མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་ཨ་རིའི་ཕོ་བྲང་དཀར་པོའི་ནང་གདན་འདྲེན་གནང་།

བོད་ཀྱི་དུས་བབ།
༢༠༢༠/༡༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གཞུང་གིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕོ་བྲང་དཀར་པོའི་ནང་གདན་འདྲེན་ཞུས་ཏེ་བོད་མིའི་སྒྲིག་འཛུགས་ལ་ཆེ་མཐོང་དང་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་སྐོར་གསུངས་ཡོད་འདུགབོད་མིའི་སྒྲིག་འཛུགས་ཀྱི་གནས་ཚུལ་ལྟར་ན། ཨ་རིའི་གཞུང་འབྲེལ་གདན་ཞུས་ལྟར་ཁ་སང་ཕྱི་ཚེས་ ༢༠ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨ་རིའི་ཕོ་བྲང་དཀར་པོའི་ནང་ཕེབས་ཏེ། སྲིད་འཛིན་དང་སྲིད་འཛིན་གཞོན་པའི་ལས་ཁུངས་ཀྱི་སྐུ་ཚབ་སོགས་གནད་ཡོད་མི་སྣར་མཇལ་མོལ་གནང་ཡོད་འདུག

ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཚེ་རིང་སྐྱིད་ལགས་ནས་སྲིད་སྐྱོང་མཆོག་ལ་བཅར་འདྲི་ཞུས་སྐབས། ཐེངས་འདིའི་མཇལ་མོལ་སྐབས་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་ལས་ཁུངས་ཀྱི་སྐུ་ཚབ་དང་། དེ་བཞིན་རྒྱ་ནག་གཙོ་བོར་གྱུར་བའི་ཨེ་ཤ་ཡའི་སྐོར་ལ་ཕྱག་ལས་གནང་མཁན་གྱི་གནད་ཡོད་མི་སྣ་རྣམས་ལ་མཇལ་མོལ་གནང་ཡོད་ལ། ད་ལན་ཨ་རིའི་གཞུང་ངོས་ནས་བོད་མིའི་སྒྲིག་འཛུགས་ལ་ཆེ་མཐོང་དང་། དམངས་གཙོའི་ལམ་ལུགས་ཀྱི་ཐོག་ནས་མི་མང་གིས་བདམས་བཞག་པའི་མགོ་འཁྲིད་ཅིག་དང་། ༧གོང་ས་མཆོག་ནས་གསོལ་རས་གནང་བཞག་པའི་དམངས་གཙོའི་ལམ་ལུགས་ལ་ངོས་འཛིན་གནང་བ་ཞིག་ཡིན་སྐོར་གསུངས་པ་ལྟར། འདས་པའི་ལོ་ ༦༠ དང་ལྷག་པར་ལོ་དགུ་ཡི་ནང་རེ་བ་བྱས་བསྡད་པ་དེ་ད་ལན་འགྲུབ་སོང་བསམ་པའི་ཐོག་ནས་དགའ་ཚོར་དང་སྤོབས་པ་སྐྱེས་བྱུང་ཞེས་དང་། མཇལ་མོལ་སྐབས་ཨ་རིའི་གཞུང་ངོས་ནས་སྲིད་བྱུས་དབུ་མའི་ལམ་དང་བོད་མིའི་མངོན་འདོད་མིང་དོན་མཚུངས་པའི་རང་སྐྱོང་ཡིན་པ་དང་། བོད་དེ་རྒྱ་ནག་གི་དྲག་གནོན་འོག་ཡོད་པ་བཅས་ཕོ་བྲང་དཀར་པོ་ནས་མཁྱེན་པའི་ཐོག་ནས་རྒྱབ་སྐྱོར་གནང་སྟེ། ཉེ་སྔོན་གྱི་བོད་དོན་སྐོར་གྱི་གྲོས་ཆོད་དེ་གཏན་འབེབ་བྱུང་བ་ཡིན་སྐོར་འགྲེལ་བརྗོད་གནང་ཡོད་སྐོར་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་བའི་སྟེང་འདས་པའི་བཅུ་ཕྲག་དྲུག་གི་ནང་ཨ་རིའི་ཕྱི་སྲིད་ལྷན་ཁང་དང་ཕོ་བྲང་དཀར་པོ་གཉིས་ཀྱི་ནང་བོད་མིའི་སྒྲིག་འཛུགས་ཀྱི་མགོ་ཁྲིད་འཛུལ་བར་དང་ལེན་བྱས་མེད་པ་དང་། དེའི་རྒྱུ་མཚན་ནི་ཨ་རི་སྲིད་གཞུང་གིས་བཙན་བྱོལ་བོད་གཞུང་ལ་ངོས་ལེན་བྱེད་ཀྱི་མེད་སྟབས་ཡིན་པ་དང་། དེ་རིང་ཕོ་བྲང་དཀར་པོའི་ནང་བསྐྱོད་ཐུབ་པ་དེ་ནི་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ལམ་ལུགས་དང་དེའི་ཆབ་སྲིད་ཀྱི་མགོ་ཁྲིད་ལ་ངེས་འཛིན་ཐོབ་པ་ཞིག་རེད། ཅེས་བཀོད་འདུག

དེ་རིང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སྐུ་སྒེར་གྱི་ཊུ་ཝེ་ཊིར་སྤྱི་ཚོགས་དྲ་ལམ་སྟེང་། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་མགོ་ཁྲིད་ཐེངས་དང་པོར་གཞུང་འབྲེལ་ཐོག་ཨ་རིའི་ཕོ་བྲང་དཀར་པོའི་ནང་འཛུལ་ཐུབ་པར་ཧ་ཅང་དགའ་སྤོབས་བྱུང་། ཅེས་བཀོད་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་སྲིད་སྐྱོང་མཆོག་ལྡི་ལི་བརྒྱུད་ཨ་རིའི་ནང་ཕེབས་ཏེ། བོད་ཐོག་འཛིན་པའི་སྲིད་བྱུས་ཁྲིམས་འཆར་གཏན་འབེབ་ཡོང་ཐབས་སུ་གཞུང་འབྲེལ་ཕྱོགས་སྐྱོད་གནང་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན། ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་སྐོར་གྱི་གྲོས་ཆོད་སྤྱི་མོས་བྱུང་བའི་ནང་། རིག་གཞུང་དང་ཆོས་ཀྱི་གལ་ཆེན་རང་བཞིན་ཐོག་བོད་ཀྱི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ལ་ངོས་འཛིན་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཛམ་གླིང་ཞི་བདེ་དང་འཚེ་མེད་ཞི་བ་གོང་སྤེལ་གྱི་ཐུགས་སྐྱེད་དམ་བཅར་ཆེ་བསྟོད་ཞུ་རྒྱུ་སོགས་བཀོད་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

ཆུ་ཚོད་ ༡༥ སྔོན་ལ།
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༡༥ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠

མཆན། 9

  1. jigwang Abharu says:
    ལོ་ 5 སྔོན།

    ༄༅། སྲིད་སྐྱོང་མཆོག་བཀྲིས་བདེ་ལེགས་ཞུ།
    ཨ་རིའི་ཕོ་བྲང་དཀར་པོར་མགྲོན་བརྡ་གནང་བ་བཞིན་ཕེབས་ནས་བོད་དོན་ཆབ་སྲིད་ཀྱི་སྐོར་ཞུ་འབོད་
    གནང་བར་ཐུགས་རྗེ།

    Reply
  2. རུས་རྐང་། says:
    ལོ་ 5 སྔོན།

    ལོ་རྒྱུས་ལ་འགན་མི་ཁུར་བ་དང་དྲང་བདེན་མི་བརྩི་བ་ནི་མཁས་དབང་གི་གྲས་ཡིན་ནམ།
    ༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༥ རེས་གཟའ་ལྷག་པའི་ཉིན་ཨ་རིའི་སྔ་དྲོའི་ཆུ་ཚོད་ ༡༠།༡༥ ཙམ་ལ་ཨ་རིའི་ཕོ་བྲང་དཀར་པོའི་ Map Room ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨོ་བྷ་མ་མཆོག་རྣམ་གཉིས་མཇལ་འཕྲད་མཛད་འདུག སྐབས་དེར་༸གོང་ས་མཆོག་གིས་ཉེ་ལམ་ཨ་རིའི་ཕོ་ལོ་རི་ཌའི་མངའ་སྡེའི་གྲོང་ཁྱེར་ཨོར་ལེན་ཌོའི་ Orlando ནང་མི་གསོད་དོན་རྐྱེན་གྱི་གནས་ཚུལ་བྱུང་བར་ཐུགས་ཕམ་དང་སྦྲགས་སྲིད་འཛིན་མཆོག་ལ་ཐུགས་གསོ་མཛད་སྐབས་སྲིད་འཛིན་ཨོ་བྷ་མ་མཆོག་ནས་ཀྱང་༸གོང་ས་མཆོག་ལ་ཐུགས་རྗེ་ཆེ་ཞུས་པ་དང་ལྷན། མགོན་པོ་གང་ཉིད་མཆོག་གིས་གཞན་ལ་བྱམས་བརྩེ་དང་གུས་བརྩི་སོགས་གོང་སྤེལ་གཏོང་ཐབས་མཛད་བཞིན་པ་དེར་ཡི་རང་བསྔགས་བརྗོད་ཡོད་ཚུལ་ཞུས་འདུག གཞན་ཡང་སྐབས་དེར་དབུ་ཁྲིད་རྣམ་གཉིས་བོད་ནང་གི་བོད་མིའི་གནས་སྟངས་སྐོར་བཀའ་ བསྡུར་མཛད་པ་མ་ཟད།
    ལྷག་པར་སྲིད་འཛིན་ཨོ་བྷ་མ་མཆོག་གིས་བོད་མིའི་ ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་གོམས་གཤིས་ལུགས། དེ་བཞིན་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་ཨ་རིའི་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེ་ཡོད་པ་ནན་པོའི་ཐོག་སྙན་སྒྲོན་ཞུས། ཕྱོགས་མཚུངས་སྲིད་འཛིན་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྔགས་བརྗོད་རྒྱ་ཆེ་ཞུས་ པ་དང་སྦྲགས་རྒྱབ་སྐྱོར་ཡོད་སྐོར་གསུངས་པ་མ་ཟད། མགོན་པོ་གང་ཉིད་མཆོག་གིས་ཆོད་སེམས་བརྟན་པོས་འཚེ་མེད་ཞི་བའི་བཞེངས་ཕྱོགས་དེ་རྒྱུན་སྐྱོང་མཛད་བཞིན་པར་གུས་བཀུར་ཆེ་བསྟོད་རྒྱ་ཆེ་ཞུས་གནང་འདུག བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ལས་བཤུས

    Reply
  3. རུས་རྐང་། says:
    ལོ་ 5 སྔོན།

    བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་མགོ་ཁྲིད་ཐེངས་དང་པོར་གཞུང་འབྲེལ་ཨ་རིའི་ཕོ་བྲང་དཀར་པོའི་ནང་མཛུལ་བ་རེད་དམ། ལོ་རྒྱུས་ལ་འགན་མི་ཁུར་བ་དང་དྲང་བདེན་ལ་རྡོག་རོལ་བཏང་ཚེ་གུས་ཞབས་དང་དྲིན་ལན་ཟེར་བ་ཞིག་གང་ན་ཡོད།
    ༢༠༡༦ ཟླ་ ༦ ཚེས་ ༡༦ རེས་གཟའ་ཕུར་བུ།
    ༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༥ རེས་གཟའ་ལྷག་པའི་ཉིན་ཨ་རིའི་སྔ་དྲོའི་ཆུ་ཚོད་ ༡༠།༡༥ ཙམ་ལ་ཨ་རིའི་ཕོ་བྲང་དཀར་པོའི་ Map Room ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨོ་བྷ་མ་མཆོག་རྣམ་གཉིས་མཇལ་འཕྲད་མཛད་འདུག སྐབས་དེར་༸གོང་ས་མཆོག་གིས་ཉེ་ལམ་ཨ་རིའི་ཕོ་ལོ་རི་ཌའི་མངའ་སྡེའི་གྲོང་ཁྱེར་ཨོར་ལེན་ཌོའི་ Orlando ནང་མི་གསོད་དོན་རྐྱེན་གྱི་གནས་ཚུལ་བྱུང་བར་ཐུགས་ཕམ་དང་སྦྲགས་སྲིད་འཛིན་མཆོག་ལ་ཐུགས་གསོ་མཛད་སྐབས་སྲིད་འཛིན་ཨོ་བྷ་མ་མཆོག་ནས་ཀྱང་༸གོང་ས་མཆོག་ལ་ཐུགས་རྗེ་ཆེ་ཞུས་པ་དང་ལྷན། མགོན་པོ་གང་ཉིད་མཆོག་གིས་གཞན་ལ་བྱམས་བརྩེ་དང་གུས་བརྩི་སོགས་གོང་སྤེལ་གཏོང་ཐབས་མཛད་བཞིན་པ་དེར་ཡི་རང་བསྔགས་བརྗོད་ཡོད་ཚུལ་ཞུས་འདུག གཞན་ཡང་སྐབས་དེར་དབུ་ཁྲིད་རྣམ་གཉིས་བོད་ནང་གི་བོད་མིའི་གནས་སྟངས་སྐོར་བཀའ་ བསྡུར་མཛད་པ་མ་ཟད།
    ལྷག་པར་སྲིད་འཛིན་ཨོ་བྷ་མ་མཆོག་གིས་བོད་མིའི་ ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་གོམས་གཤིས་ལུགས། དེ་བཞིན་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་ཨ་རིའི་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེ་ཡོད་པ་ནན་པོའི་ཐོག་སྙན་སྒྲོན་ཞུས། ཕྱོགས་མཚུངས་སྲིད་འཛིན་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྔགས་བརྗོད་རྒྱ་ཆེ་ཞུས་ པ་དང་སྦྲགས་རྒྱབ་སྐྱོར་ཡོད་སྐོར་གསུངས་པ་མ་ཟད། མགོན་པོ་གང་ཉིད་མཆོག་གིས་ཆོད་སེམས་བརྟན་པོས་འཚེ་མེད་ཞི་བའི་བཞེངས་ཕྱོགས་དེ་རྒྱུན་སྐྱོང་མཛད་བཞིན་པར་གུས་བཀུར་ཆེ་བསྟོད་རྒྱ་ཆེ་ཞུས་གནང་འདུག

    Reply
  4. Sonam Gyaltsen says:
    ལོ་ 5 སྔོན།

    ? ? ? ? ? ? ? ? ? ? སྲིད་སྐྱོང་བློ་བཟང་སེང་གེ་དང་། ཨ་རི་དོན་གཅོད་དངོས་སྒྲུབ་ཚེ་རིང་གཉིས་ ཞེད་པོ་འཇོན་ཡོད་དོག་དོག རྡོག་རྡོག་བཤད་ན་་་ ཁོང་གཉིས་ཨ་རི་དང་སྐལ་རྡོར་གྱི་གཉིས་ཀྱིས་བྲན་གཡོག་རེད་འདུག་ག ད་ང་ཚོ་བཙན་བྱོལ་སྤྱི་ཚོགས་ག་རེད་ཆགས་པ་རེད་ ! དངོས་ནས་སྲིད་སྐྱོང་ཚད་ལྡན་ཞིག་ཡིན་ན་་་ ཁ་ནས་བཤད་པ་གཞི་ཟུང་ ང་ཚོའི་བོད་པའི་་་ ལྟ་བའི་མིག་དང་། ཁོག་པའི་སྙིང་ ༧གོང་ས་མཆོག་ནས་སྟོན་གནང་པའི་བོད་ཀྱི་རྩ་དོན་ གཉིས་ཕན་དབུ་མའི་ལམ་དེ་ ཨུ་ཚུག་གི་ རྒྱ་མི་དང་འབྲེལ་བ་མུ་མཐུད་འབད་བརྩོན་བྱེད་དགོས་པ་ལས་ ཨ་རི་ཡི་ཤོག་ལབ་ཚད་འགྲོ་གིན་སྡད་ན་ དེ་ལ་རྒྱུག་ཁྱི་ཟེར། ཞེད་པོ་འཇོན་ཡོད་དོག་དོག་བྱེད་ཡ་དང་ སྤོོབ་པ་བྱེད་ཡ་ལྷག་མེད། ངོ་མ་ཚ་པ་ཡ་ཚན་ཆེ།

    Reply
  5. དྲང་སྲོང་། says:
    ལོ་ 5 སྔོན།

    དེང་སྐབས་དུས་བབ་ཚང་ལ་གཟའ་དུག་ཕོག་ཡོད་པ་འདྲ། རིན་ཆེན་རིལ་བུ་རེ་འཐུང་ན་ཅུང་ཙམ་ཕན་ཐོག་མེད་འདྲོ། གལ་སྲིད་དྲག་ཡ་མེད་ན་འཆི་ན་མི་དགའ་བ་རེད། གང་ཡིན་ཟེར་ན། “མི་དྲག་ནད་པ་འཆི་ན་དགའ། “ཟེར་བ་ཅི་མ་བདེན།

    Reply
  6. འདམ་སྐྱེས། says:
    ལོ་ 5 སྔོན།

    འདི་ནི་ཆེས་དགའ་འོས་པའི་གནས་ཚུལ་བཟང་པོ་ཞིག་ཡིན་པ་དང་། གཞིས་བྱེས་རང་རིགས་ཡོངས་ཀྱི་བདེན་པའི་འདོད་དོན་ཇེ་གསལ་དང་། རྒྱལ་སྤྱིའི་ནང་༧རྒྱལ་བའི་ཐུགས་བཞེད་གོང་འཕེལ་གྱིས་བདེན་དོན་ཉི་འོད་མངོན་གསལ་གྱི་མཚོན་དོན་ཞིག་ཡིན་པ་ངེས་ཤེས་བརྙེད་ཐུབ་པའི་ལམ་བུ་ཞིག་མངོན་གསལ་དུ་གྱུར་འདུག དེས་ན་ཨ་རིའི་གཞུང་དང་མང་ཚོགས་དེ་མིན་གཞུང་འབྲེལ་མ་ཡིན་པའི་ཚོགས་ཁགསོགས་ལ་བཀྲིན་ཆེ་ཞུ་བ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གི་དབུས་འབྲེལ་ཡོད་ཡོངས་ལ་ལེགས་བརྗོད་དང་བཀྲ་ཤེས་བདེ་ལེགས་ཞུ།།????

    Reply
  7. བློ་བཟང says:
    ལོ་ 5 སྔོན།

    འདི་ICT ནས་ཡུན་རིང་དཀའ་ལས་རྒྱབ་པ་དང་༧གོང་ས་མཆོག་་་བོད་མི་མང་གི་གྲུབ་འབྲས་ཤིག་་ཡིན་པ་ལས! ལི་ཐང་སྲིད་སྐྱོང་་་གངས་སྐྱིད་ནས་་་རང་དོན་ཡུན་རིང་བསྒྲུབས་ཏེ་་་་་ཨ་རི་ལ་ཞག་གཅིག་གི་རིང་་་གྲུབ་འབྲས་བཏོན་བཞག་པ་དེ་འདྲ་མ་རེད་ད! བོད་མི་ཚོ་་་ཧོལ་རྒྱུག་་ལ་དགའ་ཞིང་་་ལྷག་པར་དུ་གཞོན་སྐྱེས་་་རེ་ཟུང་ནི་་་གྱང་ཁ་ལ་བཞག་ན་་་་རྩ་རང་རེད!

    Reply
  8. Sonam Gyaltsen says:
    ལོ་ 5 སྔོན།

    ད་ང་ཚོ་བོད་པ་ཚང་། གཉིད་སྐྱིད་པོ་བྱེད་ཁུག་མཆོག་གིས་རེད་ད། ? ? ཨ་རི། ཨིན་ཇི། ཡུ་རོ། ཀེ་ན་ཌ། ཕ་རཱནས། ཇར་མན། ཨཱས་ཊ་ལི་ཡ་སོགས་ཀྱི་ བོད་པ་རྒྱབ་སྐྱོར་ ལག་ལེན་ཁྱོན་ནས་མེད་པས་ ཚིག་སྐམ་པོའི་གྲོས་ཆོད་བཞག་ཡོད་རེད་ད། ? ? ? ? ? ? ? ? ? ? ? ? ?

    Reply
  9. Sonam Gyaltsen says:
    ལོ་ 5 སྔོན།

    ? ? ? ? ? ? ? ? ? ? དེ་འདྲ་ Joker གཉིས། ཁོ་རང་གཉིས་དེ་འདྲ་འཇོན་པོ་ཡོད་ན་ རྒྱ་མི་གཞུང་ཚབ་ལ་འབྲེལ་བ་བྱེད་ནས་ བོད་ལ་ དམ་བསྒྲགས་དེ་འདྲ་ མ་བྱེད་རོགས་ཟེར་ནས་ འབོད་སྐུལ་ཞུ་དང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese