ་རི་མ་གཏོགས་མེད་ལ། བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམས་ཀྱང་ཨ་རི་ལ་ཡིད་དབང་འཕྲོག་པའི་ངང་རེད་འདུག

མཆན། གོང་གསལ་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ལངས་ཕྱོགས་ཡིན་པས་མ་ཁྱབ།

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༡༨ སྔོན་ལ།
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩

མཆན། 10

  1. པ་རྡོ་རེ། says:
    ལོ་ 5 སྔོན།

    ཉིན་ཤས་སྔོན་ཨ་རི་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་བར་ཧ་ཅང་གྲུབ་འབྲས་ཆེན་པོ་ཡིན་ཚུལ་གླེང་མཁན་མི་ཉུང་བ་ཞིག་འདུག ང་ནི་ཕྲན་བུ་ཐེ་ཚོམས་ནང་ལྷུང་སོང་། ད་ལམ་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་ལ་བརྟེན་ནས་ཉིན་ཤས་གསར་ཤོག་སོགས་སུ་བོད་ཅེས་པའི་མིང་དེ་ཐོན་པ་ལས། དེ་ལས་ལྷག་པའི་གྲུབ་འབྲས་ཤིག་ངས་མཐོང་ཐུབ་མ་སོང་། ཕྱི་ལོ་ ༡༩༩༧ ནས་བཟུང་སྟེ་ ༢༠༡༧ བར་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྔ་བྱུང་ཡོད། ཚང་མ་མི་ཧ་ཅང་བཟང་ཡང་ཨ་རིའི་གཞུང་གི་སྲིད་བྱུས་ལ་བརྟེན་ནས་རེ་བ་བྱས་པ་ལྟར་ནུས་པ་ཐོན་པ་བྱུང་མེད། ཨ་རིའི་སྲིད་འཛིན་སྦིལ་ཀི་ལིན་ཊོན་ (Bill Clinton) གྱི་དུས་ཡུན་རིང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གཉིས་པོ་དེ་ Assistant Secretary གནས་རིམ་ལས། དེ་རྗེས་སྲིད་འཛིན་སྦུ་ཤུ་ (George W. Bush) དང་སྲིད་འཛིན་བ་རག་ཨོ་བ་མ་ (Barak Obama) དུས་ཡུན་སྐབས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གསུམ་པོ་དེ་ Under Secretary གནས་རིམ་ཡིན་པས་གནས་རིམ་གཅིག་མཐོ་བ་རེད། གནས་རིམ་ལ་བལྟས་ནས་བོད་དོན་ལ་ཇི་ཙམ་གནད་འགག་བརྩི་མིན་ཡང་ཚོད་དཔག་བྱེད་ཐུབ།

    ད་ལམ་ཉིན་ཤས་སྔོན་སྲིད་འཛིན་ཌོ་ནལ་ཌ་ཀྲ་རམ་ཕ་ (Donald Trump) ནས་སྐུ་ཞབས་རོ་བཊ་ཌེས་ཊོ་རོ་ (Robert Destro) ལ་ Assistant Secretary གནས་རིམ་མ་གཏོགས་ཕུལ་མེད་ཅིང་། དེ་ནི་དྲུང་ཆེའི་གནས་རིམ་མང་པོ་ཡོད་པ་ལས་དམའ་ཤོས་དེ་ཡིན། ཕྱི་ལོ་ ༢༠༡༧ ལོར་སྐུ་ཞབས་ཀྲ་རམ་ཕ་ཨ་རིའི་སྲིད་འཛིན་ལ་འཁོད་པ་ནས་བཟུང་ད་བར་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་རྒྱུའི་དགོངས་བཞེས་གནང་མེད་པ་དེས་ཁོང་གིས་བོད་ཀྱི་གནད་དོན་དེ་ཇི་ཙམ་གལ་ཆུང་བརྩིས་པ་གསལ་སྟོན་བྱས་ཡོད། དེ་བཞིན་ང་ཚོའི་ངོས་ནས་ཀྱང་འཇོན་རྒྱུ་ཡོད་ན་སྐབས་དེ་དུས་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཅུག་རྒྱུའི་ལས་ཀ་དེ་འཇོན་དགོས་ཚོད་རེད། འོན་ཀྱང་ད་བར་གང་ཡང་འཇོན་མེད།

    གོང་གི་གནས་ཚུལ་འདི་དག་བོད་མིའི་འགོ་འཁྲིད་རྣམས་ནས་གསལ་པོ་མ་བཟོས་པར་ཧམ་བཤད་གནང་རྐྱང་བྱེད་འདུག་ཨང་།

    Reply
  2. དངོས་གྲུབ་རྒྱལ་མཚན། says:
    ལོ་ 5 སྔོན།

    གཞུང་ཞབས་འདི་ཚོ་འདྲ་བོ་དག་གིས་ནང་ཁུལ་དཀྲུག་རྒྱུ་མ་གཏོགས་རྒྱལ་སྤྱིའི་འགྲོ་ལུགས་དང་བོད་ཀྱི་གནོད་དོན་སྐོར་ལ་ཡག་པོ་ཤེས་ཀྱི་མེད་པ་ཐག་གི་ཆོད།
    དེ་དག་ནི་ངོ་མ་ཀླད་པ་མ་ཚོས་པའི་ཆབ་སྲིད་པ་རེད། རྒྱ་གར་སྐད་དུ་ ( ཀ་ཅ་ཞེས་པ་དེ་རེད།

    ད་མ་དཀྲུག་རོགས་ཁ་དྲོ།
    སྤྱི་ཚོགས་རྙིང་པའི་ལྟ་བ་ད་དུང་ཉར་འདུག་པའི་རྒས་པོ་མགོ་དཀར་དག་ད་ནས་ངལ་གསོ་གནང་ན་ལེགས།

    བོད་པའི་གཞོན་ནུ་དག་ལ་འགན་དབང་སྤྲོད་རོགས།

    ང་ཚོ་མི་མང་ལ་ཁྱོད་འདྲ་བའི་རྩོམ་ཡིག་འབྲི་མཁན་མི་དགོས་ལ་བསམ་ཚུལ་བཤད་མཁན་ཡང་མི་དགོས།
    མདོར་ན་ང་ཚོ་བོད་པ་ལ་ཕྱོགས་ལྷུང་བ་ནམ་ཡང་མི་དགོས།

    གུས་པ་དངོས་གྲུབ་རྒྱལ་མཚན་ནས།
    མི་འགྱུར་རྡོ་རྗེ་ལ་སོགས་ལ་འཕྲོད་པར་ཤོག།
    22/10/2020

    Reply
  3. འདམ་སྐྱེས། says:
    ལོ་ 5 སྔོན།

    ང་བོད་རིགས་ཤིག་དང་དྲང་བདེན་ལ་གནས་མཁན་ཞིག་ཡིན་པའི་ཆ་ནས་བདེན་ཁ་ཕར་དགྲ་ལ་ཕྱོགས་ནས་བཤད་པ་ལས། ཚུར་རྒྱ་དམར་གྱི་མགྲིན་ཚབ་པའི་ལྷན་དུ་རང་གཞུང་ལ་མ་ཉེས་ཁག་གཡོག་ཞིག་ག་ལ་ཞུ། ཐུགས་ཞིབ་གནང་དང་གོང་གསལ་གནད་དོན་འདིའི་ཐོག་རྒྱ་དམར་མགྲིན་ཚབ་པས་གང་ཞིག་བཤད་ཡོད་གསལ་པོར་ཤེས་ཐུབ། རང་གཞུང་གིས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཕྱག་ལས་གང་གནང་གནས་ཚུལ་བརྒྱུད་ཁག་ནང་ཕྱི་གསལ་ནང་གསལ་བའི་རྐྱེན་གྱིས་བསམས་ཤེས་མེད་པའི་མི་ཁག་ཅིག་གིས་སྐད་བཅོལ་འདོན་དང་འདོན་བཞིན་ཐོག་འདི་ནས་སླར་ཡང་གསར་བཤད་ལ་ཐེལ་རྒྱབ་ཀྱི་སྤགས་ཐེལ་བྱ་དགོས་སུ་མ་མཐོང་།།

    Reply
  4. ཚེ་རིང་ཕུན་ཚོགས། says:
    ལོ་ 5 སྔོན།

    གནས་ཚུལ་དངོས་བདེན་དྲང་པོ་འགྲེལ་བརྗོད་གནང་་འདུག

    Reply
  5. ཁམས། says:
    ལོ་ 5 སྔོན།

    ཁྱེད་རང་ལ་ཐེ་ཚོམས་ཡོང་དོན་ཅི་ཞིག་འཕྲད། ཨ་གཞུང་གི་འབྲལ་མཐུད་པ་བསྐོ་གཞག་གནང་ཕྱོགས་ལ་གསུངས་ཀྱི་ཡོད་ན། གནང་བར་འདོད་པ་མེད་ཚུལ་གྱི་ཐེ་ཚོམ་ཡོད་ཚུལ་གསུངས་ཀྱི་ཡོད།

    Reply
  6. དཔའ་རྒོད says:
    ལོ་ 5 སྔོན།

    ཀྲམ་ པེ་ལོ་སི་ ལ་མ་དགའ་ནས་ད་བར་བྱུང་ཡོད་མ་རེད། ད་ལྟ་འོས་ཤོག་འཕེན་ལ་ཉེ་བས་། བོད་དོན་དེ་ཡང་ཨ་རི་བའི་་སེམས་འགུལ་ལ་ཤུག་རྐྱེན་སྤྲོད་ཐུཔ་པའི་གནས་དོན་ཞིག་ཡིན་ཙང་ཀྲམ་གྱི་འགྲེལ་མཐུད་པ་ཞིག་བསྐོ་བ་རེད་།

    Reply
  7. དོན་གྲུབ། says:
    ལོ་ 5 སྔོན།

    བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ད་ལྟ་བསྐོས་པ་ནི་དོན་སྙིང་ཆེ་བ་མ་མཐོང་། སྲིད་སྐྱོང་གིས་དེའི་ཐོག་བྲེལ་ལ་ཆེ་མདོག་གིས་དེ་ནི་ལོ་རྒྱུས་ནང་བྱུང་མ་མྱོང་བ་འདྲ་པོ་འུར་བརྒྱབ་པ་དང་། དེ་ནི་ཨ་གཞུང་གིས་ཧ་ལམ་བོད་གཞུང་ངོས་ལེན་བྱས་པ་ལྟ་བུར་འགྲེལ་བརྗོད་བྱས། དེའི་ཐོག་དེང་སྐབས་ཨ་རིར་བསྐོར་བསྐྱོད་བྱེད་བཞིན་པའི་དབུ་དཀར་ཚང་སྐལ་རྡོར་གྱིས་ཀྱང་བསྟོད་བསྔགས་ཆེན་པོ་བཏང་ནས་ཁོ་རང་གི་འོས་ཤོག་ལ་འཕེན་ཐབས་བྱེད་པ་བཅས་ནི་ཧ་ཅང་གི་ཐབས་སྐྱོ་པོ་རེད། འཇིགས་མེད་པ་སངས་སུ་ཡིན་མི་ཤེས་ཀྱང་། གལ་སྲིད་སྔོན་མ་བཀའ་ཤག་ནང་ཡོད་པའི་འཇིགས་མེད་པ་སངས་དེ་ཡིན་ན། གོང་གི་གནས་ཚུལ་དེ་ལ་འུར་གཏམ་འདྲེས་མེད་པ་ང་ལ་ཡིད་ཆེས་ཡོད།

    Reply
  8. འདམ་སྐྱེས། says:
    ལོ་ 5 སྔོན།

    དོན་མེད་ཀྱི་མ་ཤེས་མདོག་དང་མ་ཡོད་ཡོད་མདོག་མང་པོ་བཤད་ན་ངོ་ཚ། མི་འདི་རིགས་ནས་ག་དུས་ཡིན་ནའང་གཏམ་དཔེར། བྱ་རྒྱའི་ཁ་ཤར་ལ་ཕྱོག་ན་ཕ་བོང་གི་ཁ་ནུབ་ཀྱི་དཔེ་ལྟར་བྱས་ན་རང་སྨ་རང་འབེབས་ཡིན་པ་མ་ཤེས་པ་གང་ཡིན་ནམ། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་འཐུད་པའི་སྔོན་གྱི་ལོ་རྒྱུས་གང་ཡིན་ཡོངས་གྲགས་ལ་བསྐྱར་བཤད་བྱས་ན་གང་ཕན་། ད་ལམ་གཞུང་མང་ནས་སྔར་དང་མ་འདྲ་བའི་ཐུགས་སྣང་གནང་དགོས་པ་ནི་བྱིས་པ་བསམ་མེད་ཞིག་ཡིན་ན་ལས་ཤེས་ངེས་ཀྱང་། གཙོ་ཆེར་ཨ་གཞུང་ལ་རང་གཞུང་དང་གཞུང་མིན་ཚོགས་པ་ཁག་ནས་འབད་བསྩོན་རིམ་པར་བྱས་པའི་བརྒྱུད་བསྐོ་བཞག་གནང་བ་དང་སྔར་བྱུང་མ་མྱོང་བའི་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་དཔལ་ལྡན་སྲིད་སྐྱོང་མཆོག་ཆེད་འབོད་ཀྱིས་སྣེ་ལན་གནང་བ་ནི་བཟང་ཕྱོགས་ཡིན་པ་རྒྱལ་སྤྱིའི་ནང་མངོན་གསལ་གྱུར་ཡོད། ལར་འདི་རིགས་ལས་སླ་པོ་དང་དམིགས་བསལ་གང་ཡང་མ་གཟིགས་ན་སོ་སོའི་སྐྱབས་ཡུལ་རྒྱལ་ཁབ་གཞུང་ལ་འབད་བརྩོན་གཅིག་གནང་དགའ་བསུ་ཡོད།།

    Reply
  9. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 5 སྔོན།

    ཨ་རིའི་བོད་དོན་འབྲེལ་འཐུད་བསྐོ་འཛུགས་གནང་བ་ལ་དགའ་སྡུག་གི་ཚོར་བ་གང་ཡང་མ་བྱུང་། རྒྱུ་ཚན་ནི་ང་ཚོའི་འཐབ་རྩོད་ང་ཚོའི་བྱེད་དགོས་པ་ལས་ཕྱིའི་རྒྱལ་ཁབ་སུ་གཅིག་གི་ང་ཚོར་རང་བཙན་སྤྲོད་ཐུབ་ཀྱི་མ་རེད་ལ་རང་སྐྱོང་ཡང་སྤྲོད་ཐུབ་ཀྱི་མ་རེད་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅོ་ལྔ་ནང་འཁོད་པའི་བོད་དོན་བདེན་མཐའ་གསལ་བ་ལ་ང་ཚོའི་དབུ་མའི་ལམ་རྒྱུད་ནས་རྒྱ་ནག་གི་འགོ་འཁྲིད་དང་ང་ཚོའི་འགོ་འཁྲིད་བར་མི་དང་མི་ཐུག་ནས་ཕར་བཤད་ཚུར་ཉན་དང་ཚུར་བཤད་ཕར་ཉན་རྒྱུད་ནས་བོད་རྒྱའི་དཀའ་སྙོགས་སེལ་དགོས་པ་དེ་གལ་ཆེན་ཞིག་ལ་ངོས་འཛིན་ཞུ་གི་ཡོད་། ཨ་རྒྱའི་ཁ་དམག་གི་འཐབ་རྩོད་དང་ཨ་རིའི་སྲིད་འཛིན་འོས་བསྡུ་སོགས་ཆབ་སྲིད་འཁྲུགས་ཆ་ཆེ་བའི་དུས་སྐབས་་བོད་དོན་འབྲེལ་འཐུད་བསྐོ་བཞག་གནང་བ་ནི་ངོ་མཚར་ཆེ་།

    Reply
    • ཐུབ་དབྱིག says:
      ལོ་ 5 སྔོན།

      ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་བྱུང་བ་དང་། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་ཝ་ཤིན་ཌོན་ཌི་སི་ལ་ཕེབས་ནས་ཕྱི་སྲིད་ལས་ཁུངས་ནང་ཁོང་དང་མཇལ་འཕྲད་གནང་བ་དེ་ལོ་རྒྱུས་ཀྱི་གནས་ཚུལ་གསར་པ་རེད་ཅེས་གྲུབ་འབྲས་ཆེ་མདོག་གིས་ཡོངས་བསྒྲགས་གནང་བ་མ་ཟད། ཕྱི་དྲིལ་དྲྭ་བརྙན་གསར་འགྱུར་གྱིས་སྲིད་སྐྱོང་ལ་ཐད་ཀར་ཨིན་བོད་གཉིས་ལ་བཅར་འདྲི་གནང་བ་སོགས་དྲིལ་བསྒྲགས་ཤུགས་ཆེར་གནང་སོང་། ད་ལྟའི་བཀའ་ཤག་དང་ལྷག་པར་སྲིད་སྐྱོང་ལ་བྱས་རྗེས་མངོན་གསལ་གནང་རྒྱུ་ནི་གོམས་གཤིས་གཅིག་ཡིན་པས་དེ་ལ་ཧ་ལས་དགོས་དོན་གང་ཡང་མེད། རིགས་གཅིག་གིས་ད་ཆ་ཕྱི་དྲིལ་དྲྭ་བརྙན་དེ་སྲིད་སྐྱོང་འབོད་སྒྲ་རེད་ཟེར་མཁན་ཡང་ཡོད། དོན་དངོས་ལ་གོང་དུ་རྩོམ་ཡིག་ནང་བྲིས་པ་བཞིན་ད་ལམ་སྲིད་འཛིན་ཀྲམ་གྱིས་བོད་དོན་ཆེད་དམིགས་བསལ་སྐུ་ཚབ་བསྐོས་པ་དེས་བོད་མིར་ཤ་ཚ་དང་རྒྱབ་སྐྱོར་གྱི་གནས་སྟངས་འོག་བསྐོ་གཞག་བྱས་པ་གཅིག་མིན་པ་མ་ཟད། ཁོ་རང་གི་ལས་རྒྱུན་རྫོགས་ཁར་བསྐོ་གཞག་བྱས་པ་དེ་ལ་དམིགས་བསལ་ནུས་པ་གང་ཡང་མེད། ཟླ་བ་རྗེས་མར་ཁོང་ལ་ཕམ་ཉེས་བྱུང་ནའང་རེད། མ་བྱུང་བ་ཡིན་ནའང་རེད། གང་ལྟར་ཨ་རི་གཞུང་ནང་སྲིད་འཛིན་ཌམ་གྱིས་བསྐོ་གཞག་བྱས་པའི་མི་སྣ་ཚོར་འཕོ་འགྱུར་འགྲོ་རྒྱུ་ངེས་པ་དང་། དེའི་ཁོངས་སུ་ད་ལྟ་བསྐོ་གཞག་བྱུང་བའི་མི་སྣ་དེ་ཡང་ཧ་ལམ་འགྱུར་བ་འགྲོ་རྒྱུ་རེད། ད་ལམ་གྱི་གནས་ཚུལ་དེ་ལ་བལྟ་སྟངས་གཞན་གཅིག་ནི་ཁོང་གི་གནས་རིམ་དེ་རེད། བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་གསར་པ་དེའི་གོ་གནས་དྲུང་ཆེ་ལས་རོགས་ཡིན་ཅིང་། དེ་ནི་ཕྱི་སྲིད་ལས་ཁུངས་ནང་རིམ་པ་བཞི་པའི་ལས་བྱེད་རེད། འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་སྐབས་འདིར་བོད་དོན་འབྲེལ་མཐུད་པ་བསྐོ་གཞག་བྱུང་བ་དེ་སྲིད་འཛིན་ཌམ་གྱིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་མཁྲེགས་བཟུང་ཅན་དང་ཁ་གཏད་ཀྱི་སྲིད་ཇུས་བཟུང་གི་ཡོད་པ་དེའི་ལག་ཆར་བེད་སྤྱོད་བྱས་པ་གཅིག་རེད། སྲིད་འཛིན་ཌམ་སྲིད་གཞུང་གིས་༢༠༠༢ ལོར་བཞག་པའི་བོད་དོན་གྱི་ཁྲིམས་ཡིག་གི་འབྲུ་དོན་ཡོངས་སུ་ལག་བསྟར་གནང་མེད་པ་དེ་ཡང་མཁྱེན་པ་གནང་དགོས། ཁྲིམས་ཡིག་དེའི་ནང་གལ་གནད་ཆེ་ཤོས་གཅིག་ནི་ཨ་རིའི་སྲིད་འཛིན་དང་ཕྱི་སྲིད་དྲུང་ཆེ་སོགས་ཀྱིས་བོད་རྒྱ་འབྲེལ་མོལ་ཡོང་ཐབས་ཕྱག་ལས་གང་གནང་ཡོད་ལོ་ལྟར་གྲོས་ཚོགས་ལ་སྙན་ཞུ་འབུལ་དགོས་ཀྱི་ཡོད་པ་དེ་རེད། ན་ནིང་དང་ད་ལོ་གཉིས་ཀར་ཕྱི་སྲིད་ལས་ཁུངས་ཀྱིས་གྲོས་ཚོགས་ལ་སྙན་ཐོ་ཚད་ལྡན་གཅིག་ཕུལ་མེད་ཅིང་། ད་ལོའི་སྙན་ཐོའི་ནང་བོད་ནང་ཆོས་དད་རང་དབང་ལ་ཨ་རི་གཞུང་གིས་རྒྱུན་དུ་ཐུགས་འཚབ་གནང་གི་ཡོད་ཅེས་བཀོད་པ་ལས་བོད་རྒྱ་འབྲེལ་མོལ་ཡོངས་ཐབས་ལ་འདི་དང་འདི་གནང་བ་ཡིན་ཞེས་གང་ཡང་གསལ་མེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་དབུ་ཁྲིད་པའི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སོགས་ཀྱིས་བོད་རྒྱ་གྲོས་མོལ་ཡོང་ཐབས་ལ་ཨ་རིའི་གཞུང་འབྲེལ་མི་སྣ་ཚོས་ཐད་ཀར་ཕྱག་ལས་གང་གནང་གསལ་བཤད་གནང་རྒྱུ་མེད། ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་སྲིད་འཛིན་སྐུ་གཞོན་གཉིས་ཀྱིས་བོད་ནང་ཆོས་དད་རང་དབང་གི་གནས་སྟངས་ལ་ཐུགས་འཚབ་གནང་བའི་གཏམ་བཤད་ལ་ཡིད་དབང་འཁྲོག་ནས་བཞུགས་ན་ནམ་ཞིག་རང་རེའི་རྩ་དོན་དེ་ཆོས་དད་རང་དབང་ལ་བསྒྱུར་ཉེན་ཆེ། དེ་དང་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཕྱི་སྲིད་ལས་ཁུངས་ལ་ཕེབས་པ་དེ་ལོ་རྒྱུས་གསར་པ་རེད་ཅེས་གསུངས་པ་དེ་ཁོང་ཐེངས་དང་པོ་ཕྱི་སྲིད་ལས་ཁུངས་ལ་ཕེབས་ཐུབ་པ་དེ་གཏམ་བཟང་གཅིག་ཡིན་སྲིད། དེའི་གོང་ནས་ཐེངས་མང་ཐབས་ཤེས་གནང་ཡང་ཕེབས་ཐུབ་མེད། དེ་སྔའི་བཀའ་བློན་ཁྲི་པ་རྣམས་ཀྱིས་ཕྱི་སྲིད་ལས་ཁུངས་ལ་ཕེབས་རྒྱུ་གལ་ཆེ་བར་ངོས་འཛིན་གནང་མེད་ཅིང་། ཁོང་རྣམས་ཀྱིས་དམིགས་བསལ་འབྲེལ་མཐུད་པ་བརྒྱུད་དེ་བོད་རྒྱ་འབྲེལ་མོལ་ཡོང་ཐབས་ལ་ཨ་རི་གཞུང་གིས་གང་གནང་ཐུབ་རྒྱུ་ཡོད་རེ་བསྐུལ་གནང་བ་དང་། དེར་དམིགས་བསལ་འབྲེལ་མཐུད་པས་ལས་དོན་སྙན་གསེང་ཞུ་ཆེད་བཀའ་བློན་ཁྲི་པའི་དྲུང་དུ་ཚུར་བཅར་གྱི་ཡོད། སྲིད་སྐྱོང་བློ་བཟང་སེངྒ་ལགས་ཀྱིས་ཨ་རིའི་རྒྱལ་སྤྱིའི་རོགས་ཕན་སྡེ་ཚན་(USAID)ནས་རོགས་དངུལ་ལེན་རྒྱུ་སོགས་ལ་གྲུབ་འབྲས་ལྡན་པའི་ཕྱག་ལས་རིམ་པར་གནང་ཡོད་ནའང་། བཅའ་ཁྲིམས་ནས་བཀའ་ཤག་ལ་བསྐུར་བའི་ལས་འགན་གཉིས་ནས་བོད་དོན་བདེན་མཐའ་གསལ་ཐབས་ལ་འདི་དང་འདི་གནང་ཐུབ་པ་རེད་བརྗོད་རྒྱུ་ངོས་ལ་མ་བརྙེད། གཞན་ལ་གསུངས་རྒྱུ་ཡོད་ན་གསལ་འདོན་གནང་རོགས།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese