མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྙུགས་སྲིང་སྟེ་བོད་ཀྱི་༧པཎ་ཆེན་རིན་པོ་ཆེ་བཙལ་བའི་དཔེ་དེབ་དབུ་འབྱེད་གནང་།

བོད་ཀྱི་དུས་བབ།
༢༠༢༠/༡༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཁ་སང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོན་ཐང་ཉིན་མོ་དང་བསྟུན་ནས་བོད་ཀྱི་ཆབ་སྲིད་བཙོན་པ་ཁག་ཅིག་གི་ལོ་རྒྱུས་བརྙན་ཐུང་སྤྱི་ཚོགས་དྲ་ལམ་བརྒྱུད་མུ་འབྲེལ་འགྲེམ་སྤེལ་གནང་རྒྱུ་ཡིན་འདུག
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པའི་ཐོག་བཞུགས་སྒར་དྷ་སའི་ནོར་བུ་གསོལ་མགྲོན་ཁང་དུ། བཀྲིས་ལྷུན་༧པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གཉིས་ཐུན་མོང་ཐོག སང་ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན། རྒྱལ་སྤྱིའི་བོད་དོན་ཉམས་ཞིབ་པ་བྲག་དམར་ངག་དབང་ཆོས་འཕེལ་ལགས་ཀྱིས་དབྱིན་ཡིག་ཐོག་བརྩམས་པའི་<མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྙུགས་སྲིང་སྟེ་བོད་ཀྱི་༧པཎ་ཆེན་རིན་པོ་ཆེ་བཙལ་བ་>ཞེས་པའི་བོད་བསྒྱུར་དཔེ་དེབ་དབུ་འབྱེད་འགྲེམ་སྤེལ་གནང་སོང་ལ། སང་ཉིན་ཕྱི་ཚེས་ ༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་བསྟུན་ནས་ཕྱི་ཟླ་ ༡ ཚེས་ ༡༠ བར་ཟླ་གཅིག་རིང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་ཆེ་ཁག་ལ་གཞིར་བཟུང་སྟེ། རི་མོའི་ལམ་ནས་བོད་ཀྱི་ཆབ་སྲིད་བཙོན་པ་སྐོར་ཞིག་གི་ལོ་རྒྱུས་དང་སྦྲགས་རྒྱབ་ལྗོངས་སུ་བོད་སྐད་ཀྱི་འགྲེལ་བརྗོད་ཡོད་པའི་བརྙན་ཐུང་རིགས་སྤྱི་ཚོགས་དྲ་ལམ་ཁག་དུ་འགོད་སྤེལ་བྱ་རྒྱུ་ཡིན་འདུག

གསར་འགོད་གསལ་བསྒྲགས་སྟེང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། དུས་རྒྱུན་ང་ཚོས་༧པཎ་ཆེན་རིན་པོ་ཆེའི་གནད་དོན་སྐོར་ནས་རྒྱལ་སྤྱིའི་དཔོན་རིགས་ག་གེ་མོ་དང་རྒྱ་ནག་གཞུང་གིས་བཤད་པ་རྣམས་ཁུངས་གཏུག་དུས་ཡིག་ཆ་དཀོན་དྲགས་པའི་རྐྱེན་གྱིས་ཁག་པོ་ཆགས་ཀྱི་ཡོད་ཀྱང་། ད་ལན་དེབ་འདིའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་པ་འདྲ་མིན་གྱིས་༧པན་ཆེན་རིན་པོ་ཆེའི་སྐོར་གླེང་སློང་ཇི་གནང་སོགས་ཀྱི་ཡིག་ཆ་རྣམས་ཟུར་སྦྱར་དུ་བཀོད་ཡོད་སྟབས། ཀློག་པ་པོ་དང་ཉམས་ཞིབ་པ་རྣམས་ལ་ཕན་ཐོགས་ཆེན་པོ་འབྱུང་ངེས་ཡིན་སྐོར་འགྲེལ་བརྗོད་གནང་སོང་།

ཡང་ཁོང་མོས། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ནི་བོད་ནང་འཐབ་རྩོད་དང་འགྲོ་བ་མིིའི་ཐོབ་ཐང་གི་སྲོག་ཤིང་ལྟ་བུ་ཆགས་ཀྱི་ཡོད་པ་དང་། ང་ཚོས་དུས་རྒྱུན་བོད་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གིས་དྲིལ་བསྒྲགས་བྱས་པ་རྣམས་བདེན་པ་མིན་པའི་ཁུངས་སྐྱེལ་གཙོ་བོ་དེ་ཆབ་སྲིད་བཙོན་པ་རྣམས་ཡིན་ནའང་། ང་ཚོས་ཆབ་སྲིད་བཙོན་པ་རྣམས་འཛིན་བཟུང་བྱེད་པའི་སྐབས་ཐོག་དེར་ལས་འགུལ་དང་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ལས། དེའི་རྗེས་དྲན་པ་བརྗེད་པ་ལྟ་བུ་ཆགས་ཀྱི་ཡོད་སྟབས། ལྟེ་གནས་ཁང་གི་ངོས་ནས་འདི་ལོའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དེ་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་སྐོར་གོ་རྟོགས་དང་གདུང་སེམས་མཉམ་སྐྱེད་ཡོང་ཐབས། དེ་བཞིན་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་གྲོལ་ཡོང་ཐབས་བཅས་ལ་དམིགས་ཡོད་སྐོར་འགྲེལ་བརྗོད་གནང་སོང་།ད་ཐེངས་དབུ་འབྱེད་གནང་བའི་དཔེ་དེབ་དེ་ཉིད་ཐོག་མར་བྲག་དམར་ངག་དབང་ཆོས་འཕེལ་ལགས་ཀྱིས་ཕྱི་ལོ་ ༡༩༩༥ ལོ་ནས་ ༢༠༡༩ བར་དུས་ཡུན་ལོ་ངོ་ ༢༤ རིང་མཉམ་འབྲེལ་རྒྱལ་ཚོགས་དང་སྲིད་གཞུང་ཁག་གིས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཀྱི་གནད་དོན་ཐོག་རྒྱུན་མཐུད་ནས་རྒྱ་ནག་གཞུང་ལ་འདྲི་རྩད་རིམ་པར་བྱས་སྟེ་བོད་ཀྱི་༸པཎ་ཆེན་རིན་པོ་ཆེ་བཙལ་བ་དང་། རྒྱ་ནག་གཞུང་གིས་འཁྱོག་བཤད་དང་དྲང་བདེན་མིན་པའི་ལན་འདེབས་ཁོ་ན་བྱས་ནས་དུས་ཚོད་འཁྱོལ་ཐབས་བྱས་པ། ལོ་ངོ་འདི་དག་རིང་༸པཎ་ཆེན་རིན་པོ་ཆེ་དང་འབྲེལ་བའི་གནད་དོན་ཐོག་བཟང་ཕྱོགས་ཀྱི་འགྱུར་བ་རྩ་བ་ནས་ཕྱིན་མེད་པའི་ཁར། ལོ་རེ་བཞིན་བློ་འཚབ་ཇེ་ཆེར་འགྱུར་བཞིན་ཡོད་པའི་སྐོར་ལ་ཞིབ་འཇུག་ནན་ཏན་གནང་སྟེ་ཐོག་མར་དབྱིན་ཡིག་ཐོག་བྲིས་གནང་བ་ཞིག་ཡིན་འདུག

ད་ལན་གྱི་དེབ་འདིའི་རྩོམ་པ་པོ་བྲག་དམར་ངག་དབང་ཆོས་འཕེལ་ལགས་ཕྱི་ལོ་ ༡༩༨༩ ལོར་བོད་གཞུང་གི་འགྲོ་བ་མིའི་ཐོབ་ཐང་གི་ལས་བྱེད་ཐོག་མ་ལ་བསྐོས་ཤིང་། ཕྱི་ལོ་ ༡༩༩༥ ནས་ ༢༠༠༣ བར་ཇི་ནི་ཝར་རྟེན་གཞི་བྱས་པའི་བོད་ཀྱི་དོན་གཅོད་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པར་ཕྱག་ལས་གནང་བ་མ་ཟད། ཕྱིས་སུ་ཁོང་གིས་ཇི་ནི་ཝར་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་རྒྱུས་སྟོན་པའི་ཕྱག་ལས་གནང་བའི་ཐོག ཕྱི་ལོ་ ༡༩༩༥ ལོ་ནས་བཟུང་༧པཎ་ཆེན་རིན་པོ་ཆེ་མཆོག་གི་ཡང་སྲིད་ཀྱི་གནད་དོན་སྐོར་ལ་རྒྱུས་ལོན་མཇུག་སྐྱོང་གནང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ལ་༧པཎ་ཆེན་རིན་པོ་ཆེ་ཀློད་གྲོལ་ཡོང་ཐབས་ཀྱི་ཞུ་འབོད་སོགས་ལས་དོན་མང་པོ་བསྒྲུབས་ཡོད་འདུག ཡིན་ན་ཡང་། ཁོང་ཕྱི་ལོ་ ༢༠༡༩ ལོར་ཇི་ནི་ཝར་སྙུང་གཞིའི་རྐྱེན་པས་འདས་གྲོངས་སུ་གྱུར་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༡༦ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༡༧ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese