མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་ལྡན་གཙུག་ལག་ཁང་གི་བཟོ་བཀོད་ནས་བཟུང་རྒྱ་ནག་ཅན་དུ་བསྒྱུར་འཆར་འདུག

བོད་ཀྱི་དུས་བབ།
༢༠༢༠/༡༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་གཞིར་བཟུང་བོད་ཀྱི་ལྷ་ལྡན་གཙུག་ལག་ཁང་གཙོའི་དགོན་སྡེ་ཁག་གི་འཛུགས་སྐྲུན་བཟོ་བཀོད་དང་ཐ་ན་ཆོས་ལུགས་ཀྱི་ཅ་དངོས་རྣམས་ཀྱང་རྒྱ་ནག་གི་ཁྱད་ཆོས་ཅན་དུ་བསྒྱུར་དགོས་སྐོར་བཤད་འདུགཟླ་འདིའི་ཕྱི་ཚེས་ ༢ ཉིན། རྒྱ་ནག་གཞུང་འབྲེལ་བོད་ལྗོངས་དྲ་བ་ཟེར་བས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་པེ་ཅིན་བོད་ལུགས་དགོན་སེར་དགོན་ཞེས་པར། བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་རྒྱ་བརྒྱུད་ནང་བསྟན་ཆོས་ལུགས། ལྷོ་བརྒྱུད་ནང་བསྟན་ཆོས་ལུགས་དང་རྒྱ་ནག་གི་མཐོ་སློབ་དང་ཚན་རིག་ཞིབ་འཇུག་ལས་ཁུངས། རིག་གནས་དངོས་མང་བཤམ་སྟོན་ཁང་ཟེར་བ་སོགས་ཆོས་ལུགས་ལས་དོན་སྐོར་གྱི་ཚོགས་པ་ ༡༠ ཙམ་གྱི་ནང་། ཆེད་མཁས་པ་ཟེར་བའི་མི་སྣ་མང་པོ་ཆེད་དུ་བསྡུ་རུབ་ཀྱིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་བར་སྐུལ་འདེད་དང་། བོད་ཀྱི་ལྷ་ལྡན་གཙུག་ལག་ཁང་གཙོའི་དགོན་སྡེ་ཁག་གི་འཛུགས་སྐྲུན་རྒྱ་ནག་གི་ཁྱད་ཆོས་ཅན་དུ་སྒྱུར་ཐབས་ཟེར་བ་སོགས་ཀྱི་སྐོར་ལ་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད་འདུག

ཚོགས་འདུ་དེའི་སྟེང་པེ་ཅིང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལིའུ་ཅུན་ཟེར་བ་དེས། བོད་ཀྱི་དགོན་སྡེ་ཁག་གི་བཟོ་སྐྲུན་དང་སྒྱུ་རྩལ་མཛེས་བཀོད། བཟོ་དབྱིབས་སོགས་རྒྱ་ནག་གི་ཁྱད་ཆོས་ཅན་དུ་སྒྱུར་ཐབས་བྱེད་དགོས་པ་དང་། གནད་དོན་དེ་ནི་རྒྱ་ནག་ཆིང་རྒྱལ་རབས་སྐབས་ཀྱི་བོད་ཀྱི་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་བའི་ཐབས་རྩལ་ལ་འབད་དགོས་སྐོར་དང་། ཡང་རྒྱ་ནག་ཧུ་པེ་ཞིང་ཆེན་ཀུན་བདེ་གླིང་དགོན་པའི་རྒྱ་རིགས་མཁན་པོ་མོ་རི་ཀེན་ཐུའུ་ཟེར་བ་ཞིག་གིས། ཀུན་བདེ་གླིང་དགོན་པའི་ཨར་ལས་བཟོ་སྐྲུན་ཐད་བོད་དང་རྒ་ནག་གཉིས་ཀྱི་བཟོ་བཀོད་ཁྱད་ཆོས་ཡོད་པ་ལྟར། བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགོན་སྡེ་ཡོངས་ཀྱི་ཨར་ལས་བཟོ་སྐྲུན་རྒྱ་ནག་གི་ཁྱད་ཆོས་ཅན་དུ་བསྒྱུར་དགོས་སྐོར་སོགས་བརྗོད་ཡོད་འདུག གཞན་ཡང་། ཚོགས་འདུ་དེར་ཞུགས་པའི་ཚོགས་མི་ཚང་མས་ཞི་ཅིན་ཕིན་གྱི་དགོངས་དོན་ཟེར་བ་དེ་ལྟར། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་ཐབས་ཀྱི་སྐོར་ནས་བཤད་ཡོད་པ་དང་། རྒྱ་ནག་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་འབུམ་རམས་ཞེ་ཅཱ་ཞིན་ཟེར་བ་ཞིག་གིས། པེ་ཅིན་ཀྲི་ཧྭ་དགོན་པའི་ཟངས་ཀྱི་ཅོང་གི་ཡི་གེ་དང་འབྲེལ་ནས། བོད་བརྒྱུད་ནང་བསྟན་གྱི་མཎྜལ་སྒྲིག་སྟངས་དང་ཆོས་ལུགས་རིག་གནས་ཀྱི་ནང་དོན་དེ། རྒྱ་ནག་གི་ཡོན་རྒྱལ་རབས་སྐབས་ཀྱི་ལུགས་སྲོལ་དང་སྒྱུར་དགོས་སྐོར་བཤད་ཡོད་པ་མ་ཟད། བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི་རྒྱ་ཡིག་རྩོམ་སྒྲིག་པ་གཙོ་བོ་དབྱི་ཝུན་ཝུན་ཟེར་བ་ཞིག་གིས། རྗེ་ཙོང་ཁ་པ་ཆེན་པོའི་མཛད་རྣམ་དང་དེའི་རྗེས་རབས་ལ་ཐེབས་པའི་ཤུགས་རྐྱེན་དང་འབྲེལ་ནས། བོད་ཀྱི་དགོན་པ་ཁག་གི་ཆོས་ཀྱི་སློབ་གཉེར་ལམ་ལུགས་རྒྱ་ནག་ཅན་དུ་སྒྱུར་བའི་ཁྱད་ཆོས་དང་ཕན་ཁེ་སོགས་ཀྱི་སྐོར་ནས་བཤད་ཡོད་འདུག

ཐེངས་འདིའི་ཚོགས་འདུ་དེ་ནི་ཆེད་དམིགས་རྒྱ་ནག་གཞུང་ཕྱོགས་ནས་བཀོད་སྒྲིག་བྱས་པ་ཞིག་ཡིན་པ་དང་། ཚོགས་འདུའི་མཇུག་སྡོམ་སྐབས་རྒྱ་ནག་བོད་བརྒྱུད་ནང་བསྟན་ཟེར་བའི་འགན་འཛིན་གཞོན་པ་ལིའུ་ཕུང་ཟེར་བས། ཚོགས་འདུ་དེ་ནི་རྒྱ་ནག་གཞུང་གིས་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་དང་འབྲེལ་བའི་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པ་མ་ཟད། ཚོགས་འདུའི་སྟེང་གཏམ་བཤད་ཀྱི་བརྗོད་དོན་ཁ་གསལ་བ་དང་རིག་པས་ཁུངས་སྐྱེལ་བྱས་ཏེ། བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་འཛུགས་སྐྲུན་དང་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་བར་འགྲེལ་བཤད་དང་དབྱེ་ཞིབ་གཏིང་ཟབ་ཐུབ་ཡོད་པས། གནད་དོན་དེས་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་རྒྱུ་དེ་ལོ་རྒྱུས་ཀྱི་བགྲོད་ལམ་ཞིག་ཡིན་པ་མ་ཟད། ལས་དོན་དེར་དུས་ནམ་ཡང་མཐའ་མེད་པར་ནམ་ཡང་སྤེལ་དགོས་སྐོར་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༨ ནང་རྒྱ་ནག་མགོ་ཁྲིད་ཞི་ཅིན་ཕིན་ནས་བོད་སྐོར་གྱི་ལས་དོན་ཚོགས་འདུ་ཟེར་བའི་སྟེང་། བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་མཐའ་གཅིག་ཏུ་རྒྱ་ནག་ཅན་དང་སྤྱི་ཚོགས་རིང་ལུགས་ཅན་དུ་བསྒྱུར་དགོས་སྐོར་བརྗོད་པ་ནས་བཟུང་། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཡོངས་སུ་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་ཐབས་དང་ཞི་ཅིན་ཕིན་གྱི་གཏམ་བཤད་ལ་སློབ་སྦྱོང་ཟེར་བ་སོགས། བོད་ཀྱི་དགོན་སྡེ་ཁག་གི་གྲྭ་བཙུན་ཚོར་ཤུགས་ཆེར་བསྒྲགས་བཞིན་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༢ ཉིན་རྒྱ་ནག་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་དང་། རྒྱ་ནག་བོད་བརྒྱུད་ནང་བསྟན་ཐུན་ཚོགས་ཟེར་བ་གཉིས་མཉམ་འབྲེལ་ཐོག་བོད་བརྒྱུད་ནང་བསྟན་གྱི་དགོངས་འགྲེལ་དཔྱད་གླེང་ཚོགས་འདུ་ཟེར་བ་ཞིག་ཚོགས་ཏེ། བོད་བརྒྱུད་ནང་བསྟན་ཁྱོན་ཡོངས་ནས་རྒྱ་ནག་ཅན་དུ་སྒྱུར་ཐབས་ཟེར་བའི་སྐོར་ལ་བགྲོ་གླེང་ཚོགས་ཡོད་པ་དང་། དེ་བཞིན་ཕྱི་ཟླ་ ༡༡ པའི་ཟླ་མཇུག་ནས་བོད་རྔ་བ་དང་འབར་ཁམས། མཛོད་དགེ་ཕྱོགས་ཀྱི་དགོན་སྡེ་ཁག་ཏུ་ཆོས་ལུགས་རྒྱ་ནག་ཅན་དུ་སྒྱུར་ཐབས་ཀྱི་ཚོགས་འདུ་དང་ཆབ་སྲིད་དྲིལ་བསྒྲགས་ཤུགས་ཆེར་སྤེལ་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་བཟུང་བོད་ཀྱི་དགོན་སྡེ་ཁག་ནང་མིང་དང་ཐ་སྙད་འདྲ་མིན་འོག་ཆོས་ལུགས་བྱེད་སྒོ་དང་། གྲྭ་བཙུན་ཚོའི་འགྲོ་འདུག་སྤྱོད་གསུམ་དང་བསམ་བློའི་འཁྱེར་ཕྱོགས་སོགས་ནས་རྒྱ་ནག་གི་ཆབ་སྲིད་དྲིལ་བསྒྲགས་ལ་སྒྱུར་ཐབས་སྣ་ཚོགས་བྱེད་ཀྱི་ཡོད་པ་དང་། འདི་ལོ་ནས་ཞི་ཅིན་ཕིན་གྱི་བོད་སྐོར་གྱི་གཏམ་བཤད་དང་འབྲེལ་ནས། བོད་ཀྱི་དགོན་སྡེ་ཁག་གི་གྲྭ་བཙུན་ཚོར་ཆབ་སྲིད་ཀྱི་དྲིལ་བསྒྲགས་ལས་ཀྱང་། བོད་བརྒྱུད་ནང་བསྟན་གྱི་གཞུང་ལུགས་ནང་དོན་རྒྱ་ནག་ཅན་དུ་སྒྱུར་དགོས་པའི་ལས་འགུལ་སྤེལ་ཐབས་བྱེད་བཞིན་ཡོད་པ་མ་ཟད། ཐེངས་འདིའི་ཚོགས་འདུ་དང་འབྲེལ་ནས་བོད་ཀྱི་དགོན་སྡེ་ཁག་གི་འདུ་ཁང་ལྷ་ཁང་གི་བཟོ་བཀོད་དང་། མཐའ་ན་དགོན་པའི་ཆོས་ལུགས་ཡོ་བྱེད་ཁག་ཀྱང་རྒྱ་ནག་གི་ཁྱད་ཆོས་ཅན་དུ་སྒྱུར་དགོས་པའི་སྲིད་བྱུས་འཐེན་བཞིན་ཡོད་འདུག

ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་ས་བྱི་ཞི་བའི་རྒྱ་རྒོལ་ལས་འགུལ་བྱུང་བ་ནས། བོད་ཀྱི་དགོན་སྡེ་ཁག་ཚང་མའི་ནང་རྒྱལ་གཅེས་ཆོས་གཅེས་དང་། གྲྭ་བཙུན་རྣམ་དག་མེས་རྒྱལ་བརྟན་བརླིང་སྲུང་སྐྱོབ་སོགས་ཀྱི་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པ་དང་། རྒྱལ་སྤྱིའི་སྟེང་རྒྱ་ནག་གི་བྱེད་སྤྱོད་དེ་དག་ནི་མི་རིགས་དང་རིག་གཞུང་རྩ་གཏོར་ལ་དམིགས་པའི་སྲིད་བྱུས་ལག་བསྟར་གྱི་བྱེད་ཐབས་ཤིག་ཡིན་པ་ཤེས་རྟོགས་བྱུང་སྟེ། རྒྱལ་ཚོགས་ཀྱི་ཚོགས་འདུ་གཙོའི་རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་རྒྱ་ནག་ལ་སྐྱོན་བརྗོད་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༡༤ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese