མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་ཡེ་ཤུ་ཆོས་པ་ ༧༦ ལ་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༢༠/༡༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༦ ནས་ ༩ བར་རྒྱ་ནག་ཀྲའེ་ཅང་ཞིང་ཆེན་ནང་ཡེ་ཤུ་ཆོས་ལུགས་ཀྱི་ཆོས་དཔོན་དང་ཆོས་བྱེད་པ་ ༧༦ ལ་ཁྲིམས་ཐག་བཅད་ཡོད་འདུགཁ་སང་རྒྱ་ནག་ནང་གི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གསར་ཁང་ (Bitter Winter) གིས་སྤེལ་བའི་གནས་ཚུལ་ནང་། འདི་ལོའི་ཕྱི་ཟླ་ ༦ ནས་ ༩ བར་རྒྱ་ནག་གཞུང་གིས་རྒྱ་ནག་ཀྲའེ་ཅང་ཞིང་ཆེན་ནང་ཡེ་ཤུ་ཆོས་ལུགས་ཀྱི་ཆོས་དཔོན་དང་རྗེས་འབྲང་པ་ ༧༦ ལ་བསམ་སྦྱོར་ངན་པའི་ལྟ་གྲུབ་ཚར་གཅོད་ཟེར་བའི་མིང་འོག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། དེའི་ཁྲོད་ཀྱི་ལོ་ན་ཆུང་ཤོས་ ༡༩ ཅན་གྱི་བུ་མོ་ཞིག་ལ་ལོ་ ༣ བཙོན་འཇུག་ཁྲིམས་ཆད་དང་རྒྱ་སྒོར་ ༡༥༠༠༠ ཡི་ཉེས་ཆད་བཅད་ཡོད་འདུག

དེ་འབྲེལ་གྱི་ཞིབ་ཕྲའི་གནས་ཚུལ་ནང་། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༩ ཉིན་རྒྱ་ནག་ཀྲེ་ཅང་གི་རྫོང་རིམ་པའི་ཁྲིམས་ཁང་གསུམ་གྱིས་ཡེ་ཤུ་ཆོས་ལུགས་ཀྱི་རྗེས་འབྲང་པ་ ༤༩ ལ་ཁྲིམས་ཐག་བཅད་ཡོད་པ་དང་། ཕྱི་ཟླ་ ༨ ནང་ཀྲའེ་ཅང་གི་པའེ་ཀྲན་(Beichen)རྫོང་ཁྲིམས་ཁང་གིས་མི་ ༡༢ ཁྲིམས་ཐག་བཅད་པ་དང་། ཧྲའེ་པའེ་རྫོང་རིམ་པའི་ཁྲིམས་ཁང་གིས་མི་གྲངས་ ༢༡ ལ་ཁྲིམས་ཐག་བཅད་ཡོད་འདུག རྒྱ་ནག་གཞུང་གིས་སྔ་ཕྱིར་འཛིན་བཟུང་བྱས་པའི་བཙོན་མ་རྣམས་ཀྱི་བཙོན་འཇུག་གི་དུས་ཡུན་དང་ས་གནས་གང་དུ་བཙོན་འཇུག་བྱས་ཡོད་སྐོར་གྱི་གནས་ཚུལ་ཚང་མ་གསང་རྒྱའི་འོག་བཞག་སྟེ། ད་ལྟ་ཁོ་ཚོའི་ནང་མི་ཚོས་ཀྱང་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་སྐོར་སོགས་བརྗོད་འདུག་ལ། འཛིན་བཟུང་བྱས་པའི་ཡེ་ཤུ་ཆོས་ལུགས་པ་ཕལ་ཆེ་བ་ཕྱི་ལོ་ ༢༠༡༨ ལོ་ནས་འཛིན་བཟུང་བྱས་ཏེ་འདྲི་རྩད་བཀག་ཉར་འོག་བཞག་ཡོད་འདུག

དཀོན་མཆོག་གི་ལྷ་ཁང་ (CAG, Church of Almighty God) ཞེས་པ་ནི་རྒྱ་ནག་ནང་ཡེ་ཤུ་ཆོས་ལུགས་སྤེལ་མཁན་གྱི་ཚོགས་སྡེ་ཆེ་ཤོས་དེ་ཡིན་པ་ལྟར། ད་རེས་ཁྲིམས་ཐག་བཅད་པའི་ཡེ་ཤུ་བ་ཚང་མ་ལྷ་ཁང་དེའི་འབྲེལ་ཡོད་རྐྱང་རྐྱང་ཆགས་ཡོད་པ་དང་། བསམ་སྦྱོར་ངན་པའི་ལྟ་གྲུབ་ཚར་གཅོད་དགོས་སྐོར་བརྗོད་དེ། འདས་ལོར་ཀྲའེ་ཅང་དུ་རྒྱ་ནག་གིས་ལྷ་ཁང་དེའི་ཁོངས་གཏོགས་ཆོས་པ་ ༡༧ དང་ནང་སོག་གི་ ༧ འཛིན་བཟུང་བྱས་ཡོད་འདུག་ལ། ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གིས་ཅང་སུའུ་ཞིང་ཆེན་གྱི་ (Lianyungang)དང་ (Suqian) གྲོང་ཁྱེར་གཉིས་ནང་ཡེ་ཤུ་ཆོས་ཁང་ ༧༠ ལྷག་གཏོར་བཤིག་བཏང་བ་དང་། རྒྱ་ནག་རྒྱལ་ཡོངས་སུ་བསམ་སྦྱོར་ངན་པའི་ལྟ་གྲུབ་ཚར་གཅོད་ཀྱི་མིང་བྱང་འོག་ཡེ་ཤུ་ལྷ་ཁང་ཁག་གི་མཚོན་རྟགས་རྒྱངས་ཤིང་དང་དུར་རྡོ་གྲངས་ལས་འདས་པ་རྩ་མེད་དུ་བཏང་ཡོད་འདུགཡང་རྒྱ་ནག་གི་རྩ་ཁྲིམས་ནང་ཆོས་ལུགས་རང་དབང་ཡོད་ཅེས་བརྗོད་ཡོད་ནའང་། ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་ཆགས་པ་ནས་བཟུང་ཆོས་ལུགས་རང་དབང་ནི་དམར་ཤོག་ཚོགས་པའི་འགོག་རྐྱེན་ཞིག་ཏུ་ངོས་འཛིན་བྱས་ཏེ་ཆོས་ལུགས་ཐོག་དམ་དྲག་ཇེ་ཆེར་བཏང་བ་དང་། ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༡༢ ནང་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས། ཁྲིན་ཏུའུ་(Chengdu)གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཡེ་ཤུ་ཆོས་དཔོན་ཝང་ཡེ་(Wang Yi)ལ། རྒྱལ་ཁབ་མགོ་རྟིང་སློག་རྩིས་བྱས་པའི་ཉེས་མིང་འོག ལོ་ ༩ ཡི་བཙོན་འཇུག་ཁྲིམས་ཐག་དང་ལོ་ ༣ ཀྱི་ཆབ་སྲིད་ཐོབ་ཐང་མེད་པ་བྱས་ཡོད་པ་དང་། དེ་བཞིན་པེ་ཅིན་དུ་ཡོད་པའི་(Zion)ལྷ་ཁང་དང་ཀོང་ཀྲུའུ་གྲོང་ཁྱེར་དུ་ཡོད་པའི་(Rongguili)ལྷ་ཁང་སོགས་ཡེ་ཤུ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་སའི་ལྷ་ཁང་མང་པོ་ཞིག་སྒོ་བརྒྱབ་བཅུག་ཡོད་འདུག་ལ། སྐབས་དེར་ཉམས་ཞིབ་པ་མང་པོས་རྒྱ་ནག་ནང་ཡེ་ཤུ་ཆོས་ལུགས་དར་ཁྱབ་འབྱུང་བཞིན་པར་རྒྱ་ནག་གཞུང་ནས་དོགས་ཟོན་དང་འཇིགས་སྣང་བྱེད་ཀྱི་ཡོད་སྐོར་བརྗོད་ཀྱི་ཡོད་པ་རེད།

རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཡེ་ཤུ་ཆོས་ལུགས་པ་ས་ཡ་ ༤༤ ཡོད་སྐོར་བསྒྲགས་ཡོད་ཀྱང་། ཨ་རིའི་པཱོར་ཌའོ་གཙུག་ལག་སློབ་གྲྭ་ཆེན་མོའི་ (purdue university) སྤྱི་ཚོགས་རིག་གནས་པ་(Fenggang Yang) ལགས་ཀྱིས། རྒྱ་ནག་ནང་ཡེ་ཤུ་ཆོས་ལུགས་བྱེད་མཁན་མི་གྲངས་ས་ཡ་ ༡༠༠ བརྒལ་ཡོད་པ་དང་།   མི་གྲངས་ས་ཡ་ ༣༦ གིས་རྒྱ་ནག་གཞུང་གི་སྟངས་འཛིན་འོག་མངོན་མེད་ཀྱི་ཐོག་ནས་ཡེ་ཤུ་ཆོས་ལུགས་ཉམས་ལེན་བྱེད་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༣༠ ལོར་རྒྱ་ནག་ནང་ཡེ་ཤུ་བ་མི་གྲངས་ས་ཡ་ ༢༥༠ ཙམ་ལ་ཟིན་སྲིད་པའི་ཚོད་དཔག་བྱས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༩ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༠ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༢༤ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese