མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་འོས་བསྡུ། ང་ཚོས་འོས་བསྡུའི་ཆ་ཤས་ལེན་གྱི་མེད་པའི་རྒྱུ་མཚན་ཅི་ཞིག་ཡིན་ནམ།

བོད་ཀྱི་དུས་བབ།
༢༠༢༠/༡༢/༣༠
Share on FacebookShare on TwitterShare on EmailShare on Whatsapp

Tibetan Elections: Why are we not voting

རྩོམ་པ་པོ། ནེའུ་རྫིལན་ཌི་གནས་བཞུགས་དབང་འདུས་ཚེ་རིང་དང་བསྟན་འཛིན་བཟང་མོ།

བསྒྱུར་བ་པོ། དཀོན་མཆོག་བསྟན་འཛིན།

ཕྱི་ལོ་ ༡༩༥༢ ལོར་ཨ་མེ་རི་ཀའི་མཁས་དབང་སློབ་དཔོན་ཨབ་ར་ཧམ་ཇེ་ཧན་རི་Abraham J. Henry. མཆོག་གིས། ཨ་རི་བ་ས་ཡ་མང་པོས་རང་གི་རྒྱལ་ཁབ་ཀྱི་ཆེད་དུ་ཅིའང་བྱེད་འདོད་པ་བདེན་ཡང་འོས་བསྡུའི་ཆ་ཤས་ལེན་གྱི་མེད། ཅེས་བཤད་པ་ལྟར། དུས་རབས་ཕྱེད་ཀ་ཧྲིལ་བོ་ཕྱིན་པའི་རྗེས་སུ་བཙན་བྱོལ་བོད་མིའི་ཁྲོད་དུ་སྣང་ཚུལ་འདི་དོན་དངོས་ཤིག་ཏུ་གྱུར་ཡོད་པ་ནི། བོད་དོན་གྱི་ཕྱིར་དུ་ཅིའང་བྱེད་འདོད་ཡོད་ཀྱང་ཕལ་ཆེར་འོས་བསྡུའི་ཆ་ཤས་ལེན་གྱི་མེད་པ་དེ་རེད།

ཕྱི་ལོ་ ༢༠༠༦ ལོའི་འོས་བསྡུ་ཆེན་མོའི་སྐབས་སུ་དེབ་སྐྱེལ་བྱེད་མཁན་གྱི་གྲངས་ཀ་ ༧༠༥༠༠ བྱུང་ཡོད་ནའང་དངོས་གཞིའི་སྐབས་སུ་འོས་བླུག་མཁན ༣༧༡༤༧ ལས་བྱུང་མེད། ཕྱི་ལོ་ ༢༠༡༡ ལོའི་འོས་བསྡུའི་སྐབས་སུ་དེབ་སྐྱེལ་བྱེད་མཁན་ ༨༢༨༡༧ བྱུང་ཡོད་ཀྱང་དངོས་སུ་འོས་བླུག་མཁན་ ༤༨༤༨༢ ལས་བྱུང་མེད། ཕྱི་ལོ་ ༢༠༡༦ ལོའི་འོས་བསྡུའི་སྐབས་སུ་དེབ་སྐྱེལ་བྱེད་མཁན་ ༩༠༣༧༧ ནས་འོས་བླུག་མཁན་ ༥༨༦༡༥ ཙམ་བྱུང་ཡོད། ཡོང་རྒྱུ་ཡིན་པའི་འོས་བསྡུའི་ཆེད་ཟླ་བ་སྔོན་མར་དབུས་འོས་བསྡུ་ལས་ཁང་ནས་དེབ་སྐྱེལ་བྱ་བསྡད་རིགས་ལ་གོ་སྐབས་གཉིས་པ་ཕུལ་ཡོད། རྒྱུ་མཚན་ནི་དེ་སྔའི་འོས་བསྡུ་ཆེན་མོ་ལས་འདི་ལོར་དེབ་སྐྱེལ་བྱེད་མཁན་ ༡༠༦༨༠ ཉུང་དུ་ཕྱིན་ཡོད་པས་ཡིན།  ཐེངས་འདིར་དེབ་སྐྱེལ་བྱེད་མཁན་ ༧༩༦༩༧ ཙམ་ལས་བྱུང་མེད་པ་འདི་ནི་སྔོན་མའི་འོས་བསྡུ་སྐབས་དང་བསྡུར་ན་དེབ་སྐྱེལ་བྱེད་མཁན་བརྒྱ་ཆ་ ༡༢ མར་ཆག་ཟིན་པ་མངོན་གྱུར་རེད་འདུག  ང་ཚོའི་འོས་བསྡུའི་ལམ་ལུགས་ནི་མུ་མཐུད་སོར་གནས་བྱེད་ཡོད་པ་ལས་དུས་ཀྱི་དགོས་མཁོ་དང་བསྟུན་ནས་འགྱུར་བ་གང་ཡང་བཏང་མེད། འདས་པའི་འོས་བསྡུ་ཆེན་མོ་གསུམ་ལ་གཟིགས་ན་དེབ་སྐྱེལ་བྱས་ཟིན་མཁན་ཁྲོད་ནས་ཀྱང་ཆ་སྙོམ་བརྒྱ་ཆ་ ༤༡ ཙམ་ཤིག་གིས་མཐར་འོས་མ་བླུག་པར་ཕྱིན་ཡོད།

བཀའ་བློན་ཁྲི་བ་དང་པོ་དེ་ཕྱི་ལོ་ ༢༠༠༡ ལོར་འོས་འདེམས་གནང་ཡོད་། དེའི་བར་དུ་༸གོང་ས་སྐྱབས་མགོན་སྐུ་འཕྲེང་བཅུ་བཞི་བ་ཆེན་པོ་མཆོག་གིས་ཐད་བསྐོས་གནང་ཡོད། མི་དམངས་ཀྱི་ཐད་ཀར་འོས་འདེམས་ཀྱི་ལམ་སྲོལ་དེ་ནི་༸གོང་ས་སྐྱབས་མགོན་ཆེན་པོས་དུས་ཡུན་རིང་པོ་ཞིག་ནས་ཐུགས་རེ་གནང་བཞིན་པ་ནི། རིམ་པས་བཙན་བྱོལ་སྤྱི་ཚོགས་འདི་བཞིན་མང་གཙོ་ཚད་ལྡན་གྱི་ལམ་ལུགས་ཤིག་ཏུ་འགྱུར་ཐབས་ཀྱི་དགོངས་པ་རླབས་ཆེན་དེ་ཡིན། སྐབས་དེར་སྐྱབས་རྗེ་ཟམ་གདོང་རིན་པོ་མཆོག་འོས་བསྡུའི་ཁྲོད་རྒྱལ་ཁ་ཆེན་པོ་ཐོབ་ནས་མང་གཙོའི་ལམ་ནས་འདེམས་ཐོན་བྱུང་བའི་ཆབ་སྲིད་ཀྱི་དབུ་ཁྲིད་ཐོག་མ་དེ་ཆགས། ད་ལྟ་འཛམ་གླིང་གང་སར་ཡོད་པའི་བོད་མི་རྣམས་ཀྱིས་ཡོང་རྒྱུ་ཡིན་པའི་སྲིད་སྐྱོང་དང་བཙན་བྱོལ་བོད་མིའི་སྐབས་བཅུ་བདུན་པའི་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ལས་རིམ་ནང་མཉམ་ཞུགས་བྱེད་བཞིན་ཡོད། འོས་བསྡུའི་ལོ་རྒྱུས་ནང་བྱུང་བ་ཐོག་མ་དེ་དབུས་འོས་བསྡུ་ལས་ཁང་ནས་ཕྱི་ཟླ་བརྒྱད་པའི་ནང་ ( ང་ཚོའི་འོས་ནི།ང་ཚོའི་མ་འོངས་ཡིན།) ཞེས་པའི་སྒྲོག་ཚིག་འོག་བོད་ཡིག་ཐོག་དྲྭ་ཚིགས་ཤིག་ཐོག་མར་སྒོ་འབྱེད་བྱས་ཡོད་ཀྱང་དབྱིན་ཡིག་ཐོག་ད་དུང་སླེབས་མེད།

འཛམ་གླིང་མང་གཙོའི་སྤྱི་ཚོགས་ཁྲོད། ག་དུས་ཡིན་ཡང་འོས་བླུག་མཁན་དང་འོས་བླུག་ཐུབ་མཁན་གཉིས་ཀྱི་བར་ལ་ཧེ་བག་ཤོར་གྱི་ཡོད། འདས་པའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་གསུམ་གྱི་ཁྲོད་མི་མང་གིས་མཉམ་ཞུགས་བྱས་ཚད་དེ་ཞན་པོ་བྱུང་འདུག  བོད་པའི་སྤྱི་ཚོགས་ཁྲོད་འོས་བསྡུའི་ཆ་ཤས་ལེན་རྒྱུ་དེ་མི་སྒེར་གྱི་ཁེ་དབང་ཡིན་པ་བཞིན་དུ་ཐོབ་ཐང་ཞིག་ཀྱང་ཡིན་ལ། ཐོབ་ཐང་དེ་ནི་བོད་ནང་དུ་བཞུགས་པའི་རང་རིགས་སྤུན་ཟླ་ཚོས་ལོངས་སུ་སྤྱོད་མི་ཐུབ་པའི་ཐོབ་ཐང་ཞིག་ཡིན། དེར་བརྟེན་བཙན་བྱོལ་ནང་ཡོད་པའི་བོད་མི་རེ་རེས་གཞིས་བཞུགས་བོད་རིགས་སྤུན་ཟླ་བརྒྱ་ཆ་དགུ་བཅུ་དགོ་བརྒྱད་ཙམ་གྱི་མངོན་འདོད་བསྒྲུབ་རྒྱུར་འགན་ཁྲིད་འཕར་མ་བཞེས་དགོས།

ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་སླེབས་ལ་ཉེ་བའི་སྐབས་འདིར་མི་མང་ཁྲོད་སྒུལ་སྐྱོད་དང་བགྲོ་གླེང་སོགས་ཤུགས་ཆེར་འགྲོ་བཞིན་པ་དང་། དེའང་རིམ་གྱིས་ཚོར་ཤུགས་ཆེན་པོའི་ངོ་བོར་འཕོས་བཞིན་ཡོད། ང་ཚོས་མཐོང་རྒྱུར་ལྷག་ཡོད་པ་ནི་འདི་ལྟ་བུའི་ཚོར་ཤུགས་ཆེན་པོ་དེ་འོས་བསྡུའི་ནང་དངོས་སུ་ཞུགས་རྒྱུ་དེ་ཡིན་ཡང་། ད་བར་ཕྱི་ལོ་ ༢༠༢༡ ལོའི་འོས་བསྡུའི་ཆེད་དེབ་སྐྱེལ་བྱེད་མཁན་གྲངས་༧༩༦༩༧ ཙམ་ལས་བྱུང་མེད་། འདས་པའི་འོས་བསྡུ་ཆེན་མོ་གསུམ་གྱི་ནང་དེབ་སྐྱེལ་ཟིན་པ་བརྒྱ་ཆ་བཞི་བཅུ་ཞེ་གཅིག་[i]ཙམ་གྱི་འོས་འཕང་མེད། གལ་ཏེ་དེ་ལྟར་རང་སོར་གནས་ན་ལོ་རྗེས་མར་དངོས་སུ་འོས་བླུག་མཁན་གྱི་གྲངས་ཀ་དེ་ ༤༧༠༢༢ ཙམ་ལས་མེད་པའི་ཉེན་ཁ་འདུག

འོག་གི་དཔེ་རིས་རག་ཟིན་ཁག་གི་ནང་སྔོན་མའི་འོས་བསྡུ་ཆེན་མོ་གསུམ་གྱི་སྐབས་སུ་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་འོས་བླུག་འདོད་མཁན་(དེབ་སྐྱེལ་བྱས་ཟིན་པ) དང་དངོས་སུ་འོས་བླུག་མཁན་ཉུང་དུ་སོང་ཡོད་པ་བསྟན་ཡོད།

འདས་པའི་འོས་བསྡུ་ཆེན་མོ་གསུམ་ནང་རྒྱ་བལ་འབྲུག་གསུམ་ནང་ཆ་སྙོམ་དེབ་སྐྱེལ་ཟིན་པའི་ཁྲོད་ནས་མི་གྲངས་ ༢༨༩༥༩ ཙམ་མམ་ཡང་ན་བརྒྱ་ཆ་ ༤༢ ཙམ་གྱི་འོས་བླུག་མི་འདུག འདས་པའི་འོས་བསྡུ་ཆེན་མོ་གསུམ་ནང་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཆ་སྙོམ་དེབ་སྐྱེལ་ཟིན་པའི་མི་གྲངས་ནང་ནས་བརྒྱ་ཆ་ ༣༩ ཙམ་གྱི་འོས་བླུག་མི་འདུག

དབུས་འོས་བསྡུ་ལས་ཁང་ནས་གསལ་བསྒྲགས་བྱས་པ་ལྟར་ན་ཕྱི་ལོ་ ༢༠༢༡ ལོའི་འོས་བསྡུའི་ཆེད་ད་བར་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་དེབ་སྐྱེབ་བྱས་ཟིན་མཁན་གྲངས་ ༢༤༠༡༤ ཙམ་ལས་བྱུང་མེད་པ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྡོད་མཁན་ཁྲོད་དེབ་སྐྱེལ་བྱེད་ཐུབ་མཁན་གྱི་གྲངས་ཚད་དེ་ ༥༥༦༠༥ ཡིན་པས་དོན་ལ་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་མི་གྲངས་བརྒྱ་ཆ་ ༥༧ གྱིས་ད་དུང་དེབ་སྐྱེལ་བྱས་མེད།

དེའི་རྒྱུ་མཚན་ནི་མི་མང་ལ་དོ་སྣང་མེད་པ་དང་། ཤེས་རྟོགས་ཀྱིས་ཕུངས་བ། ཆབ་སྲིད་ཀྱི་བྱེད་སྒོ་ཁག་ལ་མཉམ་ཞུགས་བྱེད་ཚད་ཉུང་བ་སོགས་ཡིན་སྲིད་པའི་ཁར། ལྷག་དོན་འོས་བསྡུའི་ལམ་ལུགས་དེ་དེ་ཙམ་སྟབས་བདེ་བོ་མེད་པས་ཡིན་པ་ནི་རྒྱུ་མཚན་གྱི་ཆ་ཤས་ཆེ་ཤོས་དེ་ཡིན་ཆོག་པ་རེད། དེ་བཞིན་རྒྱུ་རྐྱེན་གཞན་དག་ནི་ང་ཚོའི་སྤྱི་ཚོགས་འདི་སྤྱི་ཚོགས་གཞན་དང་མི་འདྲ་བར་ལྷག་པར་ཏུ་འབྲོག་པ་ལྟར་རྩ་ཆུ་བཟང་སར་གནས་སྤོས་ཤུགས་ཆེན་བྱེད་མཁན་ཞིག་ཡིན་པ་ནི། ད་ལྟ་ཨ་རི་མེ་རི་ཀ་དང་། ཡོ་རོབ། ཨོ་སི་ཊི་ལེ་ཡ། ཨེ་ཤ་ཡ་སོགས་རྒྱལ་གཞན་གང་སར་འཐོར་ཡོད་པ་འདི་ཡིན་ལ། འདིའང་དཀའ་ངལ་འཕར་མ་ཞིག་ཡིན།

འོས་བསྡུའི་དེབ་སྐྱེལ་མ་བྱས་སྔོན་ལ་དཔྱ་ཁྲལ་ལག་དེབ་ཡོད་དགོས་པ་དང་གལ་སྲིད་རང་ཉིད་གནས་ཡུལ་རྒྱལ་ཁབ་དེར་ཟླ་བ་བཅུ་གཉིས་སམ་དེ་ལས་མང་བ་བསྡད་ན། དེའི་རྗེས་སུ་ས་གནས་དེ་རང་ནས་དཔྱ་ཁྲལ་འབུལ་དགོས་ཀྱི་ཡོད་པ་རེད། བོད་མི་མང་པོ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འགྲོ་དུས་རང་རང་གི་དཔྱ་ཁྲལ་ལག་དེབ་མཉམ་འཁྱེར་མ་བྱེད་པར་ཤུལ་དུ་འཇོག་པ་དང་། ཡང་ན་ཤུལ་ལུས་ཀྱི་ནང་མི་ཚོས་དཔྱ་ཁྲལ་སྤྲོད་པ། སྣང་མེད་དུ་འཇོག་པ་སོགས་ཀྱི་གནས་ཚུལ་འབྱུང་བཞིན་ཡོད། འོས་བསྡུའི་ཆ་ཤས་ལེན་རྒྱུར་འགག་རྐྱེན་གཞན་ཞིག་ནི་དཔྱ་ཁྲལ་ལག་དེབ་རྩ་བ་ནས་མེད་པའམ་ཡང་ན་བརླགས་པ། དཔྱ་ཁྲལ་དུས་ལྟར་སྤྲོད་འཇལ་མ་ཐུབ་པ་དང་དེ་ལ་མཁོ་བའི་ཐབས་ལམ་མ་བཙལ་བ་སོགས་ཀྱི་རྐྱེན་པས་འོས་བསྡུའི་དེབ་སྐྱེལ་བྱེད་ཐུབ་ཀྱི་མེད་པ་རེད། དཔྱ་ཁྲལ་ལག་དེབ་ནི་འོས་བསྡུའི་ཁྲོད་ཆ་རྐྱེན་གལ་ཆེ་ཤོས་གཅིག་ཡིན་པ་ལྟར། གློག་རྡུལ་གྱི་ལམ་བརྒྱུད་ནས་སྔར་གྱི་ཤོག་བུ་ལ་བརྟེན་པའི་ལམ་སྲོལ་དེར་བསྒྱུར་བཅོས་དང་། དྲྭ་ཐོག་ནས་དཔྱ་ཁྲལ་སྤྲོད་འཇལ་ཐུབ་པའི་ལམ་ཀ་ཞིག་བཟོ་ཐུབ་ན་དེས་འཛམ་གླིང་ཡུལ་ཕྱོགས་གང་སར་སྙོབས་ཐུབ་པ་ཡིན།

འོས་བསྡུའི་དེབ་སྐྱེལ་གྱི་དུས་ཡུན་འཕར་འགྱངས་བྱེད་པ་ནི་གནད་དོན་འདི་སེལ་བའི་ཐབས་ལམ་ཞིག་མ་ཡིན་ཏེ་དོན་ལ་དུས་ཚོད་ཕར་འགྱངས་ཙམ་ལས་ཐ་མའི་གྲུབ་འབྲས་ནི་གཅིག་པ་ཆགས་ངེས་ཡིན། འོས་བསྡུའི་ལས་རིམ་དེ་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཡོད་པ་ཞིག་ཏུ་བསྒྱུར་ཆེད་འོས་བསྡུ་ལས་ཁང་ནས་ངེས་པར་དུ་དུས་ཚོད་དང་ནུས་པ་གང་ཡོད་སྦྱོར་གཏོང་བྱ་དགོས་ངེས་ཡིན། མི་འབོར་ཞིབ་བཤེར་དང་འདས་པའི་འོས་བསྡུའི་ཉམས་མྱོང་། མི་འབོར་གནས་སྤོར། ཉེ་བའི་འཆར་མི་མང་ལ་བཅར་འདྲི་སོགས་བརྒྱུད་ཤེས་རྟོགས་གང་བྱུང་བ། ཏོག་དབྱིབས་གཉན་རིམ་གྱི་གནས་སྟངས་སོགས་ལ་རྒྱུས་ལོན་བྱས་པའི་གྲུབ་དོན་ནི། དེབ་སྐྱེལ་བྱེད་སླ་བ་དང་འོས་བླུག་བདེ་བའི་(‘Easy Enrol, Easy Vote’)ལམ་ལུགས་ཤིག་དགོས་པ་དེ་ཡིན་ལ། དེས་འཛམ་གླིང་གང་སར་འཐོར་ཡོད་པའི་བོད་མི་རྣམས་ཀྱི་དཀའ་ངལ་ལ་ཐབས་ལམ་སྟོན་ཐུབ།

དེབ་སྐྱེལ་བྱེད་སླ་བ་དང་འོས་བླུག་བདེ་བའི་ལམ་ལུགས། བོད་མི་རྣམས་འོས་འསྡུའི་ནང་ཞུགས་ཆེད་ཐོ་འགོད་བྱེད་རྒྱུ་ལས་སླ་བོ་དང་སྟབས་བདེ་བོ་ཡིན་དགོས། འོས་བསྡུ་ལས་ཁང་གི་དྲྭ་རྒྱ་བརྒྱུད་ནས་ཐོ་འགོད་བྱེད་ས་བཟོ་རྒྱུ་དང་། རིན་མེད་ཁ་པར་ཨང་གྲངས་ (toll-free number ) བརྒྱུད་འཛམ་གླིང་གི་ས་ཕྱོགས་གང་དུ་ཡོད་ཀྱང་དཔྱ་ཁྲལ་ལག་དེབ་ཀྱི་ཨང་གྲངས་དེ་དོ་བདག་རང་རང་གི་ངོ་འཛིན་དུ་བཀོལ་སྤྱོད་ཀྱིས་ཐོ་འགོད་བྱ་ཐུབ་པའི་བརྒྱུད་ལམ་བཟོ་ཆོག བཙན་བྱོལ་བོད་མིའི་འབྲི་ཀློག་ཤེས་ཚད་དེ་བརྒྱ་ཆ་ ༩༤[ii] ཡིན་ལ་དེ་ནི་རྒྱལ་སྤྱིའི་ཆ་སྙོམ་འབྲི་ཀློག་ཤེས་ཚད་ཀྱི་གྲངས་ཐོ་ལས་བརྒལ་ཡོད་པ་དང་། རྩིས་འཕྲུལ་སོགས་གློག་གི་བརྒྱུད་ལམ་ལ་གོ་རྟོགས་མེད་མཁན་ཞིག་ཡིན་ན་དོ་བདག་རང་ཉིད་དངོས་སུ་འགྲོ་བའམ་རིན་མེད་ཁ་པར་ཨང་གྲངས་བརྒྱུད་འོས་བསྡུའི་ཐོ་འགོད་བྱེད་ཆོག་པ་ཡིན། ཐོ་འགོད་བྱས་པའི་རྗེས་སུ་འོས་བསྡུ་ལས་ཁང་ནས་དྲྭ་ཐོག་གམ་ཡང་ན་དངོས་སུ་འོས་བླུག་ཆོག་པའི་ལག་འཁྱེར་(voter ID)སྤྲོད་ཆོག  ཐབས་ལམ་འདི་བརྒྱུད་དུས་ཚོད་མང་པོ་གཏོང་མི་དགོས་པ་དང་། སྟབས་བདེ་བོ་ཡོད་པ། ནུས་པ་ལྡན་པ། ཁོར་ཡུག་སྲུང་སྐྱོབ། ཤོག་བུ་སོགས་ཀྱི་འགྲོ་གྲོན་མི་དགོས་པ་སོགས་ཀྱིས་མི་སྔར་ལས་མང་པོར་འོས་བསྡུའི་ཐོ་འགོད་བྱ་རྒྱུར་སྐུལ་མ་གཏོང་ཐུབ་པ་ཡིན།

འོས་བསྡུའི་དེབ་སྐྱེལ་བྱས་ཟིན་པའི་རྗེས་སུ་ཡིན་ནའང་། ཡང་དཔྱ་ཁྲལ་ལག་དེབ་བོར་བརླག་ཏུ་ཕྱིན་པ་དང་རང་དང་མཉམ་དུ་མེད་པ་སོགས་ཀྱི་གནས་ཚུལ་བྱུང་ན་དེ་མ་ཐག་སླར་ཡང་དཔྱ་ཁྲལ་ལག་དེབ་གསར་བཟོ་བྱེད་རྒྱུར་བརྒྱུད་རིམ་མང་པོ་འགྲོ་དགོས་པའི་དུས་ཚོད་ཀྱི་རྐྱེན་པས་འོས་བླུག་ཐུབ་རྒྱུ་མི་སྲིད་པ་ཞིག་ཡིན་པ་ལྟར། འོས་བླུག་ཆོག་པའི་ལག་འཁྱེར་(voter ID )སྤྲོད་པའི་ཐབས་ལམ་འདི་བརྟེན་ན་འོས་བསྡུའི་ནང་ཞུགས་མཁན་གྱི་གྲངས་ཚད་མཐོ་རུ་གཏོང་ཐུབ་པ་ཡིན། ཕྱོགས་གཞན་ཞིག་ནས་དྲྭ་ཐོག་ནས་འོས་བླུག་ཆོག་པའི་ངོ་སྤྲོད་ལག་འཁྱེར་དེ་ག་དུས་ཡིན་ནའང་འཕབ་ལེན་བྱེད་ཐུབ། དྲྭ་ལམ་བརྒྱུད་འོས་བླུག་ཐུབ་པ་བཟོ་རྒྱུ་དེ་ནི་དངོས་སུ་ལག་བསྟར་བྱེད་ཐུབ་པ་ཞིག་ཡིན་ནའང་དེ་ལ་དུས་ཚོད་ཅུང་དགོས་ངེས་ཡིན། སྦྲགས་ཐོག་བརྒྱུད་འོས་བླུག་ཐུབ་པ་བཟོ་རྒྱུ་ནི་འབྱུང་འགྱུར་དུས་ཚོད་ཐུང་ངུ་ཞིག་གི་ནང་དུ་ལག་ལེན་ལ་འཁེལ་ཐུབ་པ་ཞིག་ཡིན། བོད་མི་རྣམས་འཛམ་གླིང་གི་གྲོང་ཁྱེར་དང་གྲོང་བརྡལ། གྲོང་གསེབ་སོགས་གང་སར་འཐོར་ཡོད་པ་དང་། རྐྱེན་གཞན་ཞིག་ནི་དུས་ཚོད་དང་འགྲུལ་བཞུད་ཀྱི་རྐྱེན་པས་མི་མང་པོ་ཞིག་འོས་བླུག་སར་ཡོང་ཐུབ་རྒྱུར་འགག་རྐྱེན་བཟོ་བཞིན་ཡོད། དེ་བཞིན་དུ་མི་མང་པོ་ཞིག་ལ་གཟུགས་གཞིའི་གནས་བབ་ཀྱི་དབང་གིས་འོས་བསྡུའི་ཆ་ཤས་ལེན་ཐུབ་ཀྱི་མེད། དོ་བདག་རང་ཉིད་ངོ་སྤྲོད་བརྒྱུད་སྦྲགས་ཐོག་ནས་འོས་ཐུབ་པའི་ལམ་སྲོལ་ལག་བསྟར་བྱེད་པས་ང་ཚོའི་འོས་བསྡུའི་བརྒྱུད་རིམ་དེ་སྔར་བས་ལས་སླ་རུ་གཏོང་ཐུབ།

རྩིས་འཕྲུལ་དང་འཕྲིག་ཡིག་གི་ལམ་ནས་བོད་མི་རེ་རེ་ལ་སྙོབས་ཐུབ་པ་ཡིན། སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་སྙན་ཐོ་ལྟར་ན། ཅེག་སྤྱི་མཐུན་རྒྱལ་ཁབ་ཏུ་བོད་མི་གསུམ་དང་འ་ཨའེ་སེ་ལན་ཊི་ (Iceland) དུ་བོད་མི་བརྒྱད་འདུག གལ་སྲིད་བོད་མི་འདི་དག་དང་ཁོང་ཚོ་ལྟ་བུའི་ཚོགས་སྡེ་ཆུང་ངུ་དག་ལ་འཕྲིན་ཡིག་བརྒྱུད་འོས་བླུག་ཐུབ་པའི་ཆ་རྐྱེན་སྐྲུན་ཐུབ་ན་དེ་ནི་ང་ཚོའི་འོས་བསྡུའི་ལམ་ལུགས་ཁྲོད་གོམ་སྟབས་ཆེན་པོ་ཞིག་སྤོས་ཟིན་པ་ཡིན། དཔེར་ན། ནེའོ་རྫེ་ལན་ཌི་ (New Zealand) ནང་ལ་མཚོན་ན། ཝ་ལེན་ཊོན་ (Wellington) དུ་བོད་མི་གཅིག་ཁོ་ན་ཡོད་པ་དང་། ཁོང་སྔོན་འགྲོ་དང་དངོས་གཞིའི་འོས་ལྡུག་ཆེད་ཨོག་ལན་ཌི་(Auckland )ལ་འགྲོ་ན་གནམ་གྲུ་དང་ཡང་ན་ཆུ་ཚོད་བརྒྱད་རིང་རླངས་འཁོར་བཏང་ནས་འགྲོ་དགོས་ལ། དེ་བཞིན་དུ་བོད་མི་མང་པོ་ཞིག་ལ་དེ་མཚུངས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པས་རྒྱུ་རྐྱེན་འདི་དག་ནི་འགག་རྐྱེན་ཆེན་པོ་ཞིག་དང་རྒྱུ་མཚན་ལྡན་པ་ཞིག་ཏུ་གྱུར་ཡོད། གོང་དུ་བཤད་ཟིན་པ་ལྟར་ང་ཚོའི་སྤྱི་ཚོགས་ཀྱི་གནས་སྟངས་ནི་དམིགས་བསལ་ཅན་ཞིག་ཡིན་པས་ཁྲིམས་སྲོལ་གཅིག་ཁོ་ན་ལ་བརྟེན་མི་ཐུབ།

དེ་བཞིན་རྒས་གསོ་ཁང་ནས་ཀྱང་འོས་བླུག་ཐུབ་པ་བཟོ་དགོས། བཙན་བྱོལ་ནང་གི་རྒས་གསོ་ཁང་ཕལ་ཆེར་ཚང་མ་ས་གནས་དེ་གའི་གཞིས་མགོའི་ཁྱབ་ཁོངས་སུ་ཡོད། ད་ལྟའི་ནད་ཡམས་འདིའི་རྐྱེན་པས་དང་གཞན་ལོ་ནའི་གནས་བབ། གཞན་ཡང་རྒྱུ་མཚན་དུ་མས་ཐེངས་འདིར་རྒས་ཁོག་མང་པོས་ཕལ་ཆེར་འོས་བསྡུའི་ཆ་ཤས་ལེན་མི་ཐུབ་པ་ཆགས་རྒྱུ་ཡིན། རྒས་གསོ་ཁང་འདི་ཚོར་དུས་རྒྱུན་ལྟ་རྟོགས་དང་། དེ་གར་ཡོད་པའི་ལས་ཀྱི་སྣེ་མོ་བ་ཚོ་འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་སྐབས་སུ་ལམ་སྟོན་གསལ་བོ་དང་རྟོག་ཞིབ་ཀྱི་འོག་ནས་འོས་བསྡུའི་ལས་བྱེད་ལ་བསྐོ་བཞག་གི་ཐོག་ནས་ནས་ལས་ཀ་བྱེད་ཆོག  གཞན་ཞིག་ནི་ད་ལྟ་ང་ཚོས་སྨན་ཁང་ནས་ཀྱང་འོས་བླུག་ཐུབ་ཐབས་བྱ་དགོས། ཟུར་བཀག་ནད་པ་དང་རང་གིས་རང་ཉིད་ཟུར་བཀག་གིས་བསྡད་ཡོད་པ་ཚོ་ལ་འོས་བསྡུ་ལས་ཁང་གི་ངོས་ནས་ས་གནས་སོ་སོའི་ཐེམ་སྤང་གི་རིམ་པ་ལ་དཔག་པའི་འཆར་གཞི་སྒྲིག་ཐུབ་དགོས།

ཡང་ས་གནས་དམིགས་གསལ་བ་གཏན་འཇགས་གཞིས་ཆགས་ཀྱི་ལས་ཁུངས་ཡོད་ས་དང་དོན་གཅོད་ལས་ཁུངས་ཡོད་པ་གང་ཞིག་ལ་མི་གྲངས་ཆིག་སྟོང་གི་སྒང་ན་ཡོད་ཚེ་དུས་ཚོད་སྔར་སྣུར་གྱི་འོས་བསྡུ་ལས་རིམ་སྤེལ་ཐུབ་ན། ས་གནས་གཅིག་ལ་མི་མང་པོ་ཉིན་གཅིག་དུས་གཅིག་ལ་ཚང་འཛོམས་མི་དགོས་པས། ནད་ཡམས་སོགས་ཀྱི་དུས་སུ་མི་མང་འདུ་འཛོམས་གྱི་དཀའ་ངལ་ཡོད་པ་རྣམས་སེལ་ཐུབ། དུས་ཚོད་སྔར་སྣུར་གྱི་འོས་བླུག་རྒྱུའི་ལས་འགུལ་དེ་དངོས་གཞིའི་འོས་བསྡུའི་ཉིན་མ་མ་སླེབ་གོང་གི་བདུན་ཕྲག་གཉིས་ཀྱི་སྔོན་ལ་སྤེལ་ཐུབ་ན་དེས་མི་མང་པོར་འོས་བསྡུའི་ཆ་ཤས་ལེན་རྒྱུར་སྟབས་བདེ་བོ་ཡོང་ཐུབ། ཐབས་ལམ་འདི་ཧ་ཅང་གྲུབ་འབྲས་ཅན་ཞིག་ཡིན་པ་འདས་མ་ཐག་པའི་ནེའོ་རྫེ་ལན་ཌི་དང་ཨ་རིའི་འོས་བསྡུའི་རིམ་པ་ནས་རྟོགས་ཐུབ།

ཨ་རིའི་འོས་བསྡུ་ཆེན་མོ་ད་ལོ་སྟེ་ཕྱི་ལོ་ ༢༠༢༠ ཟླ་ ༡༡ ནང་འགོ་བཙུག་པ་དང་ཐེངས་འདིའི་འོས་བསྡུའི་ཁྲོད་ཆ་ཤས་ལེན་མཁན་གྱི་གྲངས་འབོར་ནི་འདས་པའི་ལོ་ངོ་བརྒྱ་དང་ཉི་ཤུའི་རིང་གི་ཨ་རིའི་འོས་བསྡུའི་ཁྲོད་ནས་མི་མང་མཉམ་ཞུགས་བྱེད་ཚད་མཐོ་ཤོས་དེ་ཆགས་ཡོད། མ་མཐའ་ཡང་ཨ་རི་བ་ས་ཡ་བརྒྱ་དང་ལྔ་བཅུ་ང་བརྒྱད་གྲངས་ཆུང་བརྒྱད་ཀྱིས་ཆ་ཤས་ལེན་ཐུབ་ཡོད་པས། སྔོན་མའི་འོས་བསྡུའི་སྐབས་སམ་ཕྱི་ལོ་ ༢༠༡༦ ལོར་ཆ་ཤས་ལེན་མཁན་གྱི་གྲངས་ཚད་ས་ཡ་བརྒྱ་དང་སུམ་ཅུ་སོ་བདུན་གྲངས་ཆུང་ལྔ་བྱུང་ཡོད་པ་དེ་དང་བསྡུར་ན་ཐེངས་འདིར་ས་ཡ་ཉི་ཤུ་མང་དུ་ཕྱིན་ཡོད། ཁྱད་པར་དེ་འདྲ་ཞིག་ཤོར་བའི་རྒྱུ་མཚན་ནི་དུས་ཚོད་སྔར་སྣུར་གྱི་ཐབས་ལམ་བརྒྱུད་ཨ་རི་བ་ས་ཡ་བརྒྱ་དང་གཉིས་ལ་ཉེ་བ་ཞིག་གིས་འཕྲིན་ཡིག་དང་དོ་བདག་རང་ཉིད་དངོས་སུ་བཅར་ནས་འོས་བླུག་ཟིན་པས་ཡིན། དེར་བརྟེན། འོས་བསྡུའི་ཆ་ཤས་ལེན་རྒྱུའི་ལམ་ཀ་ལས་སླ་རུ་བཏང་ན་མི་དེ་ལས་མང་བ་མཉམ་ཞུགས་བྱ་ངེས་ཡིན།

འོས་བསྡུ་ལས་ཁང་གི་ངོས་ནས་བོད་མི་རྣམས་ལ་ནུས་པ་ལྡན་པའི་ངང་ཇི་ལྟར་འབྲེལ་བ་འཛིན་རྒྱུར་ཤེས་རྟོགས་ཡོང་བ་ལ་འཛམ་གླིང་གང་སར་འཐོར་ཡོད་པའི་བོད་མི་རྣམས་ཀྱི་ས་གནས་ཁག་གི་གནས་སྟངས་ལ་ཐག་ཉེ་ས་ནས་གོ་རྟོགས་ཡོད་དགོས་པ་ཡིན།  ཕྱི་ལོ་ ༢༠༡༩ ལོར་བཏོན་པའི་མི་འབོར་གྲངས་བཤེར་[iii]གྱི་སྙན་ཐོ་མཐའ་མ་ལྟར་ན། རྒྱལ་བལ་འབྲུག་གསུམ་དུ་བོད་མི་ ༧༧༣༣༢ ཡོད་པ་དང་། ཉེ་བའི་ཆར་བོད་མིའི་སྒྲིག་འཛུགས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩས་ལྷོ་ཨེ་ཤ་ཡའི་ཕྱི་ལོགས་ཀྱི་བོད་མིའི་ཚོགས་སྡེ་ཞིབ་འཇུག་གི་སྔོན་འགྲོའི་སྙན་ཐོ་ཞིག་བཏོན་པའི་ནང་དུ། བོད་མི་འདུས་སྡོད་ས་ཁུལ་གཙོ་བོ་གསུམ་དེ་རྒྱལ་བལ་འབྲུག་གསུམ་གྱི་ཕྱི་ལོགས་སུ་བོད་མིའི་མི་འབོར་སྟེང་ཉམས་ཞིབ་ཅིག་བྱས་ཡོད་ལ། ཁོ་ཚོའི་སྙན་ཐོའི་ནང་དུ་ཐོན་པ་ལྟར་ན་བོད་མི་གྲངས་ ༦༢༤༧༧ ཡས་མས་ཤིག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པ་བཤད་ཡོད་ཀྱང་རྩིས་ཞིབ་འདིར་མཉམ་ཞུགས་བྱེད་མཁན་ཉུང་བའི་རྒྱུ་མཚན་གྱིས་བརྒྱ་ཆ་བཅུ་ནས་བཅོ་ལྔ་བར་གྲངས་ཐོ་འདི་ཡར་ཕར་སྲིད།

མི་འབོར་ཞིབ་འཇུག་གི་སྙན་ཐོ་འདི་ལྟར་ན་ད་ལྟའི་བཙན་བྱོལ་བོད་མིའི་མི་འབོར་དེ་ ༡༣༩༨༠༩ ཡས་མས་ཤིག་ཡིན་པ་དང་། སྙན་ཐོ་འདི་ལྟར་ན་བྱང་ཨ་རིའི་ཁུལ་དུ་བོད་མི་བྱིས་པ་རང་ལོ་ལྔ་ནས་བཅོ་བརྒྱད་བར་ ༤༠༠༠ དང་ཁྱོན་བསྡོམས་བོད་མིའི་མི་འབོར་ ༣༦༠༩༨ ཡིན་པ་བཤད་ཡོད། ཞིབ་འཇུག་གི་སྙན་ཐོ་འདི་གཞི་ལ་བཞག་ནས་ཚོད་རྩིས་ཤིག་བརྒྱབས་ན། བཙན་བྱོལ་བོད་མིའི་བརྒྱ་ཆ་བཅུ་གཅིག་རང་ལོ་བཅོ་བརྒྱད་ཀྱི་འོག་ཡིན་ན། འོས་བླུག་རྒྱུའི་ཐོབ་ཐང་ཡོད་པའི་རྒན་པའི་ཁྲོད་ནས་བརྒྱ་ཆ་སུམ་ཅུ་སོ་དྲུག་ (༤༤༧༣༣)[iv]གིས་ཡོང་རྒྱུ་ཡིན་པའི་འོས་བསྡུའི་ཆེད་ད་དུང་དེབ་སྐྱེལ་བྱས་མེད་པ་རྟོགས་ཐུབ། དེར་བརྟེན། བོད་མིའི་ལས་ཁུངས་ཁག་དང་བོད་རིགས་སྤྱི་མཐུན་ཚོགས་པ་སོགས་ཀྱིས་འོས་ཤོག་གི་ཡོང་ཁུངས་མི་འབོར་བརྒྱ་ཆ་སུམ་ཅུ་སོ་དྲུག་འདི་ལ་ཞིབ་འཇུག་བྱ་དགོས་པ་ཡིན།ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྤོས་བྱེད་འཁན་གྱི་གྲངས་ཚད་དེ་འཕེལ་བཞིན་པ་དང་བསྟུན་ས་གནས་སོ་སོའི་དགོས་མཁོ་ལ་གཞིར་བཞག་ནས་བེད་སྤྱོད་གཏོང་སླ་བ་དང་སྐད་ཡིག་སྣ་འཛོམས་ཅན་གྱི་དྲྭ་ཚིགས་བཟོ་དགོས། ད་ལྟ་བཙན་བྱོལ་བོད་མིའི་མི་འབོར་དེ་བརྒྱ་ཆ་ཕྱེད་ཀ་དང་ཕྱེད་ཀ་[v]བྱས་ནས་ཤར་ཕྱོགས་དང་ནུབ་ཕྱོགས་གཉིས་སུ་འཐོར་ཡོད་པ་དང་ལྷན། ཕྱིའི་སྐད་ཡིག་འབྲི་ཀློག་ཁོ་ན་ལས་མི་ཤེས་མཁན་གྱི་གྲངས་འབོར་དེ་ཆེན་པོ་ཡིན། ཁོ་ཚོ་འོས་ཤོག་ཁྲོད་མཉམ་ཞུགས་ཡོང་ཆེད་འོས་བསྡུ་ལས་ཁང་ནས་བོད་ཀྱི་བརྙན་འཕྲིན་ཚན་པས་(Tibet TV )བྱས་ཟིན་པ་ལྟར་བྱ་དགོས། བོད་མིའི་སྒྲིག་འཛུགས་ལ་འོས་བསྡུའི་དྲྭ་ཚིགས་དེ་སྐད་ཡིག་སྣ་མང་གི་ནང་བཟོ་རྒྱུའི་ཆ་རྐྱེན་ཚང་མ་ལྡན་ཡོད། ཐབས་ལམ་འདིས་བོད་མི་རྣམས་ལ་འོས་བསྡུའི་སྐོར་ཤེས་རྟོགས་དང་གོ་རྟོགས་ངེས་ཅན་སྤྲོད་སྤེལ་ཐུབ་པ་མ་ཟད། དེ་ལ་བརྟེན་ནས་འོས་བསྡུའི་ཆ་ཤས་ལེན་མཁན་གྱི་གྲངས་འབོར་ཡང་འཕར་ངེས་ཡིན། འདས་པའི་ལོ་བཅུ་ནང་བོད་མིའི་མི་འབོར་ ༤༢༤༤༩ ཡས་མས་ཤིག་ནུབ་ཕྱོགས་ཡུལ་གྲུ་ཁག་ལ་གནས་སྤོར་བྱེད་པའི་གནས་སྟངས་འདི་མུ་མཐུད་དུ་འགྲོ་ཚེ། ཕྱི་ལོ་ ༢༠༣༠ བར་རྒྱ་བལ་འབྲུག་གསུམ་དུ་བོད་མིའི་གྲངས་འབོར་ ༣༥༠༠༠ ཙམ་ལས་མི་ལྷག  ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་མིའི་གྲངས་འབོར་དེ་ལྟར་ཆགས་ན་འོས་བསྡུའི་ལམ་སྲོལ་ལ་འགྱུར་བ་ངེས་ཅན་ཞིག་གཏོང་དགོས་པ་ནི་སྔར་ལས་ཀྱང་དགོས་མཁོ་ཆེ་བ་ཞིག་ཏུ་གྱུར་ཡོད།དབུས་བོད་མིའི་སྒྲིག་འཛུགས་ལ་ཆབ་སྲིད་ཚོགས་པ་ཕན་ཚུན་གྱིས་འོས་བསྡུ་འགྲན་རྩོད་ཀྱི་ལམ་ལུགས་མེད་པས་ན་སྤྱི་འཐུས་དང་སྲིད་སྐྱོང་གཅིག་བུ་འདེམས་རྒྱུ་དེ་ཡིན། གནས་ཚུལ་ནི་ལམ་ཀ་འདྲ་མིན་ནས་རག་པ་དང་ལྷག་པར་དུ་ད་ལྟའི་ཆར་སྤྱི་ཚོགས་དྲྭ་རྒྱ་ནི་གནས་ཚུལ་གྱི་ཡོང་ཁུངས་དང་བརྒྱུད་ལམ་གཙོ་བོ་ཞིག་ཏུ་གྱུར་ཡོད། དེ་དང་མཉམ་དུ་འཛམ་གླིང་མང་གཙོའི་སྤྱི་ཚོགས་གཞན་ལྟར་འོས་བསྡུའི་ལས་རིམ་ཁྲོད་ཕན་ཚུན་ལ་དགག་བཞག་དང་མིང་འཆལ་བཟོ་བའི་བྱ་སྤྱོད་དེའང་བོད་མིིའི་སྤྱི་ཚོགས་ཁྲོད་ཡོངས་སུ་དར་ཁྱབ་ཕྱིན་ཡོད། དེར་བརྟེན། འོས་བླུག་མཁན་གྱི་མི་མང་གི་གོ་རྟོགས་མཐོ་རུ་གཏོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཞིག་ཡིན་པ་ལྟར། དབུས་འོས་བསྡུ་ལས་ཁང་གིས་སྡིངས་ཆ་གཅིག་ཐོག་འོས་མི་རེ་རེ་ངོ་སྤྲོད་བྱ་ཐུབ་ན་ཕན་ཐོགས་ཆེ། འོས་མི་གང་དེའི་རྒྱབ་ལྗོངས་ལ་གཏིང་ཟབ་ཀྱི་ཤེས་རྟོགས་ཡོང་ཐབས་བྱ་རྒྱུ་ནི་དེ་ལ་འོས་བླུག་མཁན་མི་མང་རང་ངོས་ནས་འགན་འཁུར་ལེན་དགོས། ལས་རིམ་འདི་དག་ཁ་ཡོད་ལག་ཡོད་ཀྱི་ཐབས་ཤེས་གཞིར་བཞག་ནས་ཧ་ཅང་ནུས་ཤུགས་ལྡན་པ་ཡོང་ཐབས་བྱ་དགོས། རྒྱུ་མཚན་ནི་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་ས་གནས་ཀྱི་ཚོགས་པ་བྱེ་བྲག་གང་གིས་ཀྱང་འོས་མི་བྱེ་བྲག་གང་ལའང་རྒྱབ་སྐྱོར་རམ་དྲིལ་སྒྲོག་བྱེད་མི་ཆོག་པས། འོས་མི་རང་གི་ཁྱབ་སྒྲོག་གི་ནུས་ཚད་ཀྱང་དེ་ཙམ་ཆེན་པོ་མེད་པས་ཡིན།

ཟླ་བ་སྔོན་མར་རྒྱ་གར་དང་། བལ་ཡུལ། འབྲུག ཨོ་སི་ཊི་ལེ་ཡ། ལྷོ་ཨེ་ཤ་ཡ། ལྷོ་བྱང་ཨ་རི། ཡོ་རོབ། ཨ་ཧྥེ་རི་ཀ་སོགས་ནས་བོད་མི་ལྔ་བརྒྱ་ཉེ་བ་ཞིག་ལ་ང་ཚོས་འདྲི་ཞིབ་བྱས། དེ་དག་ནི་བརྒྱ་ཆ་ལྔ་ཅུ་ལོ་ན་སུམ་ཅུ་སོ་ལྔ་ནས་བཞི་བཅུ་ཞེ་བཞི་བར། བརྒྱ་ཆ་སུམ་ཅུ་ལོ་ན་བཅོ་བརྒྱད་ནས་སུམ་ཅུ་སོ་བཞི་བར། བརྒྱ་ཆ་བཅོ་ལྔ་ལོ་ན་བཞི་བཅུ་ཞེ་ལྔ་ནས་ལྔ་བཞི་དང་ལྷག་མ་རྣམས་ནི་དེའི་སྒང་ཡིན། ཉམས་ཞུགས་བྱེད་མཁན་གྱི་ཁྲོད་ནས་བརྒྱ་ཆ་བརྒྱད་ཅུ་ཕོ་དང་དེ་དག་གི་ཁྲོད་ནས་བརྒྱ་ཆ་སུམ་ཅུ་སོ་གཅིག་ལ་འོས་བླུག་རྒྱུའི་ཐོབ་ཐང་ཡོད་ཀྱང་འོས་བསྡུའི་ཆ་ཤས་ལེན་གྱི་མེད་པ་ང་ཚོས་ཤེས་རྟོགས་བྱུང་། གནས་ཚུལ་འདིས་འོས་བླུག་མཁན་སྤྱིའི་གྲངས་འབོར་ནས་བརྒྱ་ཆ་སུམ་ཅུ་སོ་དྲུག་ཡས་མས་ཤིག་གིས་འོས་བསྡུའི་ཆ་ཤས་ཡོངས་སུ་ལེན་གྱི་མེད་པ་དེ་གསལ་བོར་བསྟན་ཟིན་པ་རེད།

གོང་གི་མི་ལྔ་བརྒྱ་དེ་ལས་བརྒྱ་ཆ་བཅུ་གཅིག་གིས་ཐེངས་འདིའི་འོས་ཤོག་ཆེད་དེབ་སྐྱེལ་ཐོ་འགོད་བྱས་མེད་པ་དང་། གྲངས་ཚད་འདི་ནི་ཐེངས་འདིའི་འོས་བསྡུའི་ཁྲོད་མཉམ་ཞུགས་བྱེད་མཁན་བརྒྱ་ཆ་བཅུ་གསུམ་ཉུང་དུ་ཕྱིན་ཡོད་པར་བཤད་པའི་དབུས་འོས་བསྡུ་ལས་ཁང་གི་གྲངས་ཐོ་དེ་དང་ཕལ་ཆེར་གཅིག་མཚུངས་སུ་གྱུར་ཡོད། འདི་ལྟ་བུའི་གནས་ཚུལ་ཞིག་བྱུང་བའི་རྒྱབ་ལོག་གི་རྒྱུ་རྐྱེན་གཙོ་བོ་ནི་ང་ཚོའི་འོས་བསྡུའི་ཐོ་འགོད་བྱེད་སྟངས་དེ་སྟབས་བདེ་བོ་མེད་པའི་རྒྱུ་མཚན་ཁོ་ནས་ཡིན། གོང་གི་རྒྱུས་ལོན་བྱེད་ཡུལ་གྱི་མི་གྲངས་ལྔ་བརྒྱ་ལས་མི་འབོར་བརྒྱ་ཆ་བཅུ་ལ་དཔྱ་ཁྲལ་ལག་དེབ་ལག་སྣེ་རུ་མེད་པ་དང་། ཡང་བརྒྱ་ཆ་བཅུ་ལ་འོས་བླུག་འདོད་མེད་པ་ཤེས་རྟོགས་བྱུང་། རྒྱུ་མཚན་དེའི་ཕྱིར་ན། གནས་སྟངས་འདི་ཡར་རྒྱས་གཏོང་བ་ལ་དབུས་འོས་བསྡུ་ལས་ཁང་གི་ངོས་ནས་ཞིབ་འཇུག་གིས་དེབ་སྐྱེལ་བྱེད་སླ་བོ་དང་འོས་བླུག་བདེ་བའི་ཐབས་ལམ་ཞིག་འཚོལ་ཐབས་བྱེད་དགོས། འོས་བསྡུའི་དེབ་སྐྱེལ་ཉིན་མ་ལྔ་ཕར་འགྱངས་བྱས་པ་ནི་དཀའ་ངལ་འདི་སེལ་བའི་ཐབས་ལམ་ཞིག་མ་ཡིན།

མདོར་ན། འོས་བསྡུའི་ཆ་ཤས་མི་ལེན་པ་དེ་ནི་གདམ་ཀ་ཞིག་མིན། འོས་བླུག་རྒྱུ་དེ་མི་མང་གི་ཐོབ་ཐང་ཞིག་ཏུ་བསྒྱུར་དགོས་པ་ལས་འགན་ཁྲིད་ཙམ་ཞིག་གི་ངོ་བོར་འཇོག་མི་འོས། གལ་སྲིད་བོད་མི་རྣམས་ཀྱིས་དགོང་ཚོགས་དང་། གླིང་ཁ། སྤྲོད་སྐྱིད་འདུ་འཛོམས་སོགས་ལ་མཉམ་ཞུགས་བྱེད་ཐུབ་ན། མ་མཐའ་ཡང་རང་གི་རྒྱལ་ཁབ་དང་མ་འོངས་པ། མི་རབས་རྗེས་མའི་ཆེད་ལོ་ལྔ་རེ་མཚམས་ཀྱི་འོས་ཤོག་གི་ཆ་ཤས་ལེན་ཐུབ་དགོས། གལ་སྲིད་ཁྱེད་རང་གིས་མི་ཞིག་ལ་ཁྱེད་རང་བོད་པ་ཡིན་པའི་ངོ་སྤྲོད་བྱས་ཡོད་ན། ངོ་སྤྲོད་བྱས་པ་ཙམ་མ་གཏོགས་རང་ཉིད་ཀྱིས་བོད་དོན་ཆེད་གང་བྱས་ཡོད་མེད་བསམ་བློ་གཏོང་དགོས་སོ།

[i] average of registered non-voters in 2006, 2011, 2016 elections

[ii] Sikyong Lobsang Sangay at Cambridge Union, London 2019

[iii] Tibetan Demography Survey 2019

[iv] 139,809 less 11% less 79697 registered so far

[v] Baseline Study of the Tibetan Diaspora Community outside South Asia by Social and Resource Development Fund  (SARD)

References:

CTA Planning Commission. Demographic Survey of Tibetans in Exile – 2009, August 2010

Demographic Structure of Tibetans in Exile, Chapter III (TDS’98 & 09)

https://www.migrationpolicy.org/article/global-nomads-emergence-tibetan-diaspora-part-i/ (122,078 Tibetans worldwide) – 2009 US & Canada count

https://tibet.net/about-cta/tibet-in-exile/

Tibetan Demography Survey 2019 – Workforce information System, CTRC Baseline Survey, SARD

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༣ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༤ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese