མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༢༠ ལོའི་བཙན་བྱོལ་བོད་མིའི་གསར་འགྱུར་ཆེ་ཁག་བཅུ།

བོད་ཀྱི་དུས་བབ།
༢༠༢༡/༠༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་རྒྱུན་ལས་དང་ཁྲིམས་ཞིབ་ཁང་གི་ཆད་འགེལ།རྒྱ་ནག་ཝུ་ཧན་ནས་འཛམ་གླིང་གང་སར་རྒྱ་ཁྱབ་ཏུ་ཕྱིན་པའི་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པ་དེ་ཕྱི་ཟླ་ ༣ ཚེས་ ༡༧ ཉིན་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་དུ་ཉིན་ཕྱེད་ཙམ་རིང་ཚོགས་ཏེ། རྩིས་ལོ་ ༢༠༢༠ དང་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོའི་ཁྱོན་བསྡོམས་ཡོང་འཆར་སྒོར་ས་ཡ་ ༢,༦༣༤,༤༨༠,༡༠༧ ་དང་འགྲོ་འཆར་ཁྱོན་སྒོར་ས་ཡ་ ༢,༧༡༤,༧༩༤,༦༠༥ བཀའ་འཁྲོལ་གཏན་འབེབ་གནང་པ་རེད། ཕྱི་ཟླ་ ༨ ཚེས་  ༡༧ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་བོ་རྣམ་གཉིས་ཀྱིས། ཕྱི་ཟླ་ ༩ ནང་འཚོགས་གཏན་འཁེལ་བའི་གྲོས་ཚོགས་ཚོགས་དུས་བཅུ་པ་ཏོག་དབྱིབས་ཀྱིས་རྒྱལ་སྤྱིའི་འགྲུལ་བཞུད་སྒོ་རྒྱ་བསྡམས་པའི་རྐྱེན་གྱིས། ཕྱི་ལོ་ ༢༠༢༡ ཟླ་ ༣ པའི་བར་གྲོས་ཚོགས་ཕར་འགྱངས་གནང་བ་ཡོངས་བསྒྲགས་གནང་།  ཕྱི་ཟླ་ ༩ ཚེས་ ༢༥ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས། སྤྱི་འཐུས་རྒྱུན་ལས་རྣམ་པས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་རྩིས་མེད་བྱས་པའི་བྱེད་འཛོལ་ལ་སྤྱི་འཐུས་རྒྱུན་ལས་ ༡༡ གི་འདེམས་བྱེད་ཀྱི་ཐོབ་ཐང་བཀག་བསྐྱིལ་བྱས་པའི་ཆད་འགེལ་བཀའ་ཁྱབ་བཏང་བ་དང་། སྐབས་དེར་སྤྱི་འཐུས་རྒྱུན་ལས་ཀྱིས་ཆད་འགེལ་དེ་ངོས་ལེན་གནང་རྒྱུ་མིན་པའི་བསྒྲགས་གཏམ་སྤེལ་ཡོད་ནའང་།  ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དབུས་འོས་བསྡུ་ལས་ཁང་ལ་འགན་བསྐུར་བཀའ་ཁྱབ་བཏང་བ་ལྟར། དབུས་འོས་བསྡུ་ལས་ཁང་གིས་སྤྱི་འཐུས་རྒྱུན་ལས་རྣམ་པའི་འོས་བསྡུའི་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་གནང་ཡོད། དེ་བཞིན། ཕྱི་ཟླ་ ༡༡ ཚེས་ ༢༦ ཉིན་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱིས་གྲོས་ཚོགས་ཚོགས་དུས་བཅུ་པ་དེ་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༥ ནས་ ༣༡ བར་ཏེ་ཉིན་གྲངས་སྤར་སྣོན་གྱིས་འཚོག་གཏན་འཁེལ་བའི་ཡོངས་བསྒྲགས་གནང་།

སྲིད་སྐྱོང་སློབ་ཡོན་ལེན་མཁན་སློབ་ཕྲུག་ ༡༩ བྱུང་།ཕྱི་ཟླ་ ༧ ཚེས་ ༡༣ ཉིན་ཕྱི་ལོ་ ༢༠༢༠ ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་འདི་ལོར་བོད་སློབ་ཁག་ ༡༦ ནས་སློབ་མ་ཁྱོན་ ༡༠༡༦ ཡིག་རྒྱུགས་ནང་ཞུགས་ཏེ། བརྒྱ་ཆ་བརྒྱ་འཕྲོད་མཁན་སློབ་གྲྭ་ ༡༠ དང་། སློབ་གྲྭ་ཁག་ཡོངས་ནས་ཡིག་རྒྱུགས་བརྒྱ་ཆ་ ༩༠ ཡན་ལེན་མཁན་སློབ་ཕྲུག་ ༩༡ དང་སྲིད་སྐྱོང་སློབ་ཡོན་བྱ་དགའ་ཐོབ་མཁན་སློབ་ཕྲུག་ ༡༩ བྱུང་ཡོད་པའི་གནས་ཚུལ་བསྒྲགས།

ཆབ་སྲིད་བཙོན་ཟུར་འགའ་འདས་གྲོངས།

ཕྱི་ཟླ་ ༧ ཚེས་ ༡༤ ཉིན་ཐའེ་ཝན་ནང་གནས་བཞུགས་དང་རྒྱའི་བཙོན་འཇུག་འོག་ལོ་ངོ་ ༢༠ རིང་སྡུག་སྦྱོང་མནར་གཅོད་མྱངས་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་དགེ་བཤེས་བྱམས་པ་རྒྱ་མཚོ་ལགས་དགུང་གྲངས་ ༨༥ ཐོག་དགོངས་པ་རྫོགས། ཕྱི་ཟླ་ ༨ ཚེས་ ༣ ཉིན་མི་ལོ་ ༢༧ ལྷག་རིང་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་མྱངས་མྱོང་མཁན་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཨ་མ་ཨ་བདེ་ལགས་དྷ་རམ་ས་ལའི་རང་ཤག་ཏུ་འདས་གྲོངས་སུ་ཕྱིན། ཕྱི་ཟླ་ ༧ ཚེས་ ༢༧ ཉིན་ལོ་ངོ་ ༡༡ རིང་རྒྱའི་བཙོན་འོག་ཏུ་མནར་གཅོད་མྱོང་མཁན་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྒན་བསྟན་འཛིན་ཆོས་གྲགས་ལགས་དྷ་རམ་ས་ལ་ནས་འདས་གྲོངས་སུ་ཕྱིན། ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་རྒྱའི་བཙོན་འོག་ཏུ་མི་ལོ་ ༣༡ ལྷག་རིང་སྡུག་སྦྱོང་མནར་གཅོད་མྱོང་མཁན་བོད་ཀྱི་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས་དགུང་ལོ་ ༩༡ ཐོག་སུད་སི་ནས་འདས་གྲོངས་སུ་ཕྱིན།

༢༠༢༡ ལོའི་སྲིད་སྤྱིའི་འོས་བསྡུ་ཆེན་མོ་མགོ་བཙུགས།

ཕྱི་ཟླ་ ༨ ཚེས་ ༥ ཉིན་ནས་དབུས་འོས་བསྡུ་ལས་ཁང་གིས་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་དངོས་སུ་དབུ་འཛུགས་གནང་བའི་གསལ་བསྒྲགས་སྤེལ་ཞིང་། སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༣ དང་དངོས་གཞིའི་འོས་བསྡུ་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡༡ ཉིན་གཏན་འཁེལ། ཕྱི་ཟླ་ ༩ ཚེས་ ༡ ནས་ཟླ་ ༡༠ ཚེས་ ༣༠  བར་བོད་མི་འདུས་སྡོད་ཀྱི་འཛམ་གླིང་རྒྱལ་ཁབ་གྲངས་ ༢༦ དང་ས་གནས་འོས་བསྡུ་ལས་ཁང་གྲངས་ ༥༨ ཀྱིས་མི་མང་གི་མིང་ཐོ་དེབ་སྐྱེལ་གྱིས། རྒྱ་གར་ནང་འོས་འཕེན་མཁན་ཁྱོན་ ༥༥༦༨༣ དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འོས་འཕེན་མཁན་ ༢༤༠༧༤ བཅས་ཁྱོན་བསྡོམས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ནང་ཆ་ཤས་བཞེས་མཁན་མི་གྲངས་  ༧༩༦ ༩༧ བྱུང་ཞིང་། གྲངས་འབོར་དེ་ནི་ཕྱི་ལོ་ ༢༠༡༦ ལོ་དང་བསྡུར་ཚེ་དེབ་སྐྱེལ་བྱེད་མཁན་ ༡༠༦༨༠ ཇེ་ཉུང་དུ་ཕྱིན་ཡོད། དེར་བརྟེན། འོས་བསྡུ་ལས་ཁང་གིས་ཕྱི་ཟླ་ ༡༢ ཚེས་ ༢༣ ནས་ ༢༨ བར་ཉིན་གྲངས་ལྔའི་རིང་མིང་གཞུང་དེབ་འགོད་བྱ་འདོད་ཡོད་རིགས་ལ་ཐེངས་གཉིས་པའི་གོ་སྐབས་ཀྱང་ཕུལ་ཡོད།

དོགས་ཡོད་གསང་མྱུལ་བ།  ཕྱི་ཟླ་ ༨ ཚེས་ ༡༣ ཉིན་རྒྱ་གར་གཞུང་གིས་རྒྱ་མི་གསང་ཉུལ་བ་ལའོ་སང་ཟེར་བ་ཞིག་གིས་༧གོང་ས་མཆོག་གི་དབུས་པའི་བཙན་བྱོལ་བོད་མི་གནད་ཡོད་རྣམ་པར་གསང་བའི་མྱུལ་ཞིབ་བྱས་པའི་དོགས་གཞི་དང་། ཁྲིམས་འགལ་ཐོག་ཧིན་སྒོར་བྱེ་བ་ ༣༠༠ ལྷག་གཏོང་ལེན་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཤིང་། རྒྱ་མི་གསང་ཉུལ་བ་ལའོ་སང་དང་འབྲེལ། ཧི་མ་ཅལ་མངའ་སྡེའི་ནང་མི་ ༢ འཛིན་བཟུང་བྱས་པ་ལས་མི་གཅིག་བོད་མི་ཡིན་པར་བཤད། རྒྱ་གར་ལྷོ་ཕྱོགས་ཀྱི་དགེ་འདུན་པ་ ༧ གཙོས་པའི་ཁྱོན་བོད་མི་ ༣༠ ལ་རྒྱ་གར་གཞུང་གིས་འདྲི་རྩད་བྱས་པའི་གནས་ཚུལ་ཐོན། དེ་བཞིན། སི་ཝེ་ཌན་(Sweden)གཞུང་གིས་ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༦ ཚེས་ ༡༥ ཉིན་ཡུལ་དེའི་ནང་གནས་སྡོད་བོད་མི་རྡོ་རྗེ་རྒྱལ་མཚན་ཞེས་པ་ཞིག་གིས་བོད་མིའི་སྐོར་ལ་གསང་བའི་མྱུལ་ཞིབ་བྱས་པའི་ནག་ཉེས་འོག ལོ་གཅིག་དང་ཟླ་ ༡༠ ཡི་བཙོན་འཇུག་ཁྲིམས་ཐག་བཅད་པ་ལྟར། ཕྱི་ཟླ་ ༩ ཚེས་ ༢༨ ཉིན་བཙོན་འཇུག་དུས་ཡུན་རྫོགས་ཏེ། རྒྱ་ནག་ནང་ཕྱིར་སློག་གཏོང་རྒྱུའི་ཐག་བཅད། གཞན་ཡང་། ཕྱི་ཟླ་ ༩ ཚེས་  ༢༡  ཉིན། ཨ་རིའི་དབུས་ཉེན་རྟོག་ལས་ཁུངས་ (FBI) ཀྱིས། ནེའུ་ཡོག་གྲོང་ཁྱེར་གྱི་ཉེན་རྟོག་པ་མིང་ལ་པདྨ་དར་རྒྱས་ངག་དབང་ (Baima dajie Angwang ) ཞེས་པ་ཞིག་འཛིན་བཟུང་བྱས་ཏེ། ཕྱི་ལོ་ ༢༠༡༤ ལོ་ནས་མི་དེས་རྒྱ་ནག་གཞུང་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་དང་། ལྷག་པར་དུ་རྒྱ་ནག་གཞུང་ཚབ་ཁང་གི་བཀོད་མངགས་བཞིན་ཨ་རིར་གནས་སྡོད་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་གསང་བའི་མྱུལ་ཞིབ་བྱས་ཏེ། རྒྱ་ནག་གཞུང་ལ་བོད་དོན་དང་འབྲེལ་བའི་གསང་བའི་གནས་ཚུལ་རིགས་མཁོ་སྤྲོད་བྱས་ཡོད་པའི་ནག་ཉེས་བཙུགས་ཡོད་པ་དང་། ཁོས་ནག་ཉེས་ངོས་ལེན་བྱས་མེད་པ་མ་ཟད། ཁོའི་ནང་མི་འབྲེལ་ནས་ཨ་སྒོར་ས་ཡ་ ༡ གཏའ་དངུལ་དུ་བཞག་སྟེ་ཁོ་ཀློད་གྲོལ་ཡོང་བའི་ཞུ་ཡིག་ཕུལ།

བཙན་བྱོལ་བོད་མིའི་དམག་མིར་ངོས་འཛིན་གསར་པ་ཞིག་ཐོབ།ཕྱི་ཟླ་༨ ཚེས་ ༣༠ ཉིན་གྱི་དགོང་མོར་ལ་དྭགས་སྤང་གོང་མཚོའི་ཉེ་འགྲམ་ས་མཚམས་སུ་རྒྱ་གར་དམག་ཕྱོགས་ནས་ལྟ་སྲུང་གནང་སྐབས། བོད་མིའི་དྭང་ཞབས་བརྒྱ་ཤོག་བདུན་པའི་མེ་ཏོག་གཉིས་ཅན་གྱི་བརྒྱ་དཔོན་ཉི་མ་བསྟན་འཛིན་ལགས་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། ཁོང་གི་དམག་རོགས་བོད་རིགས་གཞོན་ནུ་བསྟན་འཛིན་བློ་ལྡན་ཞེས་པ་ལའང་རྨས་སྐྱོན་བྱུང་བའི་གནས་ཚུལ་ཕྱི་ནང་གི་གསར་འགྱུར་བརྒྱུད་ལམ་མང་པོའི་ནང་ཐོན་རྗེས། ཕྱི་ལོ་ ༡༩༦༢ ལོར་བཙུགས་ཤིང་རྒྱ་གར་གྱི་དམག་དོན་ཐད་བྱས་རྗེས་མང་པོ་བཞག་མྱོང་བའི་རྒྱ་གར་གྱི་དམིགས་བསལ་མདུན་མཆོང་དམག་དཔུང་(Special frontier force)སྟེ། བོད་མིའི་དྭང་ཟུར་དམག་སྒར་ཨང་ ༢༢ པའི་དམག་མི་རྣམས་ཀྱི་བློས་གཏོང་དང་བྱས་རྗེས་མང་པོ་གླེང་སློང་བྱས་ཏེ། ཕྱི་ནང་གི་ངོས་འཛིན་གསར་པ་ཞིག་ཐོབ་པའི་མགོ་བཙུགས།

རྒྱུད་སྨད་མཁན་ཟུར་ལ་ཨོ་གླིང་གཟེངས་རྟགས་ཐོབ།ཕྱི་ཟླ་ ༩ ཚེས་ ༦ ཉིན་རྒྱུད་སྨད་མཁན་ཟུར་བཀྲ་ཤིས་ཚེ་རིང་ལགས་ཀྱིས། འདས་པའི་ལོ་ངོ་ ༣༠ ལྷག་གི་རིང་ཨོ་གླིང་མི་མང་ལ་ནང་ཆོས་དང་ཤེས་ཡོན་ཐོག་ནས་ཞབས་འདེགས་རྒྱ་ཆེར་ཞུས་དང་ཞུ་བཞིན་པར་བརྟེན། ཨོ་གླིང་གཞུང་གིས་ཆེད་བསྟོད་ངོས་འཛིན་གྱི་གཟེངས་རྟགས་ (Order of Australia medal Zes) ཞེས་པ་ཕུལ། ཨོ་གླིང་གི་གཟེངས་རྟགས་དེ་བོད་མི་ཞིག་ལ་ཐོབ་པ་ཐེངས་གཉིས་པ་ཆགས་ཡོད་པ་དང་། ཕྱི་ལོ་ ༢༠༠༧ ཡས་མས་སུ་སྤྱི་ཚོགས་ཞབས་ཞུ་བ་རྣམ་རྒྱལ་ཚེ་རིང་ཞུ་བ་ཞིག་ལ་གཟེངས་རྟགས་དེ་གནང་ཡོད་པ་དང་། གཟེངས་རྟགས་དེ་ཨོ་གླིང་གི་མི་སེར་ཡིན་མིན་ལ་ཁྱད་པར་མེད་པར་ཨོ་གླིང་གཞུང་གིས་མི་སྣ་བྱས་རྗེས་ཅན་དང་གཞན་ཕན་གྱི་ལས་དོན་སྒྲུབ་མཁན་རྣམས་ལ་འབུལ་སྲོལ་ཡོད་པ་ཞིག་ཡིན་འདུག

རང་འགན་རང་འཁྲི་ཡི་བོད་དོན་ལས་འགུལ།ཕྱི་ཟླ་ ༩ ཚེས་ ༢༣ ནས་ཕྱི་ཟླ་ ༡༠ ཚེས་ ༩ བར་ཀུ་ལུ་མ་ན་ལིར་གནས་སྡོད་བོད་མི་ཚེ་རིང་དབང་འདུས་ལགས་དང་ཚེ་རིང་དོན་འགྲུབ་ལགས། ཆུང་བདག་ལགས་བཅས་ནས་བོད་དོན་བདེན་མཐའ་གསལ་ཆེད། ཀུ་ལུ་མ་ན་ལི་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱ་ནག་གཞུང་ཚབ་བར་ཞི་བའི་གོམ་བགྲོད་གནང་།  ཕྱི་ཟླ་ ༡༡ ཚེས་ ༢ ཉིན་བོད་མི་བསྟན་འཛིན་དོན་གྲུབ་ལགས་ནས་རྒྱ་ནག་གཞུང་གིས་བོད་ནང་གི་ཁོར་ཡུག་གཏོར་བཅོམ་བྱེད་བཞིན་པར་ངོ་རྒོལ་དང་། བོད་དེ་རྒྱ་ནག་གིས་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱ་རྒྱུ། དེ་བཞིན་རྒྱ་ནག་གི་ཚོང་ཟོག་བཀོལ་མཚམས་འཇོག་དགོས་པའི་དགོས་འདུན་འོག བཞུགས་སྒར་དྷ་ས་ནས་འབྲས་ལྗོངས་ཀྱི་བོད་ཧིན་ས་མཚམས་སྣ་ཐོད་ལ་བར་ཞི་བའི་གོམ་བགྲོད་ལས་འགུལ་གནང་མུས་ཡིན། ཕྱི་ཟླ་ ༡༡ ཚེས་ ༡༨ ནས་ཚེས་ ༢༣ བར་ཉིན་ ༥ རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིར་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་དང་། ཁྲིམས་འགལ་གྱི་རྒྱ་སྐྱེད་བཙན་འཛུལ་རིང་ལུགས་ལག་བསྟར་བྱེད་བཞིན་པ། དེ་བཞིན་རྒྱ་ནག་ནས་མཆེད་པའི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཀྱིས་འཛམ་གླིང་ཡོངས་ལ་གོད་ཆག་ཆེན་པོ་བཟོས་པ་བཅས་རྒྱ་ནག་གཞུང་གི་ནག་ཉེས་ཐེར་འདོན་ཆེད། བཞུགས་སྒར་དྷ་རམ་ས་ལ་ནས་བོད་ཧིན་ས་མཚམས་ཁུ་ནུ་བར་བོད་མི་སྐོར་སྐྱོད་པ་ ༦༥ ཡིས་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ།

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོས།ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་པོམ་པེའོ་མཆོག་གིས་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། ཨ་རིའི་རྒྱལ་སྲིད་ལྷན་ཁང་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་ལས་ཁུངས་ཀྱི་དྲུང་ཆེའི་ལས་རོགས་སྐུ་ཞབས་རོ་བྷར་ཊི་ཨེ་ཌེ་སི་ཊོ་རོ་ (Robert A. Destro) ལགས། ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་བའི་གསལ་བསྒྲགས་གནང་ཞིང་། བོད་མིའི་སྒྲིག་འཛུགས་ཀྱི་དབུས་གཞུང་འབྲེལ་མིན་པའི་ཚོགས་སྡེ་སོགས་བོད་གཞུང་མང་གཉིས་ནས་དགའ་བསུ་ཞུས། འོན་ཀྱང་། ཚོགས་སྡེ་ཁག་ཅིག་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དེ་དྲུང་ལས་ཀྱི་གནས་རིམ་ཅན་ཞིག་བསྐོ་བཞག་མ་གནང་བར་བློ་ཕམ་བྱུང་བའི་དགོངས་ཚུལ་བཏོན།

ཨ་རིས་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་གཏན་འབེབ་གནང་།ཕྱི་ཟླ་ ༡༢ ཚེས་ ༢༢ ཉིན་ཨ་རིའི་བོད་དོན་ཐོག་འཛིན་པའི་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་འཆར་ཨ་རིའི་གྲོས་ཚོགས་གོང་མའི་ནང་སྤྱི་མོས་གཏན་འབེབ་བྱུང་བ་དང་། ཟླ་དེའི་ཕྱི་ཚེས་ ༢༨ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་མཚན་རྟགས་བསྐྱོན་པ་བརྒྱུད་ཁྲིམས་འཆར་དེ་དངོས་སུ་ཨ་རིའི་ཁྲིམས་ཆགས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་བཀའ་ཤག་གིས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། ཨ་རིའི་གཞུང་དང་འབྲེལ་ཡོད་ཡོངས་ལ་ཐུགས་རྗེ་ཆེ་ཞུ་ཡོད་པ་དང་། ཁྲིམས་འདིའི་ཐོག་ནས་བོད་ནང་གི་ཆོས་དད་རང་དབང་དང་༧གོང་ས་མཆོག་གི་ཡང་སྲིད་སོགས་ཨ་རིའི་ཁྲིམས་ལ་བཟོས་ཏེ་རྒྱ་ནག་གིས་ཐེ་བྱུས་བྱ་མི་ཆོག་པ་དང་། བོད་ཀྱི་ཆུ་དང་ཁོར་ཡུག་སྲུང་སྐྱོབ་དང་དམངས་གཙོའི་ལམ་སྲོལ་ལས་གྲུབ་པའི་བོད་མིའི་སྒྲིག་འཛུགས་ནི་བཙན་བྱོལ་བོད་མི་ཡོངས་ཀྱི་སྒྲིག་འཛུགས་ལ་ངོས་འཛིན་བྱ་རྒྱུ་ཡིན་པའི་དོན་ཚན་གསར་པ་གཉིས་ཁ་སྣོན་བྱུང་།

གནས་ཚུལ་ཕྱོགས་སྒྲིག་པ་སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༡༧ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

མཆན། 2

  1. སྟག་བུ། says:
    ལོ་ 5 སྔོན།

    ཆེ་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་འཆི་ཨང་༢༠ པའི་འོག་ནས་སྲིད་སྐྱོང་བློ་སེང་གིས་སྣེ་ཁྲིད་པའི་བཀའ་ཕམ་སྟེ་དོན་ཟུར་སྤེན་པ་ཚེ་རིང་ལ་དགོངས་སེལ་ཞུ་དགོས་པའི་བཅད་ཁྲལ་བཏང་བ་དང ། བཀག་ཤག་གི་ཁྲིམས་རྩོད་པ་བློ་བཟང་གྲགས་པས་་ཁྲིམས་ཞིབ་ཁང་ལ་གཞི་མེད་སྐྱོན་འཛུག་བྱས་སྟབས་ཁྲིམས་རྩོད་པའི་ལག་འཁྱེར་ཕྱིར་བསྡུ་བྱས་པ་སོགས་ནི་བོད་མིའི་དང འབྲེལ་བའི་གསར་འགྱུར་གལ་ཆེ་ཞིག་ཡིན་ཡང་། གསར་འགོད་པ་ཞེད་ནས་འདིར་བཀོད་མ་ཕོད་པ་འདྲ

    Reply
  2. འདམ་་སྐྱེས། says:
    ལོ་ 5 སྔོན།

    རང་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་ཨ་རིའི་བོད་དོན་གྲོས་ཆོད་༢༠༢༠ ཞེ་པར་ཨ་རིའི་སྲིད་འཛིན་མཆོག་ནས་མཚན་བརྟགསའགོད་ཚེས་ ༢༧ འཁོད་འདུག་ནའང་དུས་བབ་ཚོང་ནས་ ཚེས་ ༢༨ འགོད་དགོས་པའི་རྒྱ་མཚན་མ་ཤེས་པས་གསལ་བཤད་གནང་ན་ཡག་པོ་འདུག གནས་ཚུལ་འདི་འགོད་ཕྱོགས་ལའང་ཡི་རང་པོ་རང་མ་བྱུང་།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese