མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་བོད་མི་ཚོར་དྲ་ཐོག་ནས་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༠/༡༢/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་སྤྱི་ཚོགས་དྲ་ལམ་ལ་དམ་དྲག་སྔར་ལྷག་གིས་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་གྱི་མིང་བྱང་འོག་བོད་མི་ཚོར་དྲ་ཐོག་ནས་ལྟ་སྲུང་ནན་མོ་བྱེད་ཀྱི་ཡོད་པ་རེད།རྒྱ་ནག་གིས་ཆ་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཟླ་འདིའི་ཕྱི་ཚེས་ ༢༤ ཉིན། བོད་ལྗོངས་མཉམ་སྦྲེལ་དྲ་རྒྱའི་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ལྟེ་གནས་ཟེར་བའི་དྲ་རྒྱའི་སྟེང་། དྲ་རྒྱ་དང་ཆ་འཕྲིན་བརྒྱུད་རྒྱལ་ཁབ་ཁ་བྲལ་དང་རྒྱལ་ཁབ་གཅིག་གྱུར་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་རིགས་སྤེལ་མི་ཆོག་པའི་བརྡ་ཁྱབ་ཅིག་ཡོངས་བསྒྲགས་བཏང་བའི་ནང་། མི་གཞན་ལ་རྒྱ་ནག་ནང་བཀག་སྡོམ་བྱས་པའི་ཁ་བྲལ་ལ་ངན་སྐུལ་བྱེད་པའི་དྲ་རྒྱའི་རིགས་འཚོལ་བཤེར་ལ་མཁོ་བའི་ཝི་པི་ཨེན་(VPN)བཀོལ་རྒྱུར་རམ་འདེགས་སོགས་བྱེད་མི་ཆོག་སྐོར་བཀོད་ཡོད་འདུག

དོན་ཚན་བཅུ་ཅན་གྱི་བཀག་སྡོམ་རང་བཞིན་གྱི་བརྡ་ཁྱབ་དེའི་ནང་། ལོ་རྒྱུས་ལ་འཁྱོག་བཤད་བྱེད་པ་དང་། རྒྱལ་ཁབ་ཀྱི་འདུ་ཤེས་ཞན་དུ་གཏོང་བ། དེ་བཞིན་ཆོས་ལུགས་ཀྱི་ནང་དོན་དང་ཆོས་ལུགས་ཀྱི་བྱེད་སྒོ་སོགས་ལ་ཁ་གཡར་ནས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་འགོག་རྒོལ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་ངན་སྨད་བྱེད་པ་བཅས་ཀྱི་ཆ་འཕྲིན་གཏོང་བ་དང་བརྒྱུད་སྤེལ་བྱས་མི་ཆོག ཅེས་དང་། ཕྱི་རྒྱལ་དྲིལ་བསྒྲགས་ཀྱི་གནས་ཚུལ་དང་། རྒྱལ་ཁབ་ཁ་བྲལ་གཏོང་བའི་ངན་སྐུལ་བྱེད་པ། རྒྱལ་ཁབ་གཅིག་གྱུར་ལ་གཏོར་བཤིག་གཏོང་བ་བཅས་ཀྱི་དྲ་ཚིགས་ལྟ་བ་དང་བཅར་འདྲི་བྱེད་མཁན་ལ་ཝི་པི་ཨེན་ (VPN) བཀོལ་རྒྱུར་རྒྱབ་སྐྱོར་རམ་ཡང་ན་རོགས་རམ་བྱས་མི་ཆོག དེ་བཞིན། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོ་སྒྲིག་འཛུགས་དང་། ཇུས་འགོད། ལག་བསྟར་བཅས་བྱེད་པའི་དྲ་རྒྱའི་ཚོགས་པའི་ནང་ཞུགས་མི་ཆོག་པ་དང་། རྒྱལ་ཁབ་གཅིག་གྱུར་ཡོང་བར་གཏོང་བཤིག་གཏོང་བའི་ངན་སྐུལ་གྱི་ཆ་འཕྲིན་བཟོ་བ་དང་། འདྲ་བཤུ། ཀློག་བཤེར། བརྒྱུད་སྤེལ་བཅས་བྱས་མི་ཆོག ཅེས་བཀོད་འདུགགཞན་ཡང་བརྡ་ཁྱབ་དེའི་ནང་། འཕྲིན་གཏོང་ཡོ་ཆས་དང་སྤྱི་ཚོགས་དང་འབྲེལ་བའི་གླེང་སྟེགས་ཀྱི་མཉེན་ཆས་སོགས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་མཁན་རྩ་འཛུགས་སམ། ཡང་ན་མི་སྣར་འབྲེལ་བ་བྱས་ནས་རྒྱལ་ཁབ་ཁ་བྲལ་གཏོང་བ་དང་རྒྱལ་ཁབ་གཅིག་གྱུར་ལ་གཏོར་བཤིག་གཏོང་བའི་བྱེད་སྒོ་སྤེལ་མི་ཆོག ཅེས་དང་། མ་དངུལ་དང་རྒྱལ་ཁབ་ཀྱི་གསང་བ། གསང་འཕྲིན་སོགས་མཁོ་འདོན་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱེད་སྒོ་སྤེལ་མི་ཆོག་པ། གཞན་ཡང་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་རྩ་འཛུགས་སམ་ཡང་ན་མི་སྣར་དྲིལ་བསྒྲགས་དང་དེར་རྒྱབ་སྐྱོར་བྱས་མི་ཆོག་པ་དང་། དོན་དངོས་ལ་འཁྱོག་བཤད་དང་། དཀྲོག་གཏམ་སྤེལ་བ། ཆ་འཕྲིན་རྫུན་མ་གཏོང་བ་བཅས་བྱས་ནས་མི་རིགས་དབར་གྱི་འབྲེལ་བར་དཀྲུག་ཤིང་རྒྱག་པ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་བཅས་བྱས་མི་ཆོག  ཅེས་བཀོད་ཡོད་འདུག

དྷ་སར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དེ་འབྲེལ་གནས་ཚུལ་ཞིག་སྤེལ་བའི་ནང་། ད་ལན་ལྟ་བུའི་སྤྱི་ཚོགས་བརྒྱུད་ལམ་བཀག་སྡོམ་གྱི་ལས་འགུལ་འདི་བོད་རང་སྐྱོང་ལྗོངས་གཅིག་པུ་ཙམ་མིན་པར་བོད་ས་ཡོངས་སུ་ལག་བསྟར་བྱས་ཡོད་ཅིང་། མཚོ་སྔོན་ཞིང་ཆེན་ནང་རྒྱ་ནག་ས་གནས་སྲིད་གཞུང་གིས་དྲ་ལམ་དུ་ཁྲིམས་འགལ་ཉེས་གསོག་གི་ཆ་འཕྲིན་སྤེལ་མཁན་ལ་མི་ལོ་༨ ཀྱི་ཁྲིམས་ཐག་གཅོད་རྒྱུ་ཡིན་ལུགས་བསྒྲགས་ཡོད་ལ། ཕྱི་ལོ་༢༠༡༧ ལོར་ཀན་སུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་དྲ་བའི་ཉེན་རྟོག་པས་དྲ་རྒྱ་སྤྱོད་མཁན་དང་། ལྷག་པར་དུ་སྤྱི་ཚོགས་བརྒྱུད་ལམ་གྱི་གྲོགས་ཚོམས་ཀྱི་ཚོགས་གཙོ་དང་དྲ་རྒྱ་གཉེར་མཁན་ཚོར་དྲ་ལམ་ཞིབ་བཤེར་གྱི་སྒྲིག་ཁྲིམས་བཙན་འགེལ་བྱས་ཡོད་སྐོར་དང་། རྒྱ་ནག་དམར་ཤོག་གཞུང་གིས་བཙན་དབང་གི་ཁྲིམས་སྒྲིག་ཁག་བཟོས་ཏེ་བོད་མིར་ཉེས་མེད་བསྙོན་འཛུགས་དང་། བོད་ཀྱི་སྲིད་དོན་དང་རིག་གཞུང་། དེ་བཞིན་མི་རིགས་ཀྱི་ངོ་བོ་སོགས་གླེང་སློང་བྱེད་མཁན་རིགས་ལ་ཉེས་ཆད་བཙན་འགེལ་བྱེད་ཀྱི་ཡོད་སྐོར་བཀོད་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༡༦ སྔོན་ལ།
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese