མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རོང་བོ་དགེ་འདུན་ལྷུན་གྲུབ་ལཊ་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༢༠/༡༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་གི་སྙན་ངག་པ་གྲགས་ཅན་རོང་བོ་དགེ་འདུན་ལྷུན་གྲུབ་ལཊ་རྒྱུ་མཚན་གང་ཡིན་གསལ་ཁ་མེད་པར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག་ལ་དེ་སྔོན་ཡང་ཁོང་ལ་འཛིན་བཟུང་འདྲི་རྩད་མང་པོ་བྱས་མྱོང་ཡོད་འདུག

ཉིན་ཤས་སྔོན་བོད་ནང་གི་རྩོམ་པ་པོ་དང་སྙན་ངག་པ་གྲགས་ཅན་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་རྒྱ་ནག་གཞུང་གིས་རྒྱུ་མཚན་ཅི་ཡིན་མ་བཤད་པར་གློ་བུར་དུ་འཛིན་བཟང་བྱས་ཡོད་པ་དང་། ད་ལྟའི་ཆར་ཁོང་གི་གནས་སྟངས་ག་འདྲ་ཡིན་སོགས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག་ལ། ཁོང་གི་སྐད་འཕྲིན་རྒྱབ་ལྗོངས་ཀྱི་གནས་ཚུལ་ཚང་མ་ལྟ་ཀློག་མ་ཐུབ་པ་ཞིག་ཆགས་འདུག

དྷ་རམ་ས་ལར་གནས་སྡོད་རེབ་གོང་ནས་ཡིན་པ་ཞིག་གིས་འདི་གའི་གསར་འགོད་པར་དགེ་འདུན་ལྷུན་གྲུབ་ལགས་ཟླ་འདིའི་ཕྱི་ཚེས་ ༢ ཉིན་འཛིན་བཟུང་བྱས་ཡོད་སྐོར་བོད་རང་ནས་གསུངས་བྱུང་ཞེས་གནས་ཚུལ་མཁོ་སྤྲོད་གནང་བྱུང་ལ། ཁོང་གི་གྲོགས་པོ་ཞིག་ལ་དེའི་སྐོར་དྲིས་པར་ཁོང་གིས། རོང་བོ་དགེ་འདུན་ལྷུན་གྲུབ་ལགས་དང་སྒེར་འབྲེལ་ཡོད་ཀྱང་། ཉེ་སྔོན་ནས་འབྲེལ་གཏུག་བྱས་མེད་པ་དང་། དེ་རིང་ཁོང་གི་སྐད་འཕྲིན་གྱི་རྒྱབ་ལྗོངས་སུ་ལྟ་སྐབས་གནས་ཚུལ་ཚང་མ་ལྟ་མི་ཐུབ་པའམ་ནག་གསུབ་བཏང་ཚར་འདུག དེ་སྔོན་ནས་ཁོང་ལ་རྒྱ་ནག་གཞུང་གིས་དོགས་ཟོན་བྱེད་ཀྱི་ཡོད་པ་མ་ཟད། ཐེངས་མང་པོར་བཀག་ཉར་བྱས་ཏེ་འདྲི་རྩད་བྱས་ཡོད་པ་རེད། ཅེས་བརྗོད་བྱུང་།

ཕྱི་ལོ་ ༢༠༡༣ ལོར་ཀན་ལྷོ་གཙོས་ནས་མི་རིགས་རྩོམ་རིག་དང་འབྲེལ་བའི་ཚོགས་འདུའི་ཐོག་ཁོང་གིས། ངེད་ཅག་བོད་རིགས་ལྟ་བུར་མཚོན་ན་ནང་བསྟན་རིག་གནས་ཀྱིས་གཙོས་རིག་པའི་གནས་མང་པོར་དར་རྒྱས་བྱུང་ཡོད་མོད། དམངས་ཀྱི་འདོད་འདུན་མཚོན་པའི་རྩོམ་རིག་གི་ཕྱོགས་ནས་དར་རྒྱས་དེ་ཙམ་བྱུང་མེད་པའི་ཁར། དེང་རབས་ཀྱི་རྩོམ་རིག་གསར་བའི་ཕྱོགས་ནས་དེ་བས་དར་རྒྱས་བྱུང་མེད་ཙང་། དུས་དེབ་འདིར་གཞན་རྩོམ་སྒྱུར་བའི་ལག་ལེན་གྱི་ཁྲོད་ནས་སྔར་མེད་པའི་བརྡ་དང་ཐ་སྙད་དག་གཏན་ལ་དབབ་ཚེ་བྱེད་པོ་ལོ་ཙཱ་བ་དག་གིས་ངེས་པར་དུ་བོད་ཡུལ་གཅིག་གྱུར་གྱི་སྐད་བརྡར་གཟབ་ནན་བྱ་རྒྱུ་གལ་བོ་ཆེ་རུ་འདོད། སྔོན་གྱི་ལོ་པཎ་དག་གིས་བསྒྱུར་བའི་བཀའ་དང་བསྟན་བཅོས། ཡང་ན་སྙན་ངག་གི་གཞུང་དང་སྙན་ངག་གི་བསྟན་བཅོས་ད་ལྟ་མཇལ་དུ་ཡོད་པ་འདི་དག་གི་ཁྲོད་ན། བོད་མདོ་དབུས་ཁམས་གསུམ་གང་དུ་ཁྱེར་ཡང་བོད་ཡིག་ཤེས་མཁན་ཞིག་ཡིན་ཕྱིན་ཀློག་ཐུབ་ལ་དོན་ཡང་གོ་བ་མ་ཟད། བོད་ཡིག་མི་ཤེས་མཁན་ཞིག་ཡིན་རུང་དེའི་རྣ་བར་ཤེས་མཁན་ཞིག་གིས་བཀླགས་ན་གོ་ནུས་པ་ཡིན་པར་མངོན་སུམ་དུ་གྲུབ་པ་ལགས་ན། ད་ལྟའི་ལོ་ཙཱ་བ་གསར་པ་དག་གིས་ལོ་ཙཱ་བ་སྔོན་མ་དག་དང་ལོ་ཙཱ་བ་རྒན་པ་དག་གི་རྗེས་སུ་བསླབ་པར་སྙིང་ནས་རེ། ཞེས་གསུངས་འདུག

བཙན་པོ་དྲ་བའི་ནང་བཀོད་པའི་ཁོང་གིས་བྲིས་པའི་<<ང་ཚོའི་སྙན་ངག་ནི་གོ་སླ་བའི་ཕྱོགས་སུ་སོང་ན་འགྲིག>>ཅེས་པའི་ནང་དུ། སྐབས་འདིར་ངས་བཤད་དགོས་པ་ནི་སྙན་ངག་གི་སྣང་ཚུལ་ཞིག་སྟེ། དེང་སྐབས་སྙན་ངག་པ་མང་པོ་ཞིག་ལ་རྩོད་གླེང་འབུད་བཞིནཔའམ་སྙན་ངག་གི་སྤྱི་འགྲོས་ཤིག་ལ་ལྟ་ཚུལ་འདོན་པ་དེ་ཡིན། འདི་ནི་དགའ་འོས་པ་ཞིག་སྟེ་མི་རིགས་ཤིག་དང་རིག་གཞུང་ལ་དོ་སྣང་བྱེད་པའི་མཚོན་རྟགས་སུ་ངེས། ལྷག་པར་དུ་སྦྲང་ཆར་གཙོས་དུས་དེབ་འགའ་རེ་ན་རྩོམ་ཡིག་གི་དཔྱད་བརྗོད་སྤེལ་བ་ནི་ང་ཚོ་ལ་རྩོམ་རིག་གི་གཞུང་ལུགས་ཆ་ཚང་ཞིག་མི་རིང་བར་འགྲུབ་རྒྱུའི་སྔོན་འགྲོའི་རོལ་དབྱངས་ལྟ་བུ་རེད། ༡༩༩༩ ལོའི་<<སྦྲང་ཆར>>་དུས་དེབ་དང་བོར་སྤེལ་བའི་སྐུ་ཞབས་གངས་ཞུན་གྱི་དཔྱད་རྩོམ་<<གོ་དགའ་བ་སྙན་ངག་གི་ཡོན་ཏན་ཡིན་ནམ>>ཞེས་པ་ལ། ༢༠༠༠ ལོའི་སྦྲང་ཆར་དེབ་བཞི་བའི་སྟེང་སྐུ་ཞབས་སྐྱ་བྷས་<<གོ་དཀའ་བ་སྙན་ངག་གི་ཡོན་ཏན་ཡིན>> ཞེས་ལན་བཏབ་འདུག ངོ་མ་བགྲོ་གླེང་འདི་ནི་མཁོ་བའི་ཟས་དང་འདྲ་བར་ང་ཚོའི་ན་གཞོན་སྙན་ངག་པ་ཚོས་མུ་མཐུད་གླེང་དགོས། ད་ལྟ་ང་ཚོས་སྙན་ངག་གི་ཁྱད་ཆོས་དང་དམིགས་ཡུལ་ཕན་འབྲས་ལ་ལྟོས་ཏེ་དཔྱད་བརྗོད་སྤེལ་ན་གདོན་མི་ཟ་བར་རྐང་རྗེས་ཤིག་འཇོག་ཐུབ་ཐུབ་ཡིན་པས་ངེས་པར་དུ་ཕྱོགས་གང་ནས་ཀྱང་རང་རང་གི་འདོད་ཚུལ་བརྗོད་དགོས།ཕྲན་གྱིས་ཀྱང་རང་གི་འདོད་ཚུལ་སྐུ་ཞབས་འདི་རྣམ་པ་གཉིས་གཙོས་ཕྱོགས་ཡོངས་ཀྱི་སྨྱུག་འཛིན་པ་ཚོར་འབུལ་ཁུལ་བགྱིས་ན། སྤྱིར་སྙན་ངག་གི་ཡོན་ཏན་ལ་གོ་དཀའ་སླ་གཉིས་སུ་དབྱེ་དགོས་ཤིང་ཕྱོགས་གཅིག་ཏུ་ཐག་བཅད་ན་ཅུང་འཐུས་ཚང་མ་ཡིན་པའི་སྐྱོན་འབྱུང་སྲིད། རྒྱ་གར་བའི་སྙན་དག་ལའང་གོ་དཀའ་བ་དང་སླ་བ་གཉིས་སུ་ཕྱེ་ཡོད་པ་དེས་གོ་དཀའ་བ་སྙན་ངག་གི་ཡོན་ཏན་དུ་ཐག་བཅད་ན་ག་ལ་འགྲིག སྙན་ངག་འདི་གོ་སླ་བའི་ཕྱོགས་སུ་གོམ་པ་སྤོས་ན་སྙན་ངག་གི་ཁྱད་ཆོས་འཆོར་མི་འཆོར་དང་དེས་ཀློག་པ་པོ་གང་མང་ཞིག་ལ་ཞབས་འདེགས་སྒྲུབ་ཐུབ་མིན། དེ་ལས་ལྡོག་སྟེ་གོ་དཀའ་བའི་ཕྱོགས་སུ་སོང་ན་སྙན་ངག་གི་ཁྱད་ཆོས་སུ་འགྱུར་ཚུལ། ཀློག་པ་པོ་དང་འབྲེལ་ཡོད་ཡོངས་ལ་ཕན་མི་ཕན་གྱི་ཐད་ནས་ལྟ་བ་འདི་གཉིས་ལ་ང་ཚོས་གཤིབ་སྡུར་བྱེད་དགོས། ཞེས་གསུངས་འདུག

སྙན་ངག་པ་གྲགས་ཅན་རོང་བོ་དགེ་འདུན་ལྷུན་གྲུབ་བམ་དྲ་མིང་ལ་ལྷམ་ཀོག་ལགས་ནི་ཕྱི་ལོ་ ༡༩༧༤ ལོར་རེབ་གོང་མདོ་བ་འབྲོག་ནས་སྐྱེས་ཤིང་། ཕྱི་ལོ་ ༡༩༩༤ ལོ་ནས་གསར་རྩོམ་ལ་ཞུགས་ཏེ་<<རྐང་གླིང་སྐྱ་བོ>> <<ལྷ་ཆེན་པོའི་སྙན་ངག>> <<ཕྲེང་བ་ནག་པོ>> <<མི་ཚེའི་དབྱངས་རྟ>> <<གླེགས་བམ་དཀར་བོ>>སོགས་སྒེར་དེབ་ཁག་ཅིག་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༡༠ པའི་ནང་ཁོང་གི་སྙན་ངག་སྒེར་དེབ་གསར་ཤོས་<<འཁོར་བ>>་བཏོན་གནང་ཡོད་འདུག ཕྱི་ལོ་ ༢༠༠༠ ལོ་ནས་བཟུང་རོང་བོ་དགོན་ཆེན་ནས་ཐུན་མོང་རིག་གནས་ཀྱི་སྐོར་དཔེ་འཁྲིད་རྒྱུན་དུ་གནང་བ་དང་། བོད་ཁུལ་གྱི་ས་གནས་གཞན་དུ་གདན་ཞུའི་དགེ་རྒན་ཡང་གནང་མྱོང་ཡོད་པ་དང་། ཁོང་གི་བརྩམས་ཆོས་དག་ལ་བོད་ཁུལ་ནས་གདེང་འཇོག་ཆེན་པོ་ཐོབ་སྟེ་བྱ་དགའ་ཁག་ཅིག་ཐོབ་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese