མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱའི་ཁུང་ཙི་སློབ་གླིང་སྒོ་མ་བརྒྱབ་བར་དུ་ངོ་རྒོལ་མཚམས་འཇོག་རྒྱུ་མིན།

བོད་ཀྱི་དུས་བབ།
༢༠༢༠/༡༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

མེ་སེ་ཅུ་སེཌ་ཡི་བྷོ་སི་ཊོན་ནང་རྟེན་གཞི་བྱས་པའི་ཊ་ཧྥི་གཙུག་ལག་སློབ་གྲྭ་ཆེན་མོའི་(Tufts University) འཛིན་སྐྱོང་གིས་གཙུང་ལག་སློབ་གྲྭའི་ནང་གི་ཁུང་ཙི་སློབ་གླིང་དེ་སྒོ་མ་བརྒྱབ་བར་དུ་ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་རེས་གཟའ་སྤེན་པ་ནམ་ཡིན་ལ་སློབ་རའི་ནང་དུ་ངོ་རྒོལ་སྐད་འབོད་གནང་རྒྱུ་རེད་འདུགཨ་རིའི་ཤར་བརྒྱུད་མངའ་སྡེ་མེ་སེ་ཅུ་སེཌ་ཡི་བྷོ་སི་ཊོན་ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་གཉིས་མཉམ་འབྲེལ་ཐོག། མངའ་སྡེ་དེའི་ནང་རྟེན་གཞི་བྱས་པའི་ཊ་ཧྥི་གཙུག་ལག་སློབ་གྲྭ་ཆེན་མོའི་(Tufts University) འཛིན་སྐྱོང་གིས་གཙུང་ལག་སློབ་གྲྭའི་ནང་གི་ཁུང་ཙི་སློབ་གླིང་དེ་སྒོ་མ་བརྒྱབ་བར་དུ། རེས་གཟའ་སྤེན་པ་ནམ་ཡིན་ལ་སློབ་ཆེན་གྱི་ར་བའི་ནང་ངོ་རྒོལ་སྐད་འབོད་ལས་འགུལ་སྤེན་རྒྱུ་ཡིན་སྐོར་བསྒྲགས་འདུག

ངོ་རྒོལ་སྐད་འབོད་ལས་འགུལ་དེ་ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་མགོ་བརྩམས་པ་ཞིག་ཡིན་པ་དང་། ས་གནས་ཀྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་གཡང་འཛོམས་ལགས་ཀྱིས། གཙུག་ལག་སློབ་གྲྭ་དེའི་སློབ་ཕྲུག་ལྷན་ཚོགས་ཀྱི་གསར་ཤོག་ནང་། ང་ཚོས་ཊ་ཧྥི་གཙུག་ལག་སློབ་གྲྭའི་ཁུང་ཙི་སློག་གླིང་གི་མདུན་དུ་སྐད་འབོད་དང་གཏམ་བཤད་སྤེལ་ཏེ། གཙུག་ལག་སློག་གྲྭའི་དབུ་འཛིན་མོ་ན་ཁོའི་ (Monaco) ཁྱིམ་དང་། དེ་ནས་སློག་དཔོན་རོའུ་ (Row) གྱི་ལས་ཤག་བར་སྐད་འབོད་བྱས་པ་ཡིན། ཞེས་དང་། ཐེངས་འདིའི་ལས་འགུལ་གོ་སྒྲིག་གནང་མཁན་རྣམས་ཀྱིས་གཙུག་ལག་སློབ་གྲྭའི་དབུ་འཛིན་རྣམས་ལ་ཁུང་ཙི་སློབ་གླིང་སྒོ་བརྒྱབ་དགོས་པའི་འབོད་སྐུལ་ཐེངས་མང་བྱས་ཀྱང་། ད་བར་ལན་འདེབས་ཁ་གསལ་བྱུང་མེད་སྟབས། གཙུག་ལག་སློབ་གྲྭའི་མགོ་འཁྲིད་རྣམས་ཀྱིས་གནད་དོན་དེའི་སྐོར་གོ་བསྡུར་ཡོང་ཆེད། ད་ཐེངས་སློབ་གྲྭའི་ར་བར་དངོས་སུ་ཐོན་ཏེ་སྐད་འབོད་ལས་འགུལ་སྤེལ་ཡོད་སྐོར་འགྲེལ་བརྗོད་གནང་འདུག

གཙུག་ལག་སློབ་གྲྭའི་གསར་འགོད་འབྲེལ་མཐུད་པའི་འགན་འཛིན་པེ་ཊི་རིག་ཁོ་ལིན་སི་ (Patrick Collins) ཟེར་བས། སློབ་གྲྭའི་ངོས་ནས་ད་ཐེངས་ཀྱི་ཞི་བའི་ངོ་རྒོལ་སྐད་འབོད་ལས་འགུལ་དེར་བརྩི་བཀུར་ཞུ་ཡི་ཡོད་པ་དང་། ད་བར་སློབ་གྲྭའི་ཁྱབ་ཁོངས་ཀྱི་སློབ་མ་དང་དགེ་ལས་ཁྲོད། ཁུང་ཙི་སློབ་གླིང་གིས་ཚུལ་མཐུན་མ་ཡིན་པའི་བྱ་སྤྱོད་དམ་ཤུགས་རྐྱེན་སྤེལ་ཐབས་བྱེད་ཀྱི་ཡོད་སྐོར་གྱི་ཞུ་གཏུག་བྱེད་མཁན་བྱུང་མེད་ཀྱང་། ཁུང་ཙི་སློབ་གླིང་ནང་རྒྱ་ནག་ལ་ཕྱོགས་པའི་དྲིལ་བསྒྲགས་རིགས་ཡོང་གི་ཡོད་པའི་བློ་འཚབ་བྱེད་ཀྱི་ཡོད་པར་བརྟེན། སློབ་གྲྭའི་ངོས་ནས་ཁུང་ཙི་སློབ་གླིང་ལ་ཕྱོགས་ཡོངས་ནས་བསྐྱར་ཞིབ་བྱས་ཡོད་ཅིང་། བསྐྱར་ཞིབ་བྱེད་རིང་སློབ་ཕྲུག་དང་དགེ་ལས་ཁྲོད་ཁུང་ཙི་སློབ་གླིང་གིས་ཤེས་ཡོན་དང་ཆོས་དད་རང་དབང་ལ་དོ་ཕོག་གཏོང་གི་ཡོད་པའི་གནས་སྟངས་ཞུ་མཁན་བྱུང་མེད་པ་མ་ཟད། ཁུང་ཙི་སློབ་གླིང་གི་ལས་གཞི་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་ཐོན་ཡོད་སྐོར་བརྗོད་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་རྒྱ་ནག་གི་རྒྱལ་སྟོན་ཉིན་མོ་དང་བསྟུན། འཛམ་གླིང་གི་གྲོང་ཁྱེར་ ༡༠༠ ལྷག་ནང་བོད་མི་དང་། ཡུ་གུར། ཧོང་ཀོང་། ཐའེ་ཝན། ལྷོ་སོག་བཅས་ཀྱིས་རྒྱ་ནག་གཞུང་ལ་ཉིན་གཅིག་དུས་གཅིག་ལ་ངོ་རྒོལ་སྐད་འབོད་ལས་འགུལ་ཤུགས་ཆེར་སྤེལ་ཡོད་པ་ལྟར། ཉིན་དེར་ས་གནས་ཀྱི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ས་གནས་བོད་མི་རྣམས་ཀྱིས་ཊ་ཧྥི་གཙུག་ལག་སློབ་གྲྭའི་མདུན་དུ་ཁུང་ཙི་སློབ་གླིང་གཏན་དུ་སྒོ་བརྒྱབ་དགོས་པའི་སྐད་འབོད་ལས་འགུལ་སྤེལ་ཡོད་འདུག

ཊ་ཧྥི་གཙུག་ལག་སློབ་གྲྭས་ཕྱི་ལོ་ ༢༠༡༤ ཟླ་ ༦ པའི་ནང་། རྒྱ་ནག་དབུས་གཞུང་གི་ཤེས་རིག་ལྷན་ཁང་གི་ཁྱབ་ཁོངས་སུ་ཡོད་པའི་ཁུང་ཙི་ལྟེ་གནས་ཁང་ (Confucius Institute Headquaters (HANBAN)) ངམ། མིང་གཞན་དུ་རྒྱལ་སྤྱིའི་རྒྱ་ནག་གི་སྐད་ཡིག་ལྷན་ཚོགས་ (Office of Chinese Language Council International) དང་གན་རྒྱ་བཞག་སྟེ། ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༤ ཉིན་སློབ་གྲྭ་ཆེན་མོའི་ནང་དངོས་སུ་ཁུང་ཙི་སློབ་གླིང་མགོ་བཙུགས་པ་ཞིག་ཡིན་འདུག འདི་ལོ་ཕྱི་ཟླ་ ༨ པའི་ཚེས་ ༡༣ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཨ་རིའི་ནང་ཡོད་པའི་ཁུང་ཙིའི་ལྟེ་གནས་རྣམས་རྒྱ་ནག་གི་དྲིལ་བསྒྲགས་ཀྱི་ལག་ཆ་ཞིག་ཡིན་སྐོར་བསྒྲགས་ཡོད་ལ། ཨ་རིའི་ནང་ཡོད་པའི་ཁུང་ཙི་ལྟེ་གནས་རྣམས་ཕྱིའི་རྩ་འཛུགས་ལ་ངོས་འཛིན་བྱས་ཏེ། ཁུང་ཙི་ལྟེ་གནས་ཁག་གིས་རང་གི་ལས་དོན་བྱེད་ཕྱོགས་དང་འགྲོ་སོང་དང་བཅས་པའི་གནས་ཚུལ་རིགས་ཨ་རིའི་གཞུང་ལ་མཁོ་སྤྲོད་བྱེད་དགོས་ཚུལ་གྱི་བཀའ་ཁྱབ་བཏང་ཡོད་པ་རེད། དེ་བཞིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་གཞུང་འབྲེལ་གྲངས་ཐོ་ལྟར་ན། ད་ལྟའི་ཆར་ཨ་རི་རྒྱལ་ཡོངས་ནང་ཁུང་ཙིའི་ལྟེ་གནས་ ༧༥ ཡོད་པའི་ཁྲོད་ནས། ༦༥ ཨ་རིའི་གཙུག་ལག་སློབ་གྲྭའི་ནང་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

མཆན། 2

  1. Sonam Gyaltsen says:
    ལོ་ 6 སྔོན།

    ཐུ བོད་རང་བཙན་སློབ་ཕྲུག འདི་ཟ་ ?

    Reply
  2. Sonam Gyaltsen says:
    ལོ་ 6 སྔོན།

    ཐུ་ བོད་རང་བཙན་སློབ་ཕྲུག་ འདི་ཟ་ ?

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese