མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨ་ལེ་བྷ་བྷ་བཟོ་ཚོང་ཁང་ལ་རྒྱ་ནག་གཞུང་གིས་ཞིབ་བཤེར་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༠/༡༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཨ་ལེ་བྷ་བྷ་བཟོ་ཚོང་ཁང་གཙོས་པའི་རྒྱ་ནག་ནང་ཤུགས་རྐྱེན་ཆེ་བའི་ཚོང་ལས་སྡེ་ཁག་གི་བྱེད་སྒོའི་རིགས་ལ་ཚོད་འཛིན་བྱེད་ཀྱི་ཡོད་པ་རེད།རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  དེ་རིང་རྒྱ་ནག་གི་ཚོང་དོན་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས། རྒྱ་ནག་གི་འཕྲུལ་རིགས་ཚོང་ལས་ཆེ་ཤོས་ཨ་ལེ་བྷ་བྷ་བཟོ་ཚོང་ཁང་གིས། རྒྱ་ནག་གི་ཚོང་དོན་སྒྲིག་ཁྲིམས་ལས་བརྒལ་ཏེ་སོ་སོའི་ཁེ་ཕན་གཙུག་འཛིན་གྱི་ཚོང་བྱུས་ལག་བསྟར་བྱེད་ཀྱི་ཡོད་པའི་ངོས་འཛིན་འོག ཨ་ལེ་བྷ་བྷ་བཟོ་ཚོང་ཁང་ལ་ཞིབ་བཤེར་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

རྒྱ་ནག་གི་ཚོང་དོན་སྒྲིག་ཁྲིམས་ཞིབ་བཤེར་ཁང་ཟེར་བས། ཨ་ལེ་བྷ་བྷ་བཟོ་ཚོང་ཁང་གིས་སོ་སོའི་ཐོན་རྫས་ཉོ་མཁན་དང་ལྷན་དུ་ཚོང་འབྲེལ་གན་རྒྱ་བཞག་སྟེ། ཁྲོམ་རའི་ནང་ཁ་གཏད་ཐོན་རྫས་ཡོང་བར་འགོག་རྐྱེན་བཟོ་ཡི་ཡོད། ཅེས་སྐྱོན་བརྗོད་བྱས་ཡོད་པ་དང་། འདས་ལོར་ཡང་ཨ་ལེ་བྷ་བྷ་བཟོ་ཚོང་ཁང་ལ་རྒྱ་ནག་གཞུང་གིས་ཞིབ་བཤེར་བྱས་ཡོད་སྟབས་ད་རེས་ཞིབ་བཤེར་བྱས་པ་ཐོག་མ་མིན་པ་རེད།

བྷི་བྷི་སི་གསར་ཁང་གི་གནས་ཚུལ་ནང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཨ་ལེ་བྷ་བྷ་དང་ཊན་སན་ཊི་ (Tencent) འཕྲུལ་རིགས་བཟོ་ཚོང་ཁང་གཉིས་ལ་དམ་དྲགས་སྔར་ལྷག་བྱས་ཏེ། བཟོ་ཚོང་ཁང་དེ་གཉིས་ཀྱི་ཚོང་ལས་འཕེལ་རྒྱས་དང་ཤུགས་རྐྱེན་ལ་ཚོད་འཛིན་བྱེད་པར་དམིགས་ཡོད་པ་དང་། རྒྱ་ནག་གིས་ཨ་ལེ་བྷ་བྷ་དང་ཊན་སན་ཊི་བཟོ་ཚོང་ཁང་གཉིས་ལ་དམ་དྲགས་བྱེད་དོན་ནི། བཟོ་ཚོང་ཁང་དེ་གཉིས་ཀྱིས་རྒྱ་ནག་གི་སྤྱི་ཚོགས་ཁྲོད་ཉིན་རེའི་མི་མང་གི་འཚོ་གནས་དང་འབྲེལ་བའི་དཔལ་འབྱོར་དང་ཚོང་ལས་སོགས་ཀྱི་ཐོག་ཤུགས་རྐྱེན་ཆེན་པོ་སྤྲོད་ཀྱི་ཡོད་པས་ཡིན་སྐོར་སོགས་བརྗོད་འདུག

ཡང་རྒྱ་ནག་གི་ཚོང་དོན་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས། ང་ཚོས་ཨ་ལེ་བྷ་བྷ་བཟོ་ཚོང་ཁང་གི་འབྲེལ་ཡོད་ལས་བྱེད་དང་ཐུག་འཕྲད་ཀྱིས། དཔལ་འབྱོར་སྒྱུར་བཀོད་ཀྱི་སྲིད་བྱུས་ལག་བསྟར་དང་ཁྲོམ་རའི་འགྲན་རྩོད་འདྲ་མཉམ། དེ་བཞིན། ཁྲིམས་ལུགས་ཀྱི་ཁེ་དབང་དང་མཛའ་སྤྱོད་པའི་མངོན་འདོད་སོགས་སྲུང་སྐྱོབ་བྱེད་པར་སྐུལ་མ་གཏོང་གི་ཡིན། ཞེས་བརྗོད་ཡོད་པ་དང་། ཨ་ལེ་བྷ་བྷ་བཟོ་ཚོང་གིས་རྒྱ་ནག་གཞུང་གི་ཞིབ་བཤེར་ལ་ངོས་ལེན་ཞུ་རྒྱུ་མ་ཟད། སྒྲིག་ཁྲིམས་དང་མཐུན་པའི་ཆ་རྐྱེན་ཚང་མར་ངོས་ལེན་བྱེད་རྒྱུ་ཡིན་པའི་ལན་འདེབས་བྱས་འདུག

ཟླ་སྔོན་མའི་ནང་ཨ་ལེ་བྷ་བྷ་བཟོ་ཚོང་ཁང་གིས། དྲ་ལམ་དངུལ་སྒྱུར་གྱི་ལས་གཞི་ཞིག་སྤེལ་རྩིས་བྱས་ཏེ། ལས་གཞི་སྤེལ་ལ་ཉེ་བར་ཉིན་གཅིག་མ་གཏོགས་མེད་སྐབས། རྒྱ་ནག་གཞུང་གིས་བཀའ་རྒྱ་བཏང་སྟེ་ལས་གཞི་དེ་བཀག་འགོག་བྱས་ཡོད་པ་དང་། དཔྱད་ཞིབ་པས་རྒྱ་ནག་གཞུང་གིས་ཨ་ལེ་བྷ་བྷ་བཟོ་ཚོང་ཁང་ལ་ཞིབ་བཤེར་བྱེད་དོན་ནི། འདས་ལོའི་ཕྱི་ཟླ་ ༡༠ ནང་ཨ་ལེ་བྷ་བྷ་བཟོ་ཚོང་ཁང་གི་སྤྱི་གཉེར་བ་ཟུར་པ་མཱ་ཡོན(馬雲) ལགས་ཀྱིས། རྒྱ་ནག་གི་ཁྲིམས་སྒྲིག་དང་དངུལ་ཁང་ཁག་གི་བུན་གཡར་ལས་གཞི་སོགས་ལ་སྐྱོན་བརྗོད་བྱས་པས་ཡིན་སྐོར་རྗོད་ཀྱི་འདུག

འདས་ལོའི་ཕྱི་ཟླ་ ༡༡ ནང་རྒྱ་ནག་གཞུང་གིས། ཚོང་ལས་སྒྲིག་ཁྲིམས་གསར་པ་ཞིག་བཟོས་ཏེ། ཨ་ལེ་བྷ་བྷ་དང་(Ant Group)། དེ་བཞིན། ཊན་སན་ཊི་ (Tencent) འཕྲུལ་རིགས་བཟོ་ཚོང་ཁང་སོགས་ཀྱི་དྲ་ཐོག་ཚོང་ལས་དང་འབྲེལ་རྒྱ་ནག་ནང་ཤུགས་རྐྱེན་ཐེབས་བཞིན་པ་བཀག་འགོག་བྱེད་ཐབས་བྱས་ཡོད་ལ། དེ་ལ་བརྟེན་ནས་འདས་ལོར་ཨ་ལེ་བྷ་བྷ་ཚོང་གཉེར་ཁང་ལ་ཡོང་འབབ་ཨ་སྒོར་ཐེར་འབུམ་ ༡༤༠ གྱོང་གུད་ཐེབས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist