མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་གང་མགྱོགས་མཚན་རྟགས་འགོད་པའི་རེ་བ་ཞུས་གནང་འདུག

བོད་ཀྱི་དུས་བབ།
༢༠༢༠/༡༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབ་བྱུང་བར་ཨ་རིའི་གཞུང་དང་གྲོས་ཚོགས་འཐུས་མི་དང་འབྲེལ་ཡོད་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྲིད་འཛིན་ཊོམ་ཕུ་མཆོག་ནས་གང་མགྱོགས་ཁྲིམས་འཆར་དེར་མཚན་རྟགས་འགོད་པའི་རེ་བ་ཞུས་གནང་འདུགདེ་རིང་ཕྱི་ཚེས་ ༢༣ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ཨ་རིའི་སྲིད་འཛིན་གཞོན་པ་དང་གྲོས་ཚོགས་གོང་མའི་ཚོགས་གཙོ་མེག་པེན་སི་ (Mike Pence) མཆོག་ལ་འཕྲིན་ཡིག་ཞིག་བཏང་གནང་སྟེ། ཉེ་ལམ་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ (Tibetan Policy and Support Act 2020) སྤྱི་མོས་གཏན་འབེབས་གནང་བར་ཨ་རིའི་གཞུང་དང་གྲོས་ཚོགས་འཐུས་མི་དང་འབྲེལ་ཡོད་ཡོངས་ལ་ཐུགས་རྗེ་ཆེ་ཞུས་གནང་འདུག

དེ་ཡང་ཚོགས་གཙོ་མཆོག་པདྨ་འབྱུང་གནས་མཆོག་གིས་འཕྲིན་ཡིག་དེའི་ནང་། ངས་གཞིས་བྱེས་བོད་མི་ཡོངས་དང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ཁྲིམས་འཆར་དེ་ཉིད་ཨ་རིའི་གྲོས་ཚོགས་གོང་མའི་ནང་སྤྱི་མོས་ཐོག་གཏན་འབེབས་ཐུབ་པར་སྐུ་ཉིད་དང་། གྲོས་ཚོགས་འཐུས་མི་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང་། བོད་དོན་ཁྲིམས་འཆར་དེ་སྤྱི་མོས་གཏན་འབེབས་བྱུང་བའི་གནས་ཚུལ་ཐོས་འཕྲལ་དགའ་ཚོར་ཆེན་པོ་བྱུང་བ་དང་། ཁྲིམས་འཆར་དེ་ནི་བོད་མི་ཚོར་མཚོན་ན། ལོ་རྒྱུས་རང་བཞིན་ལྡན་པ་ཞིག་དང་གྲུབ་འབྲས་ཆེན་པོ་ཞིག་ཡིན་པ། དེ་ཡིས་ཨ་རིའི་གྲོས་ཚོགས་ནི་དྲང་བདེན་གྱི་ཕྱོགས་ལ་ལངས་ཀྱི་ཡོད་པའི་བརྡ་ལན་གསལ་པོ་ཞིག་སྤྲོད་ཀྱི་ཡོད་པ་མ་ཟད། ཨ་རིའི་གཞུང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། བོད་ཀྱི་རྩ་དོན་ཐོག་འབྱུང་འགྱུར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་ར་སྤྲོད་གསལ་པོ་བྱས་པ་ཞིག་ཡིན་ཚུལ་བཀོད་འདུག

དེ་བཞིན་འཕྲིན་ཡིག་དེའི་ནང་། ཁྲིམས་འཆར་དེ་ཡིས་འཛམ་གླིང་གང་སར་ཡོད་པའི་བོད་མི་རྣམས་དང་། ལྷག་པར་དུ་རྒྱ་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པའི་བོད་ནང་གི་བོད་མི་རྣམས་ལ་རེ་བ་ཆེན་པོ་སྦྱིན་ཡོད་སྐོར་དང་། ཨ་རིའི་གཞུང་མང་གཉིས་ནས་ད་བར་བོད་དོན་ཐོག་ཆོད་སེམས་བརྟན་པོས་མཐུན་འགྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བོད་ཀྱི་བདེན་མཐའ་མ་གསལ་བར་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་འདུག་ལ། ཨ་རིའི་སྲིད་འཛིན་མཆོག་གིས་གང་མགྱོགས་ཁྲིམས་འཆར་དེར་མཚན་རྟགས་འགོད་པའི་རེ་བ་ཡོད་སྐོར་སོགས་བཀོད་འདུག

དེ་བཞིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་རོའུ་ཊུར་གྱི་གཙོས་རྒྱལ་སྤྱིའི་གསར་ཁང་ཁག་ལ། བོད་དོན་ཁྲིམས་འཆར་གཏན་འབེབས་གནང་བ་དེ་ཡིས་ཨ་རིའི་གྲོས་ཚོགས་ནས་བོད་ནི་ཨ་རིའི་གནད་དོན་གལ་ཆེན་དུ་གནས་ཡོད་པ་དང་། མུ་མཐུད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་བརྡ་ལན་གསལ་པོ་ཞིག་བཏང་གནང་བ་ཞིག་ཡིན་སྐོར་གསུངས་ཡོད་པ་རེད།

བོད་དོན་ཁྲིམས་འཆར་དེ་དང་འབྲེལ་ནས། ཁ་སང་ཕྱི་ཚེས་ ༢༢ ཉིན་རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ཝང་ཝིན་པིན་ (Wang Wenbin) གྱིས། བོད་དང་ཐའེ་ཝན། ཧོང་ཀོང་བཅས་ནི་རྒྱ་ནག་གི་བདག་དབང་དང་ས་ཁོངས། རྒྱ་ནག་ནང་རྒྱལ་གྱི་གནད་དོན་ཞིག་ཡིན་སྐོར་དང་། ཨ་རི་གཞུང་གིས་ཁྲིམས་འཆར་དེ་དང་འབྲེལ་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱ་རྒྱུ་མཚམས་བཞག་སྟེ། ཁྲིམས་འཆར་དེར་མཚན་རྟགས་མི་སྐྱོན་པའམ་དེའི་ནང་གི་རྒྱ་ནག་གི་མངོན་འདོད་དང་རྒྱ་ནག་ལ་དམིགས་པའི་གནད་དོན་དང་ནང་དོན་རྣམས་ལག་བསྟར་མི་བྱེད་པར་སྐུལ་འདུག་ལ། དེ་ཡིས་ཨ་རྒྱའི་མཉམ་འབྲེལ་དང་འབྲེལ་ལམ་ལ་དོ་ཕོག་སྣོན་མ་བྱེད་སྲིད་སྐོར་བརྗོད་ཡོད་པ་རེད།

བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ཨ་རིའི་གོས་ཚོགས་གོང་མའི་ནང་སྤྱི་མོས་གྱིས་གཏན་འབེབས་བྱུང་ཡོད་པ་དང་། དེའི་ནང་ཨ་རི་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སྲུང་སྐྱོབ། ༧གོང་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་འགན་དབང་ནི་མགོན་པོ་གང་ཉིད་མཆོག་དང་བོད་མི་ཚོར་ཡོད་པ། དེ་བཞིན་གལ་སྲིད་རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ལ་ཐེ་བྱུས་བྱས་ཚེ། འབྲེལ་ཡོད་དཔོན་རིགས་རྣམས་ལ་ཨ་རིའི་གཞུང་གིས་ཨ་རིའི་ནང་ཡོང་རྒྱུར་བཀག་འགོག་དང་ཉེས་ཆད་གཅོད་རྒྱུ་ཡིན་པ་དང་། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཁང་འཛུགས་རྒྱུའི་ཆོག་མཆན་མ་གནང་བར་དུ་་ཨ་རིའི་ནང་རྒྱ་ནག་གི་གཞུང་ཚབ་ཁང་གསར་པ་འཛུགས་རྒྱུའི་ཆོག་མཆན་གནང་མི་ཆོག་པ་སོགས་བཀོད་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 5 སྔོན།

    བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་ཨ་རིའི་སྲིད་འཛིན་གྱི་ཆོག་མཆན་ས་རྟགས་གང་མགྱོགས་ཐོབ་དགོས་པ་གལ་ཆེན་ལ་སོང་དབུས་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་སྤྱི་སྒེར་ཚང་མས་འབད་བརྩོན་གནང་དགོས་པ་དེ་གལ་ཆེན་ཞིག་ལ་ངོས་འཛིན་ཞུ་གི་ཡོད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese