མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྕམ་ནན་སི་པེ་ལོ་སི་མཆོག་སླར་ཡང་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས་ཐོན་བྱུང་།

བོད་ཀྱི་དུས་བབ།
༢༠༢༡/༠༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

ལྕམ་ནན་སི་པེ་ལོ་སི་མཆོག་ཨ་རིའི་གྲོས་ཚོགས་འོག་མའི་ནང་མང་མོས་འོས་བསྡུའི་ལམ་ནས་སླར་ཡང་གྲོས་ཚོགས་འོག་མའི་ཚོགས་གཙོར་འདེམས་ཐོན་བྱུང་བར་དགའ་སྤོབས་སྐྱེ་ཡི་ཡོད་སྐོར་གསུངས། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ད་ལྟ་ཨ་རིའི་གཞུང་འཛིན་འཕོ་འགྱུར་གཏོང་ལ་ཉེ་བའི་སྐབས་འདིར་དམངས་གཙོ་ཚོགས་པར་ཨ་རིའི་གྲོས་ཚོགས་འོག་མའི་ནང་རྒྱལ་ཁ་ཐོབ་ཡོད་པ་ལྟར། ཁ་སང་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཚོགས་གཙོའི་འོས་བསྡུ་བྱས་པ་བརྒྱུད། སྤྱི་མཐུན་ཚོགས་པའི་འཐུས་མི་གེ་ཝིན་ (Kevin McCarthy) ལགས་སུ་འོས་གྲངས་ ༢༠༩ དང་ལྕམ་ནན་སི་པེ་ལོ་སི་མཆོག་ལ་འོས་གྲངས་ ༢༡༦ བྱུང་སྟེ། ལྕམ་ནན་སི་པེ་ལོ་སི་མཆོག་སླར་ཡང་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས་ཐོན་བྱུང་ཡོད་པ་རེད།

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ལྕམ་ནན་སི་པེ་ལོ་སི་མཆོག་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་པ་དང་སྦྲགས། ལོ་གསར་བར་ཡང་འཚམས་འདྲི་ཞུས་གནང་འདུག་ལ། འཚམས་འཕྲིན་ནང་༧གོང་ས་མཆོག་གིས། ཁྱེད་རང་གིས་གྲོས་ཚོགས་འོག་མའི་ཚོགས་གཙོའི་ལས་འགན་འཁུར་ཏེ། འཛམ་གླིང་ཞི་བདེ་དང་འཆམ་མཐུན་བསྐྲུན་རྒྱུ་མཚོན་པའི་ཨ་རིའི་མི་མང་གི་མངོན་འདོད་དང་རེ་མདུན་སྐོང་ཐུབ་པར་ཐེ་ཚོམ་མེད། ཅེས་དང་། ཁྱེད་ཀྱིས་ངོས་ལ་གྲོགས་པོའི་མཛའ་བརྩེ་བཅིངས་པ་དང་བློ་སེམས་འགྱུར་མེད་ངང་བོད་དང་བོད་མི་མང་ལ་རྒྱབ་སྐྱོར་གནང་བར་ངོས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།

ལྕམ་ནན་སི་པེ་ལོ་སི་མཆོག་གིས། ང་རང་གྲོས་ཚོགས་འོག་མའི་ཚོགས་གཙོའི་ལས་གནས་ཐོག་ཞབས་ཕྱི་ཞུའི་གོ་སྐབས་བྱུང་བར་སྤོབས་པ་སྐྱེ་ཡི་ཡོད། ཅེས་དང་། ད་རེས་གྲོས་ཚོགས་འོག་མའི་ཚོགས་གཙོ་འོས་འདེམས་བྱེད་སྐབས། ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀལ་ངལ་འོག་དམངད་གཙོ་ཚོགས་པའི་འཐུས་མི་གང་འཚམ་ཞིག་གིས་ཆ་ཤས་ལེན་ཐུབ་མེད་པར་བརྟེན། སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པའི་འོས་མིའི་བར་འོས་ཤོག་གི་ཁྱད་པར་ཞེ་དྲགས་ཤོར་མེད་པ་དང་། ད་རེས་ནི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོའི་འོས་བསྡུའི་ཁྲོད་འདས་པའི་ལོ་བཅུ་ཕྲག་གཅིག་རིང་མང་གཙོ་ཚོགས་པར་འོས་གྲངས་ཆེས་ཉུང་ཤོས་ཐོབ་པ་ཞིག་ཆགས་ཡོད་འདུག

ད་རེས་ནི་ལྕམ་ནན་སི་པེ་ལོ་སི་མཆོག་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས་ཐོན་བྱུང་བ་ཐེངས་ ༤ པ་དེ་ཆགས་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༠༧ ལོར་ཁོ་མོ་གྲོས་ཚོགས་འོག་མའི་ཚོགས་གཙོ་ཐོག་མར་གྱུར་སྐབས། གྲོས་ཚོགས་འོག་མའི་ལོ་རྒྱུས་ནང་གི་བུད་མེད་ཚོགས་གཙོ་ཐོག་མ་ཆགས་ཡོད་ཅིང་། ལྕམ་ནན་སི་པེ་ལོ་སི་མཆོག་ནི་ཕྱི་ལོ་ ༡༩༨༧ ལོ་ནས་ཨ་རིའི་གྲོས་ཚོགས་འཐུས་མི་དང་། ཕྱི་ལོ་ ༢༠༠༣ ནས་དམངས་གཙོ་ཚོགས་པའི་མགོ་འཁྲིད་གནང་ཞིང་། ཨ་རིའི་ལོ་རྒྱུས་ནང་གི་སྲིད་དོན་ཚོགས་པ་ཞིག་དབུ་འཁྲིད་གནང་མཁན་གྱི་བུད་མེད་ཐོག་མ་ཆགས་ཡོད་འདུག༧གོང་ས་མཆོག་གིས་ནམ་རྒྱུན་ལྕམ་ནན་སི་པེ་ལོ་སི་མཆོག་ནི་མཛའ་བརྩེ་ཟབ་པའི་གྲོགས་པོ་ཞིག་དང་འདས་པའི་ལོ་མང་རིང་ལྷག་སེམས་རྣམ་དག་དང་བློ་སེམས་འགྱུར་མེད་ཀྱིས་བོད་ཀྱི་འཐབ་རྩོད་ཐོག་རྒྱབ་སྐྱོར་ཤུགས་ཆེན་བསྐྱོན་མཁན་ཞིག་ཡིན་ཞེས་གསུངས་ཡོད་པ་ལྟར།  ལྕམ་ནན་སི་པེ་ལོ་སི་མཆོག་ནི་ཨ་རིའི་གྲོས་ཚོགས་འཐུས་མིའི་ནང་ནས་བོད་དང་བོད་མིར་དམིགས་བསལ་གྱི་འབྲེལ་ལམ་ཟབ་ཅིང་བོད་དོན་ལ་རྒྱུས་མངའ་དང་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༠༧ དང་ ༢༠༠༨ ། དེ་བཞིན་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༤ བཅས་ཀྱི་ནང་མོས་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་སྣེ་འཁྲིད་དེ། བལ་ཡུལ་དང་བཞུགས་སྒར་དྷ་ས་ནས་༧གོང་ས་མཆོག་ལ་མཇལ་འཕྲད་དང་བོད་མིའི་སྒྲིག་འཛུགས་ཀྱི་གཙོས་ཉེ་འཁྲིས་བཙན་བྱོལ་བོད་མིའི་སློབ་གྲྭ་དང་ཚོགས་སྡེ་ཁག་བཅས་མི་མང་གི་བདེ་སྡུག་ལ་གཟིགས་ཞིབ་གནང་ཡོད་ལ། ཕྱི་ལོ་ ༢༠༡༥ ལོར་ཁོ་མོས་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གི་སྣེ་འཁྲིད་ཀྱིས། བོད་ནང་བསྐྱོད་དེ་བོད་ནང་གི་བོད་མིའི་གནས་སྟངས་ལ་གཟིགས་ཞིབ་གནང་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོའི་ལས་ཡུན་སྐབས་དང་པོའི་རིང་། ལྕམ་ནན་སི་པེ་ལོ་སི་མཆོག་ནི་སྲིད་འཛིན་ཟུར་བ་ཨོ་བྷ་མའི་གཞུང་གི་ཆབ་སྲིད་དང་དཔལ་འབྱོར། དེ་བཞིན། འཕྲོད་བསྟེན་སོགས་དང་འབྲེལ་བའི་སྲིད་བྱུས་མང་དག་ཅིག་གི་རྒྱབ་རྟེན་ཤུགས་ཆེ་ཤོས་ཤིག་ཡིན་པ་དང་། ཕྱི་ལོ་ ༢༠༡༩ ལོར་ཁོང་མོ་སྐབས་གསུམ་པའི་ཚོགས་གཙོ་ཡིན་སྐབས་ཨ་རིའི་སྲིད་འཛིན་ཊོམ་ཕུ་ལགས་ཀྱིས་དབང་ཆ་ལོག་སྤྱོད་དང་གྲོས་ཚོགས་ཀྱི་ལས་དོན་ལ་འགལ་རྐྱེན་བསྐྲུན་པའི་ཉེས་འཛུགས་སོགས་བྱས་ཡོད་པ་རེད་ལ། ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་དང་སྲིད་དོན་མང་པོའི་དགའ་མོས་བྱེད་སའི་ཆབ་སྲིད་མི་སྣ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུག

ལྕམ་ནན་སི་པོལ་སི་མཆོག་ནི་ཕྱི་ལོ་ ༡༩༤༠ ཟླ་ ༣ ཚེས་ ༢༦ ཉིན་ཨ་རིའི་མངའ་སྡེ་མའེ་རེ་ལན་ཌའི་གྲོང་ཁྱེར་ (Baltimore) ནང་སྐྱེས་ཤིང་། ཁོ་མོའི་པ་ལགས་ཐའོ་མ་སི་(Thomas D’Alesandro Jr) ལགས་ནི་མའེ་རེ་ལན་ཌིའི་གྲོས་ཚོགས་འཐུས་མི་དང་ཨ་མ་ (Anunciata D’Alesandro) ལགས་ནི་སྲིད་དོན་ཐོག་དོ་དབྱིངས་ཆེན་པོ་གནང་མཁན་ཞིག་ཡིན་སྟབས། ལྕམ་ནན་སི་པེ་ལོ་སི་མཆོག་ཆུང་དུས་ནས་ཕ་མ་གཉིས་ཀྱི་ཤུགས་རྐྱེན་འོག་ཨ་རིའི་ཆབ་སྲིད་ནང་ཞུགས། ཁོང་མོ་དང་བཟའ་ཟླ་པོལ་པེ་ལོ་སི་ (Paul Pelosi) གཉིས་ལ་བྱིས་པ་ལྔ་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༨ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༡༨ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese