མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་དམར་ཤོག་གཞུང་གིས་དྲ་ལམ་ཐོག་ཚོགས་པའི་ཕྱི་ལོ་༢༠༢༠ ལོའི་ཇི་ནི་བ(Geneva)ཡི་ཚོགས་འདུ་བཙན་ཁྲིད་བྱེད་ཐབས་བྱས་པ།

བོད་ཀྱི་དུས་བབ།
༢༠༢༠/༡༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

བསྟན་འཛིན་དགྲ་ལྷས་བྲིས།
དབང་ཆེན་ཚེ་རིང་གྱིས་བསྒྱུར།

རྒྱ་ནག་དམར་ཤོག་རྗེས་འབྲང་པ་ཚོས་ཕྱི་ལོ་༢༠༢༠ ལོའི་ཇི་ནི་བ་དྲ་ལམ་ཚོགས་འདུ་དེ་བཞིན་ཁ་ཐོར་གཏོང་ཆེད་ངོ་དེབ་ཐད་གཏོང་ཐོག་མཆན་འགྲེལ་སྟོང་ཚོ་མང་པོ་བཀོད་སྤེལ་བྱས་ཡོད་པ་རེད། དེང་སྐབས་རྒྱ་ནག་གཞུང་ནི་རྒྱལ་སྤྱི་ཁྱོན་ཡོངས་སུ་དཀྲོག་གཏམ་ཁྱབ་སྤེལ་བྱེད་མཁན་གྱི་རྒྱལ་ཁབ་ཁྱབ་ཆེ་ཤོས་ཤིག་ཡིན་པར་ངོས་འཛིན་བྱེད་ཅིང་། འཁྱོག་བཤད་གྱི་གནས་ལུགས་ཁྱབ་སྤེལ་བཏང་བ་དེས་རྗེས་འབྲས་སུ་འཛམ་གླིང་སྤྱི་ཡོངས་དང་རྒྱལ་ནང་གི་གནས་སྟངས་སོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། ད་རེས་རྒྱ་ནག་གཞུང་གི་རོགས་དངུལ་བཏང་བའི་ཐོག་དམིགས་གསལ་གྱི་ཚོགས་པ་ཞིག་བཙུགས་ཡོད་པ་དེའི་མིང་ལ་སྒོར་ཟུར་༥༠ ཡི་དྲ་དམག་གམ(50 cent army)ཞེས་བརྗོད་ཀྱི་ཡོད། ཁོང་ཚོས་ལས་དུས་འཕར་མ་བྱས་ཏེ་བོད་མིའི་སྒྲིག་འཛུགས་ནས་གོ་སྒྲིག་ཞུས་པའི་དྲ་ལམ་ཐོག་ཚོགས་པའི་ཕྱི་ལོ་༢༠༢༠ ལོའི་ཇི་ནི་བའི་ཚོགས་འདུ་དེ་བཞིན་ཁ་ཐོར་གཏོང་ཐབས་བྱས་ཡོད།

ད་ལོ་ཇི་ནི་བའི་Genevaཡི་ལོ་འཁོར་ཚོགས་ཆེན་དེ་བཞིན་ཕྱི་ལོ་༢༠༢༠ ལོའི་ཟླ་བ་༡༡ པའི་ཚེས་༩ ནས་༡༣ བར་དྲ་ལམ་བརྒྱུད་ཐད་གཏོང་གིས་བསྐོང་ཚོགས་གནང་ཞིང་། ཚོགས་ཆེན་གྱི་བརྗོད་གཞི་གཙོ་བོ་ནི་རྒྱ་ནག་གཞུང་གི་ཆོས་དད་རང་དབང་ཐོག་འཛིན་པའི་སྲིད་བྱུས་དང་རྒྱལ་སྤྱིའི་ཤུགས་རྐྱེན་ཞེས་པའི་བརྗོད་ཚིག་འོག་རྒྱ་ནག་གི་ཆ་ཤས་སུ་ཡིན་པའི་ས་ཁུལ་ཁག་ཏུ་ཆོས་དད་རང་དབང་ཉམས་རྒུད་དུ་འགྲོ་གཞིན་པ་དང་ཆོས་ལུགས་ཀྱི་གནས་ཚུལ་རྐྱེན་པས་ཆོས་ཚོགས་མང་པོར་སྡུག་སྦྱོང་གནར་གཅོད་གཏོང་བཞིན་ཡོད་པ། ལྷག་པར་དུ་བོད་པའི་ནང་པ་དང་། ཡུ་གུར་ཁ་ཆེ། དེ་བཞིན་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་(Falun Gong)ཉམས་ལེན་པ་སོགས་དེའི་ནང་ཚུད་ཡོད།

འདས་པའི་ཉིན་ལྔའི་རིང་གི་ཚོགས་ཆེན་ནང་རྒྱ་ནག་དམར་ཤོག་གཞུང་གི་ཐབས་བྱུས་སྣ་ཚོགས་བརྒྱུད་དཀྲོག་གཏམ་ཁྱབ་སྤེལ་དང་། འཁྱོག་བཤད་ཀྱི་གནས་ཚུལ་རྒྱུན་ཆད་མེད་པ་ཁྱབ་སྤེལ་བྱས་ཡོད་པ་མ་ཟད། དེའི་དམིགས་ཡུལ་གཙོ་བོ་ནི་ཐད་གཏོང་དྲ་ལམ་ཐོག་མཆན་འགོད་སྣ་ཚོགས་ཀྱིས་ཚོགས་ཆེན་གོ་སྒྲིག་པས་འབྲེལ་ཡོད་དྲི་བ་ཁག་བསྡུ་རུབ་བྱེད་པར་འགོག་རྐྱེན་བཟོ་རྒྱུ་དེ་ཡིན། རྒྱ་ནག་གཞུང་གིས་དམིགས་སུ་བཀར་ནས་སྐད་རིགས་འདྲ་མིན་ཤེས་མཁན་གྱི་གང་ཟག་ཚོར་ལས་ཀ་དེ་བཀོད་སྒྲིག་བྱས་ཤིང་། དེ་ལྟ་བུའི་ལས་ཀ་བྱེད་མཁན་གྱི་གྲངས་འབོར་ནི་འབུམ་༥་ནས་ས་ཡ་ལྔ་བར་ཡོད་པ་སྙན་ཐོའི་ནང་ཐེར་འདོན་བྱས་ཡོད་ལ། ཁོང་ཚོའི་དམིགས་བསལ་ལས་འགན་ནི་དྲ་རྒྱའི་ཐོག་མཆན་བཀོད་ཀྱིས་རྒྱ་ནག་དམར་ཤོག་གཞུང་གི་ལྟ་སྤྱོད་ཡག་པོ་དང་དྲང་བདེན་ཡིན་ལུགས་འགྲེལ་བརྗོད་བྱེད་རྒྱུ་དེ་ཡིན་པ་མ་ཟད། རྒྱ་ནག་གཞུང་གི་ལས་དོན་བྱེད་ཕྱོགས་ཐད་ཐེ་བྱུས་བྱེད་མཁན་ཚོར་འཐབ་རྒོལ་དང་། རྒྱ་གཞུང་གི་བཀོད་སྒྲིག་བྱེད་པའི་དྲ་དམག་དེ་ཚོས་རྒྱལ་ཁབ་ཁག་གི་གསང་བའི་ལས་ཁུངས་ཁག་དང་སྒེར་གྱི་ཁེ་གཉེར་ལས་ཁང་། དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་ནང་ལས་ཀ་བྱེད་བཞིན་ཡོད་ཅིང་། ཝ་ཤིན་ཊོན་གསར་སྤེལ་ཁང་ངམ (Washington post ) གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་ལོ་༢༠༡༢ནས་བཟུང་རྒྱ་ནག་གཞུང་གི་ལས་མི་དེ་རྣམས་ཀྱིས་ལོ་རེའི་ནང་མཆན་འགྲེལ་ས་ཡ་༤༤༨ཙམ་འགོད་སྤེལ་བྱས་ཡོད་འདུག

ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་དུས་སྐབས་དེར་རྒྱལ་སྤྱི་ཁྱོན་ཡོངས་སུ་དྲ་ལམ་ཐད་གཏོང་བརྒྱུད་ལས་དོན་གཉེར་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། འཆལ་གཏམ་སྤེལ་བ་བཞིན་རྒྱ་ནག་གཞུང་གི་དྲ་དམག་སྒོར་ཟུར་༥༠་ཅན་གྱི་ལས་མི་དེ་དག་གིས་མཆན་ཡིག་འབྲུ་གཅིག་འགོད་སྤེལ་བྱས་པ་དང་། ཡང་ན་ནག་གསུབ་བཏང་བ་ཡིན་ན་ཨ་སྒོར་སེན་ཊ་(cent )༥༠ ནས་༧༠ བར་སྤྲོད་ཀྱི་ཡོད་འདུག ཁོང་ཚོས་གཞི་རྩའི་དམིགས་ཡུལ་ནི་རྒྱ་ནག་གཞུང་གིས་ལྟ་སྤྱོད་མི་མཐུན་པའི་བསྒྲགས་གཏམ་ཅི་འདྲ་ཞིག་འགོད་སྤེལ་བྱས་ཚེ། དེ་ནག་གསུབ་གཏོང་རྒྱུ་དེ་ཡིན་པ་མ་ཟད། སྲིད་འཛིན་ཞིན་ཅིན་ཕན་(xi jinping)ནི་རྒྱལ་ཁབ་ཀྱི་སྐྱབས་མགོན་ཡིན་པའི་འཆར་སྣང་བསྐྲུན་རྒྱུ་དེ་རེད། ཕོགས་ཡོད་ལས་མི་དེ་རྣམས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དྲ་ལམ་ཁག་མང་པོའི་ནང་ཧུར་བརྩོན་ཆེན་པོའི་ངང་རྒྱ་ནག་གཞུང་གི་ལས་དོན་སྒྲུབ་བཞིན་ཡོད། དཔེར་ན་ ཊུས་ཊར་(Twitter )དང་། ཨིན་སཊ་གརམ་(Instagram) དེ་བཞིན་ངོ་དེབ་སོགས་བརྒྱུད་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་རྒྱལ་སྤྱི་ཡང་ན་རྒྱལ་ནང་ནས་ཡིན་རུང་། ཚང་མར་ཕར་རྒོལ་བྱ་རྒྱུ་དེ་ཡིན།

ཕྲིན་ལས་ཆོས་སྐྱིད་ལགས་ནི་ཇི་ནི་བ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་འགྲོ་བ་མིའི་ཐོབ་ཐང་ཆེད་དུ་དམིགས་བསལ་བསྐོ་བཞག་བྱས་པ་ཞིག་ཡིན་པ་མ་ཟད། གོང་ཞུས་ཚོགས་ཆེན་དེ་གོ་སྒྲིག་ཞུ་མཁན་ཡང་ཡིན་པས། ཁོང་མོས་གསུངས་བར་གཞིགས་ན། ཇི་ནི་བ་གླེང་སྟེགས་ནི་རྒྱ་ནག་དམར་ཤོག་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་བཏང་བའི་ལས་གཞི་རྣམས་གོ་བསྡུར་བྱེད་སའི་རྒྱལ་སྤྱིའི་སྡེངས་ཆ་གནད་འགག་ཆེ་ཤོས་ཤིག་ཡིན་པ་དང་། སྡིངས་ཆ་དེ་བརྒྱུད་ནས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དང་། ལས་འགུལ་བ། ཆབ་སྲིད་པ། དེ་བཞིན་གཞུང་འབྲེལ་སྐུ་ཚབ་ཁག་སོགས་གནད་ཡོད་མི་སྣ་ཁག་གི་བར་སྲ་བརྟན་གྱི་འབྲེལ་ལམ་འཛུགས་རྒྱུ་དེ་ཡིན་པ་འགྲེལ་བརྗོད་བྱས་ཡོད་པ་རེད།

ད་དུང་ཁོང་མོས་མུ་མཐུད་འགྲེལ་བརྗོད་གནང་གསལ་ལ། སྒོར་ཟུར་༥༠ཅན་གྱི་དྲ་དམག་དེ་དག་ཀྱི་ངོ་དེབ་ཐད་གཏོང་གི་ང་ཚོའི་ལས་གཞི་ལ་བཙན་རྒོལ་བྱས་པ་དེ་ནི་ང་ཚོའི་ངོས་ནས་ལས་དོན་གལ་འགངས་ཆེན་པོ་ཞིག་སྒྲུབ་ཀྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། འབྱུང་འགྱུར་ང་ཚོས་ལས་གཞི་དེ་འདྲའི་ཐོག་ནུས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད། ཡང་ངོ་དེབ་བརྒྱུད་ཇི་ནི་བའི་ཚོགས་འདུ་ཐད་གཏོང་སྐབས་རྒྱ་ནག་དམར་ཤོག་གཞུང་གི་ལས་དོན་སྒྲུབ་རྒྱུའི་ཆེད་དུ་གླས་པའི་གང་ཟག་དེ་དག་གིས་གོང་ཞུས་ཚོགས་འདུ་དང་། དེའི་ནང་མཉམ་བཞུགས་གནང་མཁན། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཚོར་སྐྱོན་བརྗོད་རང་བཞིན་གྱི་མཆན་བཀོད་ཅིང་། ད་དུང་ཁོང་ཚོས་རྒྱ་ནག་དམར་ཤོག་གཞུང་གིས་བོད་དང་ཤར་ཏུར་ཀི་སི་ཏན་(east Turkistan)སོགས་ཀྱི་ནང་ཡར་རྒྱས་ཤུགས་ཆེན་བཏང་ཡོད་ལུགས་ལོག་བཤད་རྫུན་གཏམ་སྣ་ཚོགས་སྤེལ་སྟེ། ཚོགས་ཆེན་གོ་སྒྲིག་པ་དང་མཉམ་བཞུགས་བྱེད་མཁན་ཚོའི་འཆར་སྣང་དཀྲོག་ཐབས་བྱས་ཡོད་ལ། ཐད་གཏོང་ཚོགས་འདུའི་ཐོག་རྒྱ་ནག་དམར་ཤོག་གཞུང་གི་ཆབ་སྲིད་དྲིལ་བསྒྲགས་དང་ལྟ་སྤྱོད་སོགས་སྟོང་ཕྲག་མང་པོ་མཆན་འགོད་བྱས་ཡོད།

ཁ་པར་ཐོག་པར་ལེན་བྱེད་པའི་འདྲ་པར་དང་པོའི་ནང་རྒྱ་ནག་གཞུང་གི་དྲ་དམག་སྒོར་ཟུར་༥༠ ( 50 cent army) ལྡན་པ་དངོས་སུ་མཐོང་རྒྱུ་ཡོད་པ་ཁ་གསལ་ཡིན་ལ། ཁོང་ཚོས་བོད་ཡིག་དང་། ཨིན་ཡིག རྒྱ་ཡིག་སོགས་ཀྱི་ལམ་ནས་མཆན་བཀོད་ཡོད་པ་དང་། དཔེར་ན་ངོ་དེབ་ནང་མི་སྣ་ཨེཀ་གྷཛི་(AK Gazi)ཞེས་པ་དེ་ཇི་ནི་བ་གླེང་སྟེགས (Geneva forum)མཇུག་མ་སྒྲིལ་བར་ཧུར་བརྩོན་ངང་མཉམ་ཞུགས་ཀྱིས་རྒྱ་ནག་གཞུང་གིས་བོད་དང་ཤར་ཏུ་ཀི་སི་ཏན་བཅས་ནང་ཡར་རྒྱས་ཤུགས་ཆེར་བཏང་ཡོད་ལུགས་སོགས་བཀོད་སྤེལ་བྱས་ཡོད་པ་རེད།

དེ་དང་ཕྱོགས་མཚུངས་ཁ་པར་ཐོག་པར་ལེན་བྱས་པའི་འདྲ་པར་གཉིས་པའི་ནང་ངོ་དེབ་ཁ་བྱང་རྫུན་བཟོ་བྱེད་པའི་(MD mosarep)ཟེར་བས་བོད་ཡིག་དང་ཨིན་ཡིག་ཐོག་ཐད་གཏོང་ཚོགས་འདུའི་སྐོར་ལ་མཆན་འགོད་སྤེལ་བྱས་ཡོད་ཅིང་། དེ་ཡང་ཨིན་ཡིག་ཐོག་མཆན་འགོད་སྐབས། གོང་ཞུས་ངོ་དེབ་ཁ་བྱང་དེའི་ཐོག་མི་རིགས་ནག་པོ་ཡིན་ཁུལ་གྱིས་མི་རིགས་དཀར་ནག་གི་གནས་ཚུལ་སྤེལ་ཐབས་དང་ཡང་བོད་སྐད་ཐོག་མཆན་འགོད་སྐབས་བོད་རིགས་ཡིན་ཁུལ་གྱིས་མ་རྩ་རིང་ལུགས་དང་དམར་པོའི་རིང་ལུགས་སྐོར་གླེང་ཐབས་བྱས་ཡོད།

ཡང་ཚོགས་འདུའི་ཐོག་མཆན་འགྲེལ་རྣམས་དཔྱད་ཞིབ་བྱེད་སྐབས། གང་ཟག་དེ་དག་ཐད་ཀར་མཉམ་ཞུགས་བྱེད་པ་ལས་གྲོས་བསྡུར་ལ་གཡོལ་ཐབས་བྱེད་པ་ནི་ཁོང་ཚོར་བགྲོ་གླེང་དང་འབྲེལ་བའི་ཤེས་བྱ་གང་ཡང་མེད་པ་ཁ་གསལ་དུ་གྱུར་ཡོད། དེ་ལས་ལྡོག་སྟེ་ཁོང་ཚོས་གཞི་མེད་སྐྱོན་བརྗོད་དང་། སྐད་རིགས་འདྲ་མིན་ཐོག་རྒྱ་ནག་གཞུང་གི་གཡོ་སྒྱུ་རང་བཞིན་དྲིལ་བསྒྲགས་རིགས་འགོད་སྤེལ་བྱས་ཡོད། བོད་ཡིག་ཐོག་མཆན་འགོད་མཁན་རྣམས་ལ་དཔྱད་ཞིབ་བྱེད་སྐབས་ལས་མི་དེ་རྣམས་བོད་ནང་གི་བོད་མི་ཡང་ན་རྒྱ་ནག་གི་མི་རིགས་ཡིན་པ་བོད་ཡིག་ཐོག་ཕུལ་དུ་བྱུང་བ་ཤ་སྟག་ཡིན་པ་ང་ཚོས་ཚོད་དཔག་བྱེད་ཐུབ།

འབུམ་རམས་པ་བསྟན་འཛིན་ཚུལ་ཁྲིམས་ལགས་ནི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གདན་ཞུ་ཉམས་ཞིབ་པ་ཞིག་ཡིན་ཞིང་། ཁོང་ནི་ཇི་ནི་ཝ་གླེང་སྟེགས་ཐོག་གཏམ་བཤད་པ་ཞིག་ཡིན་པས། ཁོང་གིས་བརྗོད་གསལ་ལ་” ཚོགས་འདུ་ཐད་གཏོང་ཐོག་མཆན་འགོད་མཁན་ཚོའི་ཐོག་ནས་ང་ཚོས་གང་ཤེས་ཐུབ་ཟེར་ན། གལ་ཏེ་གནད་དོན་གང་རུང་ཞིག་རྒྱ་ནག་གཞུང་གི་ཁ་གཏད་དུ་ཡིན་ཚེ་དེར་རྒྱ་ནག་གཞུང་གི་སྙིང་སྟོབས་ཆེན་པོའི་ངང་ཁ་འཐོར་གཏོང་ཐབས་བྱས་པའི་གནས་ཚུལ་དེ་དག་གིས་རྒྱལ་སྤྱིའི་རང་བཞིན་གྱི་ལས་འགུལ་ཁག་གིས་རྒྱ་ནག་དམར་ཤོག་གཞུང་ལ་གནོད་ཤུགས་ཆེན་པོ་སྤྲོད་བཞིན་ཡོད་པ་གསལ་པོ་མཚོན་ཐུབ་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།

རྒྱ་ནག་གཞུང་གིས་གླས་པའི་ལས་མི་དེ་རྣམས་ཀྱིས་ངོ་དེབ་ཁ་བྱང་རྫུན་བཟོ་བྱས་ཏེ་དྲ་ཐོག་བརྒྱུད་མཆན་འགོད་ལས་གཞི་སྤེལ་བ་ནི་བོད་པའི་སྤྱི་ཚོགས་ནང་གནས་ཚུལ་གསར་པ་གང་ཡང་མིན་པར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེ་མཆོག་གིས་དེ་སྔོན་ངོ་དེབ་ཁ་བྱང་རྫུན་བཟོ་བྱས་ཏེ་དཀྲོག་གཏམ་སྤེལ་མཁན་རིགས་ལ་དོགས་ཟོན་དགོས་གལ་ཆེ་བའི་སྐོར་གསུངས་ཡོད་ལ། ལྷག་དོན་དུ་བཙན་བྱོལ་བོད་མིའི་དབུས་བསྡུ་ཆེན་མོའི་སྐབས་དེ་འབྲེལ་གནས་ཚུལ་ལྷག་ངེས་ཡིན་པས། ཚང་མས་གཟབ་ནན་བྱེད་དགོས་པ་གསུངས་ཡོད།

ཇི་ནི་བ་གླེང་སྟེགས་ཐོག་རྒྱ་ནག་གཞུང་གི་དྲ་དམག་རྣམས་ཀྱིས་ལས་གཞི་དེ་དག་དང་ད་ལྟ་ཁྱབ་གདལ་འགྲོ་བཞིན་པའི་ཏོག་དབྱིབས་རིམས་ནད་དམག་འཐབ་གཉིས་ལ་གཞིགས་ན། རྒྱ་ནག་དམར་ཤོག་གཞུང་གིས་དྲ་རྒྱའི་འཕྲུལ་རིག་ཐོག་ལ་མ་རྩ་ཤུགས་ཆེར་བཅུག་སྟེ་དྲིལ་བསྒྲགས་ཁྱབ་སྤེལ་བྱས་པ་དེས་རྒྱ་ནག་དེ་བཞིན་སྔར་ལས་ལྷག་པར་རྙོག་གླེང་ཆེ་རུ་ཕྱིན་ཡོད་པ་དང་། རྒྱ་ནག་གཞུང་གིས་དཀྲོག་གཏམ་རྒྱ་ཁྱབ་སྤེལ་བའི་དབང་གིས་རྒྱ་ནག་དམར་ཤོག་གི་སྒོར་ཟུར་༥༠ ལྡན་པའི་དྲ་དམག་མང་དུ་ཕྱིན་པ་དེས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དེ་ལམ་ལྷུང་བྱུང་མེད་པ་ཁ་གསལ་དུ་གྱུར་ཡོད་ལ། བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཐོག་རྡོག་རོལ་བཏང་དང་གཏོང་མུས་ཡིན་པ་ཁ་གསལ་དུ་གྱུར་ཡོད། ལྷག་དོན་འཛམ་གླིང་མི་མང་གིས་ངེས་པར་དུ་མཁྱེན་རྟོགས་དགོས་པ་ཞིག་ནི། རྒྱ་ནག་དམར་ཤོག་གཞུང་གི་དྲ་དམག་དང་འབྲེལ་བའི་དྲིལ་བསྒྲགས་དེ་དག་ནི་འཕྲུལ་རིག་གསར་རྗེས་དུས་རབས་འདིར་ཉེན་ཁ་ཞིག་ཀྱང་ཡིན་པ་མ་ཟད། དྲང་བདེན་གྱི་གནས་གནས་ཚུལ་ཁྱབ་སྤེལ་ཡོང་བར་འགོག་རྐྱེན་བཟོ་མཁན་དེ་ཡང་ཆགས་ཡོད་པ་ངེས་པར་དུ་མཁྱེན་དགོས།

ཉམས་ཞིབ་པ་བསྟན་འཛིན་དགྲ་ལྷ་ནི་ཕྱི་ལོ་༢༠༡༤ལོར་མ་དྷ་ར་སི་Madras གཙུག་ལག་སློབ་ཆེན་དུ་གསར་འགོད་རིག་པའི་ཐོག་ཞིབ་འཇུག་པའི་( M. Phil) ལག་འཁྱེར་ཐོབ་ཡོད་པ་དང་། ད་ལྟའི་ཆར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་བོད་ཕྱི་ནང་གཉིས་ཀྱི་དེང་གི་སྤྱི་ཚོགས་དྲ་ལམ་གྱིས་ཤུགས་རྐྱེན་ཇི་ལྟར་སྤྲོད་མིན་ཐད་ཞིབ་འཇུག་གནང་མུས་ཡིན་པ་མ་ཟད། རྒྱ་ནག་གཞུང་གི་དྲ་རྒྱའི་བདེ་འཇགས་ཐོག་ཉམས་ཞིབ་ཀྱང་གནང་གི་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

༸གོང་ས་སྐུ་འཕྲེང་དྲུག་པའི་སྐོར་ལ་རྒྱལ་སྤྱིའི་ལྷན་ཚོགས་ཤིག་འཚོག་གཏན་ཁེལ།

༢༠༢༥/༡༡/༠༧
Mobile App

མགོན་པོ་སྐྱིད་ལགས་ལ་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་འདུག

༢༠༢༥/༡༡/༠༦
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese