མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བོད་ཡིག་དྲ་རྒྱ་ལེགས་བཅོས་ཤར་གཏོང་གནང་།

བོད་ཀྱི་དུས་བབ།
༢༠༢༠/༡༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༡༦ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བོད་ཡིག་གི་དྲ་རྒྱ་ལེགས་བཅོས་གྲུབ་སྟེ་ཤར་གཏོང་གནང་ཡོད་པ་དང་། ད་ལྟ་དྲ་རྒྱའི་ནང་དོན་ཕུན་སུམ་ཇེ་ཚོགས་དང་སྟབས་ཇེ་བདེར་བཏང་ཡོད་སྟབས། ལག་ཐོགས་ཁ་པར་དང་iPad སོགས་ཀྱི་ནང་ལྟ་ཀློག་ཞུ་བདེ་བོ་བཟོས་གནང་འདུག

དགའ་ལྡན་ཕོ་བྲང་གི་བོད་ཡིག་དྲ་བའི་རྩོམ་སྒྲིག་པ་འཇིགས་མེད་ཚེ་རིང་ལགས་སུ་ཞལ་པར་བརྒྱུད་དྲ་རྒྱ་ལེགས་བཅོས་གནང་བའི་དགོས་དམིགས་དྲིས་པར་ཁོང་གིས། དྲ་རྒྱ་ཚང་མ་དུས་ནས་དུས་སུ་ཡར་རྒྱས་གཏོང་དགོས་པ་དང་། ཐོན་རིམ་གསར་བརྗེ་བྱེད་དགོས་པ་ཞིག་རེད། བོད་ཡིག་གི་དྲ་རྒྱ་རྙིང་པའི་ནང་ཐེངས་འགར་དྲ་འབུ་འཛུལ་ཡོད་པར་བརྟེན། དྲ་རྒྱ་ལྕི་མོ་ཆགས་པ་དང་འཆར་ངོས་ཤར་དལ་བ་སོགས་ཀྱི་དཀའ་ངལ་ཡོད་པ་རེད། ད་ལྟའི་དྲ་རྒྱ་གསར་པ་དེ་ཕྱི་རྒྱལ་གྱི་དྲ་རྒྱའི་ལག་རྩལ་ཆེད་ལས་པས་གསར་བཟོ་བྱས་པ་དང་། དྲ་རྒྱའི་བདེ་འཇགས་སྲུང་སྐྱོབ་ཡང་ཡག་པོ་ཡོད་སྐོར་བརྗོད་བྱུང་།

ཡང་བོད་ཡིག་དྲ་བའི་ནང་དོན་ལ་འགྱུར་བ་ག་རེ་ཐེབས་ཡོད་མེད་སྐོར་ལ་ཁོང་གིས། དྲ་རྒྱའི་ནང་དོན་གྱི་ཆ་ནས་ཁ་སྣོན་ཁག་ཅིག་བྱས་ཡོད་པའི་ནང་། ༧གོང་ས་མཆོག་གི་གསུང་རྩོམ་གྱི་སྡེ་ཚན་གསར་པ་ཞིག་བསྣན་ཡོད་པ་དང་། དེའི་ནང་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་རྩོམ་གྱི་སྐོར་ཁག་ཅིག་དང་མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ། དེ་བཞིན་ཕྱག་དེབ་རིགས་མང་པོ་ ePub དང་PDF འཕྲུལ་དེབ་ཐོག་ཕབ་ལེན་ཐུབ་པ་བཟོས་ཡོད། དེ་བཞིན་བརྙན་དང་འབྲེལ་ནས། དེ་སྔོན་བརྙན་ཆ་ཚང་དཀྱུས་གཅིག་ཏུ་བརྙན་གྱི་ཚན་པའི་ནང་བཞག་ཡོད་ནའང་། ད་ལྟ་བརྙན་དབྱེ་བ་བཅུ་གཉིས་སུ་བཀར་ཏེ་བཀའ་དབང་དང་རྗེས་གནང་། བཀའ་ཆོས། བཀའ་སློབ། ཚོགས་ཕེབས། གསུང་འཕྲིན། བགྲོ་གླེང་སོགས་སུ་དབྱེ་སྟེ། དྲ་རྒྱར་མཇལ་མཁན་རྣམས་ལ་སོ་སོར་གང་དགོས་པ་དེར་སྟབས་བདེའི་ངང་མཇལ་ཐུབ་པ་ཞིག་བཟོས་ཡོད་པ་སོགས་གསར་པ་ཡིན་སྐོར་བརྗོད་བྱུང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་གཞིའི་སྡེ་ཚན་ནང་དུ། དབུ་མའི་ལམ་གྱི་དགོངས་གཞིའི་བྱུང་རིམ་སྐོར་གྱི་གལ་ཆེའི་བཀའ་སློབ་དང་། དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་བྱུང་རབས་ངོ་སྤྲོད། དེ་བཞིན་༧རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་སྐོར་དང་། ཐུགས་སྐྱེད་དམ་བཅའ་བཞི། འཛམ་གླིང་ཞི་བདེ་དང་བྱམས་བརྩེ། འཚེ་བ་མེད་པ། ནང་ཆོས་དང་ཚན་རིག་སོགས་ཀྱི་དགོངས་གཞི་བཅས་བཀོད་གནང་འདུག དེ་བཞིན། བཀའ་སློབ་ནང་དུ་ཁོར་ཡུག་དང་ཤེས་ཡོན། རིག་གཞུང་། ནང་ཆོས། ཚན་རིག བོད་དོན། དོལ་རྒྱལ་སོགས་སུ་དབྱེ་བ་ཕྱེས་ཡོད་པ་མ་ཟད། སྡེ་ཚན་རེ་རེའི་ནང་དུ་དེ་འབྲེལ་གྱི་བཀའ་སློབ་དང་གསུང་བཤད་མང་པོ་སྐུ་པར་དང་བཅས་མཇལ་རྒྱུ་འདུག་ལ། འཚོལ་བཤེར་གྱི་ནང་དུ་ཤེས་ཡོན་ཅེས་བྲིས་པ་ཡིན་ན། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཤེས་ཡོན་དང་འབྲེལ་བའི་བཀའ་སློབ་གནང་བ་རྣམས་བརྙན་དང་པར། གསུང་ཆ་ཚང་མཇལ་ཐུབ་པ་སོགས་འཚོལ་བཤེར་གྱི་ནུས་པ་ཆེ་ཞིང་སྤྱོད་བདེ་པོ་ཞིག་འདུག

སྤྱིར་༧གོང་རྒྱལ་བ་རིན་པོ་ཆེ་མཆོག་གི་བོད་ཡིག་གི་དྲ་རྒྱ་གསར་པ་དེ་ཟླ་ཤས་གོང་ནས་ཤར་གཏོང་གནང་འཆར་ཡོད་འདུག་ནའང་། རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འཛམ་གླིང་གང་སར་ཁྱབ་པར་བརྟེན། འབྲེལ་ཡོད་ལས་མི་ལས་ཞུགས་མ་ཐུབ་པ་སོགས་ལ་བརྟེན། ལས་གཞི་འཕར་འགྱངས་ཕྱིན་ཡོད་འདུག ད་ལྟའི་ཆར་༧གོང་ས་རྒྱལ་བ་རིན་པོ་མཆོག་གི་དྲ་རྒྱ་དེ་དབྱིན་སྐད་དང་། རྒྱ་སྐད། ཧིན་དྷིའི་སྐད། ཉི་ཧོང་གི་སྐད། ཨི་ཊ་ལིའི་སྐད། འཇར་མན་གྱི་སྐད། སོག་སྐད། ར་ཤཱི་ཡའི་སྐད། ཧྥ་རན་སིའི་སྐད། ཝེ་ཏི་ནམ་གྱི་སྐད་སོགས་འཛམ་གླིང་གི་སྐད་ཡིག་མི་འདྲ་བ་ ༡༢ ཡི་ནང་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

ཆུ་ཚོད་ ༦ སྔོན་ལ།
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

ཆུ་ཚོད་ ༦ སྔོན་ལ།
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

མཆན། 1

  1. Asanga says:
    ལོ་ 6 སྔོན།

    ཡག་པོ་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese