མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་ཨ་རི་དང་འདྲ་བའི་ཚོང་ཁྲིམས་བཟོས།

བོད་ཀྱི་དུས་བབ།
༢༠༢༠/༡༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཨ་རྒྱ་གཉིས་ཀྱི་ཚོང་དམག་མུ་མཐུད་ནས་རྒྱག་བཞིན་ཡོད་པ་དང་བསྟུན་རྒྱ་ནག་གཞུང་གིས་ཨ་རིའི་ཚོང་འབྲེལ་སྲིད་བྱུས་དང་གཅིག་མཚུངས་ཡིན་པའི་ཚོང་འབྲེལ་སྲིད་བྱུས་གསར་པ་ཞིག་གཏན་འབེབ་བྱས་ཡོད་འདུགདེ་རིང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཚོང་འབྲེལ་ཐད་སྲིད་བྱུས་གསར་པ་ཞིག་བཏོན་ཏེ་རྒྱལ་ཡོངས་ཀྱི་ཚོང་ཟོག་ཕྱིར་འདྲེན་ཐད་སྟངས་འཛིན་བྱ་རྒྱུ་ཡིན་པ་མ་ཟད། སྲིད་བྱུས་གསར་དེ་ཨ་རིའི་ཕྱིར་ཚོང་དོ་དམ་སྲིད་བྱུས་དང་གཅིག་མཚུངས་ཡིན་ལུགས་བསྒྲགས་འདུག་ལ། སྲིད་བྱུས་གསར་པ་དེ་དང་འབྲེལ་ནས་གཞུང་འབྲེལ་གྱི་བཀག་སྡོམ་ཐོ་ཁུངས་སུ་མེད་པའི་ཅ་ལག་དང་ཞབས་ཞུའི་རྣམ་གྲངས། དེ་བཞིན་འཕྲུལ་ཆས་སོགས་ལོ་ ༢ ཙམ་རིང་བཀག་འགོག་བྱེད་ཆོག་གི་ཡོད་འདུག

རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པ་ལྟར་ན། ཕྱི་ལོ་ ༢༠༡༧ ལོར་སྲིད་བྱུས་དེ་ཐོག་མར་འཆར་ཟིན་དུ་བཀོད་ཡོད་པ་དང་། ལོ་འདིའི་ཟླ་བ་ ༡༠ པའི་ཟླ་མཇུག་ཏུ་ལག་བསྟར་ཆོག་མཆན་སྤྲད་པ་དང་། སྲིད་བྱུས་དེ་ཨ་རིའི་ཕྱིར་ཚོང་གི་དོ་དམ་སྲིད་བྱུས་དང་གཅིག་མཚུངས་ཡིན་ལུགས་དང་། ཕྱིར་ཚོང་བཀག་སྡོམ་གྱི་ཐོ་ཁོངས་སུ་དམག་དོན་འཕྲུལ་ཆས་དང་ཚོར་ཤུགས་སྐྱེན་པའི་འཕྲུལ་རིག དེ་བཞིན། སྤྱི་དམངས་དང་དམག་མི་གཉིས་ཀྱིས་བཀོལ་སྤྱོད་བྱེད་ཆོག་པའི་འཕྲུལ་རིག་སོགས་ཡོད་ལ། གལ་ཏེ་མི་སུ་ཞིག་གིས་འཕྲུལ་རིག་དེ་རིགས་ཕྱིར་ཚོང་བྱེད་འདོད་ཡོད་ཚེ་གཞུང་ཕྱོགས་ནས་ཆོག་མཆན་ཡི་གེ་ལེན་དགོས་པ་སོགས་བཀོད་ཡོད་འདུག

ལོ་འདིའིི་ཟླ་བ་ ༡༡ ཚེས་ ༥ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་འབྱུང་འགྱུར་ལོ་ ༡༠ ཡི་ནང་དུ་རྒྱ་ནག་གིས་ནང་འདྲེན་དངོས་ཟོག་ཨ་སྒོར་དུང་ཕྱུར་ཁྲི་ ༢༢ ལས་བརྒལ་རྒྱུ་ཡིན་སྐོར་བཤད་པ་དང་། ཕྱི་ཟླ་ ༡༡ པའི་ཚེས་ ༡༩ ཉིན་ཡང་ཁོས། རྒྱ་ནག་གིས་ད་དུང་རྒྱལ་ཁབ་མང་བོ་ཞིག་དང་རང་མོས་ཚོང་དོན་གྱི་གྲོས་ཆོད་ལ་མིང་རྟགས་བཀོད་དེ། རྒྱ་ནག་གི་དཔལ་འབྱོར་གནས་སྟངས་སྔར་ལས་འཕེལ་རྒྱས་གཏོང་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་དང་། རྒྱ་ནག་གི་འཕྲུལ་རིགས་བཟོ་གྲྭ་ཁག་ནས་ཨ་རིའི་རྒྱལ་སྲུང་བདེ་འཇགས་དང་ཚན་རིག་ལག་རྩལ་རྐུ་འཁྱེར་བྱེད་ཀྱི་ཡོད་པའི་ངོས་འཛིན་འོག ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་ཨ་རྒྱ་གཉིས་བར་ནང་འདྲེན་ཚོང་ཟོག་ལ་སྒོ་ཁྲལ་སྤར་རེས་བྱས་ཏེ་ཚོང་དམག་གི་མགོ་བརྩམས་ཡོད་པ་རེད།

བསྟན་འཛིན་ཕུར་བུ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist