མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ནང་ནང་པའི་དཔེ་མཛོད་ཁང་ཆེན་པོ་ཞིག་འཛུགས་སྐྲུན་གནང་འཆར་འདུག

བོད་ཀྱི་དུས་བབ།
༢༠༢༠/༡༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ནང་ནང་པའི་དཔེ་མཛོད་ཁང་ཞིག་འཛུགས་སྐྲུན་གྱིས་འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱི་ནང་པའི་གཞུང་ལུགས་ཚང་མ་ཕབ་སྒྱུར་བྱས་ཏེ་རིན་མེད་ངང་མཁོ་སྤྲོད་གནང་འཆར་འདུགརྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཉི་ཧོང་དང་རྒྱ་གར་གྱི་ལྷན་ཚོགས་ཐེངས་ ༦ པའི་སྟེང་། རྒྱ་གར་སྲིད་བློན་མུ་དྷི་མཆོག་གིས། འབྱུང་འགྱུར་ནང་པ་སངས་རྒྱས་པའི་ལྟ་གྲུབ་སྲུང་སྐྱོབ་དང་དར་སྤེལ་སླད། རྒྱ་གར་ནང་ནང་པའི་དཔེ་མཛོད་ཁང་ཆེན་པོ་ཞིག་བརྒྱབ་སྟེ། འཛམ་གླིང་རྒྱལ་ཁབ་འདྲ་མིན་ནང་གནས་པའི་ནང་པའི་གསུང་འབུམ་ཁག་དང་འབྲེལ་བའི་ཡིག་ཆ་ཚང་མ་བསྡུ་རུབ་བྱས་ཏེ། རྒྱ་གར་གཞུང་གི་དཔལ་འབྱོར་མཐུན་འགྱུར་འོག་ཡིག་སྒྱུར་བྱས་ཏེ། ནང་པའི་དགེ་འདུན་པ་དང་མཁས་དབང་རྣམས་ལ་རིན་མེད་ངང་མཁོ་སྤྲོད་གནང་རྒྱུ་ཡིན་སྐོར་གསུངས་འདུག

སྲིད་བློན་མུ་དྷི་མཆོག་གིས། དཔེ་མཛོད་ཁང་དེ་ནི་ཤེས་རིག་གི་མཛོད་ཁང་ཞིག་ཏུ་འགྱུར་རྒྱུ་ཙམ་མ་ཟད། མི་དང་མིའི་བར་དང་སྤྱི་ཚོགས་དང་སྤྱི་ཚོགས་ཀྱི་བར། དེ་བཞིན། མི་དང་རང་བྱུང་ཁམས་བར་བགྲོ་གླེང་དང་ཉམས་ཞིབ་བྱེད་སའི་སྡིངས་ཆ་ཞིག་ཀྱང་ཆགས་ཀྱི་ཡོད། ཅེས་གསུངས་ཡོད་པ་དང་། ད་ལྟ་དཔེ་མཛོད་ཁང་དེ་ས་གནས་གང་དུ་བརྒྱབ་རྒྱུ་ཡིན་པ་དང་ལས་གཞི་ག་དུས་ཤིག་ནས་མགོ་རྩོམ་རྒྱུ་ཡིན་མིན་གྱི་གནས་ཚུལ་ཁ་གསལ་མི་འདུག

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྐྱེད་དམ་བཅའ་བཞི་པ་སྟེ། རྒྱ་གར་གྱི་གནའ་བོའི་ནང་པའི་རིག་གཞུང་གིས་དཀའ་རྙོག་ཆེ་བའི་དེང་དུས་ཀྱི་འཛམ་གླིང་མི་མང་ལ་ཕན་ཐོགས་ཆེན་པོ་སྒྲུབ་ཐུབ་ཀྱི་ཡོད་སྟབས། རྒྱ་གར་གྱིས་དབུ་འཁྲིད་དེ་ནང་པའི་རིག་གཞུང་རྩ་ཆེན་པོ་དེར་བསླབ་པ་སློབ་གཉེར་གྱི་ལམ་ནས་སླར་གསོ་ཡོང་ཐབས་དགོས་པའི་བཀའ་སློབ་རིམ་པར་ཕེབས་ཀྱི་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༣ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། སེམས་ཁམས་རིག་པ་དེ་དེང་སྐབས་མ་འདང་པའི་ཆ་ཞིག་རེད་འདུག སྤྱིར་རྒྱ་གར་གྱི་གནའ་རབས་ཀྱི་ཤེས་ཡོན་ནང་འཚེ་བ་མེད་པ་དང་སྙིང་རྗེ་བཤད་ཡོང་དུས་སེམས་ཁམས་དང་འབྲེལ་བ་ཡོད་པ་རེད། ཕལ་ཆེར་ལོ་ཉིས་སྟོང་གོང་ནས་རྒྱ་གར་ནང་དུ་སེམས་རྩེ་གཅིག་ཏུ་གནས་པའི་ཞི་གནས་དང་། ཡིད་ལ་དཔྱད་པ་བྱེད་པའི་སོ་སོའི་ཤེས་རབ་ཀྱིས་ལྷག་པར་མཐོང་བ་ཟེར་བ་དེ་ཚོའི་གྲས་དེ་རྒྱ་གར་ལ་ལོ་ཉིས་སྟོང་གོང་ནས་ཡོད་བསྡད་པ་ཞིག་རེད་འདུག དེ་བས་སེམས་ཁམས་རིག་པ་དེ་ང་ཚོས་ཤེས་དགོས་པ་ཞིག་དང་། དེང་སྐབས་ཀྱི་དུས་ལ་དངོས་ཁམས་རིག་པ་ཡག་ཐག་ཆོད་ཡོད་པ་རེད་དེ། མ་འདང་པའི་ཆ་དེ་སེམས་ཁམས་རིག་པ་ཆགས་ཡོད་པ་རེད། དེ་ནི་ཆོས་ལུགས་ཀྱི་སྐད་ཆ་གང་ཡང་མ་རེད། ཤེས་ཡོན་གྱི་འདུ་ཤེས་འཛིན་དགོས་ཀྱི་ཡོད་པ་རེད། ཚན་རིག་པ་དང་མཉམ་དུ་ང་ཚོས་སྐད་ཆ་བཤད་དེ་སེམས་ཁམས་རིག་པའི་སྐོར་ལ་གོ་བསྡུར་མང་པོ་ཞིག་བྱེད་སྡོད་ཀྱིན་ཡོད་པ་རེད། དེ་ཕན་ཐོགས་འདུག ཚན་རིག་པའི་ནང་ནས་སེམས་ཁམས་རིག་པའི་སྐོར་ལ་རྒྱ་གར་གྱི་རིག་གཞུང་དང་དེའི་ནང་ཚན་ནས་ནང་པའི་རིག་གཞུང་ནང་གི་སེམས་ཁམས་རིག་པའི་སྐོར་ལ་གསུངས་པ་དེའི་གྲས་ལ་དམིགས་བསལ་གྱི་དོ་སྣང་ཞིག་བྱས་ནས་ཡོང་གི་འདུག ཅེས་གསུངས་ཡོད་པ་རེད།

རྒྱ་གར་དཔལ་འབྱོར་དུས་བབ་ཀྱི་གནས་ཚུལ་ལྟར་ན། དཔེ་མཛོད་ཁང་དེའི་ནང་འཛམ་གླིང་གི་ནང་པའི་ཆོས་བརྒྱུད་རིས་མེད་ཀྱི་དྲ་ཐོག་བསྟན་བཅོས་ཁག་ཉར་ཚགས་བྱ་རྒྱུ་ཡིན་པ་དང་། ལས་གཞི་དེའི་དམིགས་ཡུལ་ནི་སངས་རྒྱས་ཀྱི་གསུང་འབུམ་ཁག་ལ་ཞིབ་འཇུག་བྱས་ཏེ། སངས་རྒྱས་ཀྱི་ཆོས་ཀྱི་སྙིང་བོས་ད་ལྟ་འཛམ་གླིང་ནང་འཕྲད་བཞིན་པའི་དཀའ་ངལ་ཁག་སེལ་ཐབས་བྱ་རྒྱུ་དེ་ཡིན་འདུག

སྤྱིར་ད་ལྟའི་ཆར་སྲིད་བློན་མུ་དྷི་མཆོག་གིས་སྣེ་འཁྲིད་པའི་བྷི་ཇི་ཕི་སྲིད་དོན་ཚོགས་པས་རྒྱ་གར་ནང་ཧིན་རྡུ་ཆོས་ལུགས་ཀྱི་རྒྱལ་ཞེན་ཤུགས་ཆེན་སྤེལ་ཏེ། འདྲ་མཉམ་གྱི་ཆོས་ལུགས་དད་མོས་རང་དབང་ཐོག་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཡོད་ཀྱང་། ད་རེས་མུ་དྷི་མཆོག་གིས་སངས་རྒྱས་ཀྱི་ཆོས་ཀྱི་སྙིང་བོ་ཡིས་རྒྱ་གར་ཙམ་མ་ཟད། འཛམ་གླིང་གི་དཀའ་ངལ་སེལ་ཐབས་བྱ་རྒྱུ་ཡིན་སྐོར་གསུངས་པ་དེས་ནང་ཆོས་ཀྱིས་མི་རིགས་ལ་ཕན་བདེ་བསྐྲུན་ཐུབ་ཀྱི་ཡོད་པ་དེར་ངོས་འཛིན་གསར་པ་ཞིག་ཐོབ་པ་རེད།

རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གིས། སངས་རྒྱས་ཀྱི་ཆོས་རྒྱ་གར་ནས་འཛམ་གླིང་ཡོངས་ལ་དར་ཁྱབ་བྱུང་སྟེ། དུས་རབས་མང་པོ་རིང་གནས་ཐུབ་པ་བྱུང་ཡོད། དེའི་རྒྱུ་མཚན་ནི་ནང་པ་སངས་རྒྱས་པའི་ལྟ་གྲུབ་དང་རིག་གནས་འདི་ཧ་ཅང་རླབས་ཆེན་དང་གཏིང་ཟབ་པོ་ཡོད་པས་ཡིན་ལ། ཁ་སང་དེ་རིང་ཡིན་ཡང་འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱི་དགོན་སྡེ་ཁག་མང་པོའི་ནང་སྐད་ཡིག་འདྲ་སྣ་ཚོགས་ཐོག་གནས་ཡོད། སངས་རྒྱས་ཀྱི་ཆོས་ཀྱི་སྙིང་བོ་ནི་མིའི་རིགས་ཡོངས་ལ་ཕན་རླབས་ཆེ་བའི་ཁྱད་ནོར་ཞིག་ཡིན། ཞེས་གསུངས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

ཆུ་ཚོད་ ༡༢ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

༢༠༢༦/༡༠/༠༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

༢༠༢༦/༡༠/༠༥
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese