མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གཞུང་ནས་བོད་རང་དབང་རང་བཙན་ངོས་འཛིན་དགོས་པའི་རེ་སྐུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༠/༡༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སི་ཁོ་ཊི་པེ་རི་ལགས་ཀྱིས་སྲིད་འཛིན་ཊོམ་ཕུ་མཆོག་ནི་བོད་མིར་མཚོན་ན་རང་བཙན་ཐོབ་རྒྱུའི་རེ་བ་མཐའ་མ་དེ་ཡིན་པས་སྲིད་འཛིན་གྱི་དབང་ཚད་ཀྱི་ཐོག་ནས་བོད་མི་ས་ཡ་མང་པོར་རང་བཙན་ཐོབ་རྒྱུར་ཤུགས་སྣོན་བརྒྱབ་དགོས་པའི་རེ་སྐུལ་ཞུས་འདུག

ཁེ་ཉིན་ཕྱི་ཚེས་ ༡༨ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སི་ཁོ་ཊི་པེ་རི(Scott Perry)ལགས་ཀྱིས་ཨ་རིའི་ལས་ཐོག་སྲིད་འཛིན་ཊོམ་ཕུ་ལ་ཕྱག་ཡིག་ཅིག་ཕུལ་བའི་ནང་། ཨ་རིའི་གཞུང་གིས་ཐོག་འཛིན་པའི་སྲིད་བྱུས་རྣམས་བསྐྱར་ཞིབ་བྱས་ཏེ། བོད་དེ་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་དགོས་པའི་རེ་སྐུལ་ཞུས་ཡོད་འདུག

ཕྱག་ཡིག་ནང་སྐུ་ཞབས་སི་ཁོ་ཊི་པེ་རི་ཡིས། བོད་དེ་ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁྲིམས་འགལ་ཐོག་བཙན་འཛུལ་མ་བྱས་སྔོན་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཨ་རིའི་གྲོས་ཚོགས་ནས་གཏན་འབེབ་བྱས་པའི་ཁྲིམས་ཡིག་མི་ཉུང་བའི་ནང་བོད་དེ་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱས་ཡོད་སྐོར་དང་། ཨ་རིའི་ངོས་ནས་རྒྱ་ནག་གི་རྒྱལ་སྤྱིའི་གཞི་རྩའི་ཁྲིམས་སྲོལ་དང་འགལ་བའི་བྱ་སྤྱོད་དེ་སྣང་མེད་དུ་འཇོག་དགོས། ཡང་ནས་ཨ་རིའི་གྲོས་ཚོགས་ཀྱིས་འདས་པའི་དུས་ཡུན་རིང་བོད་ལ་རྒྱབ་སྐྱོར་བྱས་པའི་ལངས་ཕྱོགས་དེ་འཛིན་དགོས་པ་ཡིན། བོད་མིར་དགོས་པ་ནི་ཨ་རིའི་ངོས་ནས་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱ་རྒྱུ་དེ་ཡིན་སྐོར་བཀོད་འདུག

གཞན་ཡང་ཕྱག་ཡིག་དེའི་ནང་། འདས་པའི་ལོ་དུས་ནང་ཨ་རིས་རྒྱ་ནག་དང་། རྒྱ་གར། བལ་ཡུལ་བཅས་ནང་ཡོད་པའི་བོད་མི་ཚོར་ཨ་སྒོར་ས་ཡ་མང་པོ་རོགས་དངུལ་དུ་བྱིན་ཡོད་ལ། དེ་ཡང་གཙོ་བོ་བོད་མིས་རང་གི་རྒྱལ་ཁབ་སྲུང་སྐྱོབ་ཆེད་དམིགས་པ་ཞིག་ཡིན། ང་ཚོའི་འབད་བརྩོན་ལ་ལྟོས་མེད་ཀྱིས་རྒྱ་ནག་གིས་མུ་མཐུད་བོད་ལ་དྲག་གནོན་དང་། ཉེ་ལམ་བོད་མི་རྣམས་བཙན་དབང་གིས་ངལ་རྩོལ་དུ་བཀོལ་བ་སོགས་ཀྱི་ཐབས་བྱུས་བརྒྱུད་ཧན་མི་རིགས་མ་ཡིན་པ་རྣམས་རྒྱ་བསྒྱུར་བྱེད་མུས་ཡིན་སྟབས། ཨ་རིའི་ངོས་ནས་རང་དབང་སྲུང་སྐྱོབ་ཀྱི་གཞི་རྩའི་ཆོད་སེམས་དེ་ལག་ལེན་བསྟར་དགོས་པ་ཡིན། ཞེས་དང་། སྲིད་འཛིན་ཊོམ་ཕུ་ནི་བོད་མིར་མཚོན་ན་རང་བཙན་ཐོབ་རྒྱུའི་རེ་བ་མཐའ་མ་དེ་ཡིན་སྟབས། སྲིད་འཛིན་གྱི་དབང་ཚད་ཀྱི་ཐོག་ནས་བོད་མི་ས་ཡ་མང་པོར་རང་བཙན་ཐོབ་རྒྱུར་ཤུགས་སྣོན་བརྒྱབ་དགོས་སྐོར་རེ་སྐུལ་ཞུས་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༩ ཉིན་སྐུ་ཞབས་སི་ཁོ་ཊི་པེ་རི་ལགས་ཀྱིས་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རང་སྐྱོང་ལྗོངས་(TAR)དེ་རྒྱ་ནག་དང་ཁ་བྲལ་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་དེ་བཏོན་ཡོད་པ་དང་། ཁྲིམས་འཆར་དེར་བོད་གཞུང་དམངས་གཉིས་ནས་དགའ་བསུ་དང་སྦྲགས་སྐུ་ཞབས་ཁོང་ལ་ལེགས་གསོལ་ཞུས་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་དང་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོས་སྐུ་ཞབས་ཁོང་ལ་ཁྲིམས་འཆར་དེའི་ནང་བོད་རང་སྐྱོང་ལྗོངས་ཙམ་མིན་པར། བོད་ཆོལ་ཁ་གསུམ་ཀ་ཚུད་དགོས་པའི་རེ་སྐུལ་ཞུས་པ་ལྟར། ད་ལན་གྱི་ཕྱག་ཡིག་གི་མགོར་བོད་ཀྱི་ཆོལ་ཁ་གསུམ་སྟེ། ཨ་མདོ། ཁམས། དབུས་གཙང་གསུམ་ནང་གནས་སྡོད་བོད་མི་རྣམས་ལོ་བརྒྱ་ཕྲག་རིང་རང་བཙན་ནམ། རང་སྐྱོང་གང་འཚམ་གྱི་གནས་སྟངས་འོག་བསྡད་ཡོད་སྐོར་འགྲེལ་བརྗོད་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

ཆུ་ཚོད་ ༡༢ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

༢༠༢༦/༡༠/༠༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

༢༠༢༦/༡༠/༠༥
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese