མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀྲ་ཤིས་དབང་འདུས་ལགས་ཀྱིས་སྲིད་སྐྱོང་འོས་མི་ནས་ཕྱིར་འཐེན་གནང་།

བོད་ཀྱི་དུས་བབ།
༢༠༢༠/༡༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མི་བཀྲ་ཤིས་དབང་འདུས་ལགས་ཀྱིས་སྲིད་སྐྱོང་འོས་མིའི་ཁོངས་ནས་ཕྱིར་འཐེན་གནང་བ་གསལ་བསྒྲགས་གནང་འདུགཁ་སང་ཕྱི་ཚེས་ ༢༩ ཉིན་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མི་བཀྲ་ཤིས་དབང་འདུས་ལགས་ཀྱིས་རང་གི་གཞུང་འབྲེལ་འོས་བསྡུའི་དྲིལ་བསྒྲགས་ངོ་དེབ་བརྒྱུད། འདི་ལོའི་འོས་བསྡུ་འདི་ཕྱི་ལོ་ ༢༠༡༦ ལོའི་འོས་བསྡུ་ལྟར་གཞི་མེད་སྐྱོན་བརྗོད་ཀྱི་རྣམ་པར་གྱུར་པ་དེར་བློ་ཕམ་བཅས་དང་རང་ཉིད་སྲིད་སྐྱོང་འོས་མིའི་ཁོངས་ནས་ཕྱིར་འཐེན་གནང་བ་གསལ་བསྒྲགས་གནང་འདུག

འདི་གའི་གསར་འགོད་པས་གནད་དོན་འདི་དང་འབྲེལ་ནས་བཀྲ་ཤིས་དབང་འདུས་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུས་པར་ཁོང་གིས། ཡིག་ཐོག་གསལ་བསྒྲགས་སྟེང་གང་འཁོད་པ་ལས་གཞན་དམིགས་བསལ་ཞུ་རྒྱུ་གང་ཡང་མེད་སྐོར་བརྗོད་བྱུང་ལ། ཡིག་ཐོག་གསལ་བསྒྲགས་དེའི་ནང་། གསར་འགྱུར་བརྒྱུད་ལམ་ཁག་གིས་སྲིད་སྐྱོང་འོས་མི་རྣམས་སྡིངས་ཆ་གཅིག་གི་སྟེང་བགྲོ་གླེང་གོ་སྒྲིག་ཞུས་མ་ཐུབ་པའི་དབང་གིས་དམངས་གཙོའི་འགྲོ་ལུགས་བཞིན་འོས་མི་དང་མང་ཚོགས་དབར་གོ་རྟོགས་སྤེལ་རྒྱུའི་གོ་སྐབས་ཚད་ལྡན་ཐོབ་མེད་པ་དང་། ད་ཐེངས་ཀྱང་སྤྱི་ཚོགས་ཁྲོད་གལ་ཆེའི་ལས་འཆར་ཁག་ལ་བགྲོ་གླེང་ཟབ་མོ་མེད་པར་ཕྱི་ལོ་ ༢༠༡༦ ལོའི་ལོས་བསྡུ་ལྟར་གཞི་མེད་སྐྱོན་བརྗོད་བྱས་མགོ་བརྩམས་པར་བརྟེན། དེ་ལྟ་བུའི་འཁྲུག་ཆ་དོད་པའི་སྤྱི་ཚོགས་ནང་རང་ཉིད་སྡོད་ཐབས་མེད་པས་དོན་ཆེ་སར་བསམ་ཞིབ་ཀྱིས་སྲིད་སྐྱོང་འོས་མིའི་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་སྐོར་བཀོད་འདུག

ཡང་གསལ་བསྒྲགས་དེའི་མཇུག་ཏུ་ཁོང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་དགོངས་མ་འཁྲུག་པའི་ཆེད་དུ། ད་ཡོད་སྲིད་སྐྱོང་འོས་མི་རྣམས་ཀྱིས་རང་རང་གི་རྒྱབ་སྐྱོར་བ་ཚོར་འོས་བསྡུའི་དྲིལ་བསྒྲགས་ཚུལ་ལྡན་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་ནན་པོ་གནང་དགོས་སྐོར་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༩ ཚེས་ ༣ ཉིན་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མི་ར་རྒྱ་བསྟན་འཛིན་ལགས་ཀྱིས་ཀྱང་། ཐོག་མར་རང་ཉིད་ནས་སྲིད་སྐྱོང་འོས་མིའི་ཁྲོད་ན་གཞོན་ཤེས་ཡོན་ཅན་རེ་ཟུང་སླེབས་པའི་རེ་བ་བྱས་ཀྱང་། ད་ལྟའི་འོས་མི་རྣམས་ནི་མེ་ཚེ་ཕྱེད་ཀ་གཞུང་གི་ལས་ཀ་བྱས་ནས་བསྡད་ཀྱང་དམིགས་བསལ་གྲུབ་འབྲས་མེད་པ་ཞེ་ཅིག་ཡིན་སྐོར་བརྗོད་དེ། སྲིད་སྐྱོང་འོས་མིའི་ཁོངས་ནས་ཕྱིར་འཐེན་བྱས་ཡོད་པ་རེད། བཀྲ་ཤིས་དབང་འདུས་ལགས་ལྟ་བུ་མཚོན་ན། སྤྱི་ལོ་ ༢༠༡༦ ལོའི་སྲིད་སྐྱོང་འོས་མིར་བཞེངས་ཏེ་སྔོན་འགྲོའི་འོས་བསྡུའི་སྟེང་ཁྱོན་འོས་གྲངས་ ༡༨༨༠ ལས་མ་ཐོབ་པར་བརྟེན་དངོས་གཞི་ནང་ཞུགས་ཐུབ་མེད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣
ཨོ་གླིང་དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་ལེའུ་རིམ་གསལ་བསྒྲགས།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས།

༢༠༢༦/༡༠/༠༡
Mobile App

རྒྱ་ནག་གིས་སློབ་གསོའི་སྡེ་ཁག་སྤྱད་ནས་དབྱིན་ཇིར་གསང་ཉུལ་བྱེད་བཞིན་འདུག

༢༠༢༦/༡༠/༠༡
རྒྱ་ནག་གཞུང་ཚབ་མདུན་ཐང་དུ་རྒོལ་མཆོངས་ལས་འགུལ་སྤེལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར། ༢༠༢༦།༡༠།༡


Mobile App

རྒྱ་ནག་གཞུང་ཚབ་མདུན་ཐང་དུ་རྒོལ་མཆོངས་ལས་འགུལ་སྤེལ། 

༢༠༢༦/༡༠/༠༡
མ་རྩོམ་གྱི་པར།
Mobile App

གསེར་བུམ་དཀྲུག་འདོན་གྱི་གསང་བ་ཡང་བསྐྱར་ཕྱིར་བསྟན་པ།

༢༠༢༦/༠༩/༣༠
ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༣༠
Mobile App

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་མིའི་ཚབ་བྱས་ནས་སྐད་ཆ་བཤད་རྒྱུར་སྤོབས་པ་ཡོད་ཅེས་གསུངས།

༢༠༢༦/༠༩/༣༠

མཆན། 1

  1. Tador18 says:
    ལོ་ 6 སྔོན།

    སྐུ་ངོ་ལགས། ཁྱེད་ཕྱིར་འཐེན་པ་མ་རེད། ཡར་འཛུལ་བ་རེད། དང་གཙང་གི་ལམ་ཁ་ཞིག་ཏུ་འཛུལ་བ་རེད། རང་བདེ་གཞན་སྐྱིད་ཀྱི་ལམ་ཁ་ཞིག་ཏུ་འཛུལ་བ་རེད། ཡང་དག་པའི་ལས་དོན་ཞིག་ཏུ་ཡར་འཛུལ་བ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese