མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨ་རི་ལྟར་རྒྱ་གར་གཞུང་གིས་ཀྱང་༧རྒྱལ་བའི་ཡང་སྲིད་ཐད་སྲིད་ཇུས་གཏན་འབེབ་དགོས།

བོད་ཀྱི་དུས་བབ།
༢༠༢༠/༡༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༢༤ ཉིན་རྒྱ་གར་གྱི་ཧིན་རྡུ་གསར་ཁང་ (Hindustan Times) གི་རྩོམ་སྒྲིག་པའི་གཏམ་གྱི་ནང་། རྒྱ་གར་གཞུང་གིས་ཀྱང་ཨ་རི་གཞུང་ལྟར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་ཐད་སྲིད་ཇུས་བཟུང་སྟེ། བོད་མི་མ་གཏོགས་རྒྱ་ནག་གཞུང་ལ་སྐུའི་ཡང་སྲིད་ཐོག་ཐག་གཅོད་ཀྱི་དབང་ཆ་མེད་པ་གསལ་པོ་བཟོ་དགོས་སྐོར་བཀོད་འདུགརྩོམ་སྒྲིག་པའི་གཏམ་དེའི་ནང་། རྒྱ་གར་གཞུང་གིས་དུས་དང་འཚམ་པའི་སྲིད་ཇུས་ཤིག་བཟུང་སྟེ། གཞུང་འབྲེལ་གྱི་ཐོག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་རྒྱ་ནག་གི་ཕྱི་ཕྱོགས་ན་ཡོད་པའི་ཆོས་བརྒྱུད་ཁག་གི་དབུ་འཁྲིད་རྣམས་ལ་༧སྐུའི་ཡང་སྲིད་ཐོག་མཐའ་མའི་ཐག་གཅོད་ཀྱི་དབང་ཆ་ཡོད་པ་དང་། རྒྱ་གར་གཞུང་གིས་གྲངས་ཀ་མགྱོགས་མྱུར་ངང་ཆུང་དུ་འགྲོ་བཞིན་པའི་བཙན་བྱོལ་བོད་མིར་འཛིན་པའི་སྲིད་ཇུས་ལ་བསྐྱར་ཞིབ་དགོས་པ། དེ་བཞིན་སྲིད་གཞུང་གཞན་དང་མཉམ་དུ་ཡང་སྲིད་ཀྱི་སྲིད་ཇུས་ཐོག་མཉམ་འབྲེལ་དགོས་སྐོར་བཀོད་འདུག

ཉེ་ལམ་ཨ་རིའི་གྲོས་ཚོགས་ཀྱིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་སྤྱི་མོས་ཀྱིས་གཏན་འབེབ་གནང་སྟེ། སྲིད་གཞུང་གཞན་གྱིས་ཀྱང་གཅིག་མཚུངས་ཀྱི་སྲིད་ཇུས་འཛིན་དགོས་པར་བསྐུལ་ཡོད་པ་དང་། དེ་ནི་ཨ་རི་གཞུང་གིས་རྒྱ་ནག་ཕྱོགས་ལ་ཧ་ཅང་མཁྲེགས་པའི་སྲིད་ཇུས་འཛིན་བཞིན་པ་གསལ་སྟོན་བྱས་པ་མ་ཟད། གོ་ལའི་ཐོག་༧གོང་ས་རྒྱ་མཆོག་གི་སྐུའི་ཡང་སྲིད་དང་འབྲེལ་འཐབ་རྩོད་ཅིག་བྱེད་བཞིན་པ་མཚོན་གྱི་ཡོད་སྐོར་དང་། དེ་བཞིན། མ་འོངས་པར་རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ཐག་གཅོད་བྱེད་ངེས་པ་དང་། སྐབས་དེར་རང་ཉིད་ཀྱི་དཔལ་འབྱོར་དང་ཆབ་སྲིད་ཀྱི་དབང་ཤུགས་སྤྱད་དེ། སྲིད་གཞུང་གཞན་ལའང་རང་ཉིད་ཀྱི་ཡང་སྲིད་དེར་ངོས་འཛིན་ཞུ་རྒྱུའི་གནོན་ཤུགས་སྤྲོད་རྒྱུ་ཡིན་སྟབས། ཨ་རིའི་ཁྲིམས་འཆར་གསར་པ་དེ་ནི་༧སྐུའི་ཡང་སྲིད་དང་འབྲེལ་བའི་ཡང་དག་པའི་སྲིད་ཇུས་ཤིག་ཡིན་སྐོར་བཀོད་འདུག

དེ་བཞིན་གསར་ཁང་དེའི་རྩོམ་སྒྲིག་པས། རྒྱ་གར་གཞུང་གི་ལངས་ཕྱོགས་ནི་༧གོང་ས་མཆོག་ལ་སྣེ་ལེན་ཞུ་བ་དང་། བཙན་བྱོལ་བོད་གཞུང་དང་བོད་མི་བཙན་བྱོལ་བ་མང་ཤོས་ལ་གནས་ཚང་གཡར་ཡོད་པ་དང་། རྒྱ་གར་ནང་བོད་མིའི་མགོ་ཁྲིད་ཚོར་ཆབ་སྲིད་ཀྱི་ཐོག་ནས་རྒྱ་ནག་གཞུང་ལ་ལྟ་ཚུལ་མི་བརྗོད་པར་བསྐུལ་བཞིན་ཡོད་ནའང་། ཉེ་ལམ་ལ་དྭགས་སུ་རྒྱ་དཀར་ནག་གཉིས་ཀྱི་བར་ས་མཚམས་དཀའ་རྙོག་འབྱུང་སྐབས། རྒྱ་ནག་གཞུང་གིས་རྒྱ་གར་གྱི་བྱེད་བབས་དེ་དག་ལ་རྩིས་མེད་བྱེད་ཀྱི་ཡོད་པ་མཚོན་གྱི་ཡོད་སྟབས། ༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་ནི་རྒྱ་ནག་གཞུང་གི་གལ་གནད་ཆེ་བའི་གནད་དོན་ཞིག་དང་། རྒྱ་ནག་གི་སྣང་མེད་འཇོག་མི་སྲིད་པ་ཞིག་ཡིན་སྐོར་བཀོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་སྤྱི་མོས་གཏན་འབེབས་བྱུང་ཡོད་པ་དང་། དེའི་ནང་ཨ་རི་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སྲུང་སྐྱོབ། ༧གོང་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་འགན་དབང་ནི་མགོན་པོ་གང་ཉིད་མཆོག་དང་བོད་མི་ཚོར་ཡོད་པ། དེ་བཞིན་གལ་སྲིད་རྒྱ་ནག་གཞུང་གིས་༧སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ལ་ཐེ་བྱུས་བྱས་ཚེ། འབྲེལ་ཡོད་དཔོན་རིགས་རྣམས་ཨ་རིའི་ནང་ཡོང་རྒྱུར་བཀག་འགོག་དང་ཉེས་ཆད་གཅོད་རྒྱུ་ཡིན་པ་དང་། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཁང་འཛུགས་རྒྱུའི་ཆོག་མཆན་མ་གནང་བར་དུ་ཨ་རིའི་ནང་རྒྱ་ནག་གི་གཞུང་ཚབ་ཁང་གསར་པ་འཛུགས་རྒྱུའི་ཆོག་མཆན་གནང་མི་ཆོག་པ་སོགས་བཀོད་ཡོད་པ་རེད་ལ། མི་འགྱངས་བར་ཨ་རིའི་སྲིད་འཛིན་གྱིས་མཚན་རྟགས་བསྐྱོན་གནང་ཚེ་ཨ་རིའི་ཁྲིམས་སུ་འགྱུར་གྱི་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

བོད་རེབ་གོང་རྫོང་མི་མང་སྲིད་གཞུང་ཟེར་བས་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་བསྡུ་རྒྱུ་ཡིན་པའི་བཀའ་བཏང་། ༢༠༢༣།༠༥།༢༩
Mobile App

རེབ་གོང་གི་སྡེ་བ་བརྒྱད་ཀྱི་ནང་ནས་ས་ཆ་གཞུང་བཞེས་གཏོང་རྒྱུ་ཡིན་པའི་བཀའ་བཏང་།

ཆུ་ཚོད་ ༨ སྔོན་ལ།
༧གོང་ས་མཆོག་དང་ཏུར་ཀིའི་སྲིད་འཛིན་ཨེར་ཌོ་གྷན། པར་དུས་བབ་ཀྱིས་བསྒྲིགས།
༸གོང་ས་མཆོག གསར་འགྱུར།

ཏུར་ཀིའི་སྲིད་འཛིན་ལ་བསྐྱར་དུ་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག

ཆུ་ཚོད་ ༨ སྔོན་ལ།
Representative image. Credit: DH Photo

Read more at: https://www.deccanherald.com/national/east-and-northeast/all-meat-shops-in-sikkim-to-remain-closed-till-june-4-in-view-of-tibetan-festival-1222433.html
Mobile App

ཧི་མ་ལ་ཡའི་རི་རྒྱུད་པ་ཚོས་གཞུང་འབྲེལ་ཐོག་ནས་ས་ག་ཟླ་བའི་རིང་ཤ་ཁང་སྒོ་བརྒྱབ།

ཆུ་ཚོད་ ༡༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།
Mobile App

སཱི་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད་ཅེས་གསུངས།

༢༠༢༣/༠༥/༢༦
Mobile App

རྒྱ་ནག་གཞུང་གིས་མཐའ་མཚམས་སུ་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

༢༠༢༣/༠༥/༢༦

མཆན། 1

  1. Sonam Gyaltsen says:
    ལོ་ 2 སྔོན།

    ཝཻ དུས་བབ་ཚང་ རྒྱ་གར་དང་ཨ་རིའི་གཡོ་ངན་དཀྲུག་ཤིང་བཀོད་ཀྱི་སྡད་མ་སྡད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist