མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་སྒོར་ས་ཡ་གཅིག་གི་གཟེངས་རྟཊ་ཐོབ་པར་འཚམས་འདྲི་མཛད།

བོད་ཀྱི་དུས་བབ།
༢༠༢༠/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཝར་གེ་ཐེབས་རྩ་ (Varkey Foundation) ཡིས་རྒྱ་གར་གྱི་དགེ་རྒན་རཱན་ཇི་སིན་ཌི་སཱལ་ (Ranjitsinh Disale) ལགས་ལ་ཨ་སྒོར་ས་ཡ་གཅིག་ཅན་གྱི་གོ་ལའི་དགེ་རྒན་གྱི་གཟེངས་རྟགས་གནང་བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཚམས་འདྲི་མཛད་འདུགཁ་སང་ཕྱི་ཚེས་ ༤ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉེ་ལམ་རྒྱ་གར་གྱི་དགེ་རྒན་རཱན་ཇི་སིན་ཌི་སཱལ་ (Ranjitsinh Disale) ལགས་ལ་གོ་ལའི་དགེ་རྒན་གྱི་གཟེངས་རྟགས་ (Global Teacher Prize) ཐོབ་པར་འཚམས་འདྲིའི་གསུང་འཕྲིན་ཞིག་གནང་ཡོད་པ་དང་། གསུང་འཕྲིན་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། བྱིས་པར་སློབ་གསོ་སྤྲོད་པ་དང་ལྷག་པར་དུ་ཉམ་ཐག་དང་མཁོ་ངེས་ཅན་གྱི་བྱིས་པར་སློབ་གསོ་སྤྲོད་པ་ནི་ཕྱོགས་གཅིག་ནས་ཁོང་ཚོ་མི་སྒེར་རེ་རེར་རོགས་རམ་བྱེད་ཐབས་ཡག་ཤོས་དང་། འཛམ་གླིང་འདི་སྔར་ལས་ལྷག་པ་ཞིག་བསྐྲུན་ཐབས་ཡག་ཤོས་དེ་ཡིན་སྐོར་གསུངས་འདུག

ཡང་གསུང་འཕྲིན་ནང་། ཁྱེད་ཀྱིས་ཕྱག་ལས་གནང་སྟེ་གོ་སྐབས་ཐོབ་ཀྱི་མེད་པའི་བུ་མོ་རྣམས་སློབ་གྲྭར་གཏོང་ཐབས་བྱེད་པ་མ་ཟད། འཛམ་གླིང་གི་རྒྱལ་ཁབ་ ༨༣ ཙམ་གྱི་བྱིས་པར་དྲ་ཐོག་བརྒྱུད་སོ་སོའི་སྐད་ཡིག་ཐོག་ཚན་རིག་གི་སློབ་ཚན་རྣམས་ཁྲིད་ཐབས་སུ་བསླབ་གཞི་སོགས་མཁོ་སྒྲུབ་གནང་བ་དང་། ཁྱེད་ཀྱི་ལས་གཞི་འདི་ཡིས་འཛམ་གླིང་གི་རྩོད་རྙོག་ཆེ་བའི་ས་ཁུལ་གྱི་གཞོན་སྐྱེས་རྣམས་ཕན་ཚུན་དབར་འབྲེལ་ཐག་འཛུགས་བཞིན་པ་ནི་སྙིང་རྗེ་ལག་བསྟར་བྱེད་པའི་དཔེ་མཚོན་གསོན་པོ་དེ་རེད། ཅེས་དང་། ཁྱེད་ཀྱིས་ང་ཚོའི་མཉམ་དུ་འགྱུར་བ་ཞིག་གཏོང་ཐུབ་ལ། ང་ཚོས་འཛམ་གླིང་འདི་སྔར་ལས་ལྷག་པའི་གནས་ཁྱིམ་ཞིག་ཏུ་བསྒྱུར་ཐུབ། ཅེས་གསུངས་པ་དེ་ནི་ཧ་ཅང་བདེན་པ་རེད། ཁྱེད་ཀྱི་མིག་དཔེར་འོས་པའི་ཞབས་ཞུ་ཡིས་གཞན་ལ་བློ་སྤོབས་སྦྱིན་ཏེ་ཁོང་ཚོ་ཁྱེད་ཀྱི་རྗེས་སུ་འཇུག་ངེས་པ་རེད། ཅེས་གསུངས་འདུག

ཁ་སང་ཕྱི་ཚེས་ ༤ ཉིན་ཝར་གེ་ཐེབས་རྩ་ (Varkey Foundation) ཡིས་ཨ་སྒོར་ས་ཡ་གཅིག་ཅན་གྱི་གོ་ལའི་དགེ་རྒན་གྱི་གཟེངས་རྟགས་དེ། རྒྱ་གར་གྱི་མ་ཧཱ་ར་ཤི་ཊ་ (Maharashtra) མངའ་སྡེའི་རྟག་ཏུ་ཆུ་ལོག་གི་ཉེན་ཁ་ཆེ་བའི་ཛི་ལ་པ་རེ་ཤཱ་དམའ་རིམ་སློབ་གྲྭའི་ (Zilla Parishad Primary School) ནང་དགེ་རྒན་གྱི་བྱ་བ་གཉེར་བཞིན་པའི་དགེ་རྒན་རཱན་ཇི་སིན་ཌི་སཱལ་ (Ranjitsinh Disale) ལགས་ལ་སྤྲད་པ་དྲ་ཐོག་ནས་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། ཁོང་གིས་རང་ཉིད་ཀྱི་གཟེངས་རྟགས་དེའི་དངུལ་གྱི་ཕྱེད་ཀ་གཟེངས་རྟགས་དེའི་འོས་ཁོངས་སུ་ཞུགས་མཁན་རྣམས་ལ་བགོས་ཡོད་འདུག

འདི་ལོའི་ལོ་མགོ་ནས་བཟུང་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འཛམ་གླིང་གང་སར་ཁྱབ་གདལ་དུ་ཕྱིན་པ་དང་། ནད་ཡམས་དེ་འགོས་ཁྱབ་ཆེ་རུ་མི་འགྲོ་ཆེད་འཛམ་གླིང་ཁྱོན་ཡོངས་སུ་འགྲོ་འོང་བཀག་རྒྱ་བསྡམས་པའི་འོག་སློབ་གྲྭ་ཁག་སྒོ་རྒྱག་དགོས་བྱུང་སྟབས། སློབ་གྲྭ་སོ་སོའི་དུས་རྒྱུན་གྱི་སློབ་ཁྲིད་རྣམས་དྲ་ཐོག་ཏུ་བྱེད་ཀྱི་ཡོད་ནའང་། རྩོད་རྙོག་ཆེ་བའི་ཁུལ་དག་དང་ཁྱིམ་ཚང་གི་གནས་བབ་ཞན་པའི་ས་ཁུལ་གྱི་བྱིས་པ་རྣམས་ལ་དྲ་བའི་མཐུན་རྐྱེན་ཞན་པ་སོགས་ཀྱི་དབང་གིས་དགེ་རྒན་རཱན་ཇི་སིན་ཌི་སཱལ་ (Ranjitsinh Disale) སོགས་ཀྱིས་དྲ་བའི་མཐུན་རྐྱེན་སྤྲད་དེ་སློབ་ཁྲིད་བྱེད་བཞིན་པ་དང་། དབྱིན་ཡུལ་གྱི་དགེ་རྒན་ (Jamie Frost) ལགས་ཀྱིས་དྲ་ཐོག་ནས་གྲངས་རིག་བསླབ་གཞིའི་དྲ་ཚིགས་ཤིག་སྒོ་འབྱེད་བྱས་ཏེ། དྲ་ཐོག་ནས་སློབ་གཉེར་བྱེད་མཁན་དག་ལ་མཐུན་རྐྱེན་བསྐྲུན་པར་བརྟེན། ཝར་གེ་ཐེབས་རྩ་ (Varkey Foundation) ཡིས་ཁོང་ལའང་ཏོག་དབྱིབས་སྐབས་ཀྱི་དཔའ་བོ་ (Covid Hero) ཞེས་པའི་ཨ་སྒོར་ཁྲི་ ༥ མ་ཟིན་ཙམ་གྱི་དམིགས་བསལ་གྱི་གཟེངས་རྟགས་ཤིག་སྤྲད་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༡༥ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༡༧ སྔོན་ལ།
༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད། ༢༠༢༢།༡།༣  དུས་བབ་ཀྱི་པར།
Mobile App

རྒྱ་བལ་གནས་ཆེན་ཁག་གི་བོད་བརྒྱུད་ནང་བསྟན་གྱི་གཟི་འོད།

ཆུ་ཚོད་ ༢༠ སྔོན་ལ།
ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

༢༠༢༦/༠༢/༢༣
tttt
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། 

༢༠༢༦/༠༢/༢༣
tibettimes
Mobile App

༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས།

༢༠༢༦/༠༢/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese