མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གྲོས་ཚོགས་ཁང་དུ་སྲིད་འཛིན་ཊོམ་གྱི་རྒྱབ་སྐྱོར་བས་ངོ་རྒོལ་གཏོར་བཅོམ་བཏང་།

བོད་ཀྱི་དུས་བབ།
༢༠༢༡/༠༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གི་རྒྱབ་སྐྱོར་བས་གྲོས་ཚོགས་ཁང་དུ་ངོ་རྒོལ་གཏོར་བཅོམ་བཏང་བ་དང་མི་ལ་ཤི་རྨིས་བྱུང་བར་བརྟེན་ཨ་རི་གཙོ་བོར་གྱུར་བའི་འཛམ་གླིང་རྒྱལ་ཁབ་ཁག་ཅིག་གི་དབུ་འཁྲིད་དང་གནད་ཡོད་མི་སྣས་སྐྱོན་བརྗོད་གནང་འདུག ཁ་སང་ཕྱི་ཚེས་ ༦ ཉིན་ཨ་རིའི་གྲོས་ཚོགས་གོང་འོག་ལྷན་འཛོམས་ཐོག་འདེམས་ཐོན་སྲིད་འཛིན་ཇོ་བྷའེ་ཌིན་མཆོག་ལ་རྒྱལ་ཁ་ཐོབ་པའི་གཞུང་འབྲེལ་གསལ་བསྒྲགས་གནང་རྒྱུའི་ཚོགས་འདུ་བསྡུས་པ་དང་བསྟུན། སྲིད་འཛིན་ཊོམ་ཕུ་མཆོག་གི་རྒྱབ་སྐྱོར་བ་བརྒྱ་ཕྲག་མང་པོས་གྲོས་ཚོགས་ཁང་ནང་ངོ་རྒོལ་གཏོར་བཅོམ་བྱས་རྐྱེན། ཚོགས་འདུ་ཕྱིར་འགྱངས་བྱེད་དགོས་བྱུང་བ་མ་ཟད། ངོ་རྒོལ་ཁྲོད་ད་བར་མི་གྲངས་ ༤ རྐྱེན་འདས་སུ་ཕྱིན་ཡོད་སྟབས། སྤྱི་མཐུན་ཚོགས་པའི་འཐུས་མི་ཚུད་པའི་དམངས་གཙོ་ཚོགས་པ་དང་། ཕྱིའི་རྒྱལ་ཁབ་ཁག་གི་མགོ་འཁྲིད་ཚོས་ངོ་རྒོལ་ལས་འགུལ་སྤེལ་བར་སྐྱོན་བརྗོད་ཤུགས་ཆེན་པོ་བྱེད་ཀྱི་འདུག

ད་ཐེངས་ཀྱི་ངོ་རྒོལ་དང་འབྲེལ་འདེམས་ཐོན་སྲིད་འཛིན་ཇོ་བྷའེ་ཌིན་མཆོག་གིས། གྲོས་ཚོགས་ཁང་གི་སྒེའུ་ཁུང་བཅག་པ་དང་། གྲོས་ཚོགས་གོང་འོག་གི་ར་བའི་ནང་འཛུལ་ནས་གཏོར་བཅོམ་བཏང་བ་དང། འདེམས་ཐོན་བྱུང་བའི་གཞུང་འབྲེལ་མི་སྣ་རྣམས་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་སྟངས་འདི་ནི་ལས་འགུལ་ཞིག་མིན་པར་གྱེན་ལོག་ཅིག་ཡིན། ཞེས་དང་། སྲིད་འཛིན་ཊོམ་ཕུ་མཆོག་གི་ངོས་ནས་སྲིད་འཛིན་གྱི་དམ་བཅའ་སྙིང་བཅངས་ཀྱིས་རྒྱལ་ཡོངས་བརྙན་འཕྲིན་ནང་ཐོན་ཏེ། རྩ་ཁྲིམས་སྲུང་སྐྱོབ་ཐོག་དྲག་པོའི་ལས་འགུལ་འདི་མཚམས་འཇོག་དགོས་པའི་དགོས་འདུན་འདོན་དགོས། ཞེས་གསུངས་འདུགསྲིད་འཛིན་ཊོམ་ཕུ་མཆོག་གིས་ཊུ་ཝི་ཊར་དྲ་ལམ་བརྒྱུད་རང་གི་རྒྱབ་སྐྱོར་བ་ཚོར་བརྙན་ལམ་གཏམ་བཤད་ཅིག་གནང་སྟེ།ངས་ཁྱེད་ཚོའི་ན་ཟུག་ཤེས་ཀྱི་ཡོད་ལ། ཁྱེད་ཚོར་དོ་ཕོག་ཐེབས་ཡོད་པ་ཞེས་ཀྱི་ཡོད། ང་ཚོར་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་ཀྱང་། དེ་བརྐུས་སོང་བ་རེད། ང་ཚོར་ཚད་མཐོའི་རྒྱལ་ཁ་ཐོབ་ཡོད་པ་ཚང་མས་ཤེས་ཀྱི་ཡོད། ལྷག་པར་དུ་ཕྱོགས་གཞན་དེས་ཤེས་ཀྱི་ཡོད་པ་རེད། འོན་ཀྱང་། ད་ལྟ་ཁྱེད་ཚོ་རང་ཁྱིམ་དུ་ལོག་དགོས། ང་ཚོར་ཞི་བདེ་དགོས་ཀྱི་ཡོད། ཅེས་གསུངས་འདུག འོན་ཀྱང་དམངས་གཙོ་ཚོགས་པས་ད་ཐེངས་ཀྱི་དྲག་པོའི་ངོ་རྒོལ་ལས་འགུལ་འདིའི་རྒྱུ་རྐྱེན་གཙོ་བོ་ནི་སྲིད་འཛིན་ཊོམ་ཕུ་ཡིན་སྐོར་སྐྱོན་བརྗོད་ཤུགས་ཆེན་པོ་བྱེད་ཀྱིན་འདུག དེ་ཡང་ཁ་སང་ཞོགས་པར་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཕོ་བྲང་དཀར་པོའི་ཕྱི་རོལ་རྒྱབ་སྐྱོར་ཚོ་གྲོས་ཚོགས་ཁང་གི་མདུན་དུ་བསྐྱོད་དགོས་སྐོར་གྱི་གཏམ་བཤད་སྤེལ་ཡོད་ཅིང་། གྲོས་ཚོགས་ཁང་ནང་དཔུང་འཛུལ་བྱེད་སྐབས་ཀྱང་སྲིད་འཛིན་ཊོམ་ཕུ་མཆོག་གིས་རང་གི་རྒྱབ་སྐྱོར་བ་ཚོར་དགའ་པོ་ཡོད་སྐོར་དང་། གྲོས་ཚོགས་ཁང་གཏོར་བཅོམ་བྱེད་མཁན་ཚོ་རྒྱལ་ཞེན་པ་ཡིན་སྐོར་གསུངས་ཡོད་འདུག དེར་བརྟེན། ཊུ་ཝི་ཊར་གྱིས་ཐེངས་དང་པོར་སྲིད་འཛིན་ཊོམ་ཕུ་ཡི་ཊུ་ཝི་ཊར་དྲ་བྱང་ཆུ་ཚོད་ ༡༢ རིང་བཀག་ཡོད་པ་མ་ཟད། གལ་ཏེ་འབྱུང་འགྱུར་སྲིད་འཛིན་ཊོམ་ཕུ་མཆོག་གིས་སྒྲིག་འགལ་བྱས་ཚེ་གཏན་དུ་འགོག་རྒྱུ་ཡིན་སྐོར་ཉེན་བརྡ་བཏང་འདུག་ལ། དེར་མཚུངས་ངོ་དེབ་དང་ཨིན་སི་ཊ་གྷ་རམ། ཡུ་ཊུབ་བཅས་ཀྱིས་ཀྱང་བརྙན་ཐུང་དེ་སོ་སོའི་དྲ་གནས་ནས་ནག་བསུབ་བཏང་ཡོད་འདུགདེ་ཡང་ཁ་སང་ས་གནས་ཀྱི་ཉིན་རྒྱབ་ཆུ་ཚོད་ ༡ ཡས་མས་སུ་ཊོམ་ཕུའི་རྒྱབ་སྐྱོར་བ་ཚོ་ཨ་རིའི་གྲོས་ཚོགས་ཁང་གི་མཐའ་འཁོར་གྱི་ལྕགས་རི་བརྒལ་ཏེ་རིམ་པས་གྲོས་ཚོགས་གོང་འོག་གི་ཚོགས་ཁང་ནང་འཛུལ་ཐབས་བྱས་རྐྱེན། གྲོས་ཚོགས་འཐུས་མི་རྣམས་ཛ་དྲག་གིས་ཉེན་ཡོལ་དུ་ཕེབས་དགོས་བྱུང་བ་མ་ཟད། མཐར་ངོ་རྒོལ་བ་རྣམས་གྲོས་ཚོགས་གོང་འོག་གི་ཚོགས་ཁང་ནང་དངོས་སུ་འཛུལ་བ་མ་ཟད། དེའི་ཁྲོད་ནས་ངོ་རྒོལ་བ་གཅིག་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་གི་རྐུབ་བཀྱག་སྟེང་བསྡད་ནས་རྐང་པ་གཉིས་ཚོགས་གཙོའི་ཅོག་ཙེའི་སྟེང་བཞག་པ་དང་། ཡང་སྐོར་ཞིག་གིས་གྲོས་ཚོགས་ཁང་གི་ཅ་དངོས་རྣམས་གཏོར་བཞིན་པའི་པར་དང་བརྙན་ཐོན་ཡོད་པ་རེད། གྲོས་ཚོགས་ཀྱི་སྐོར་སྲུང་ཉེན་རྟོག་པ་དང་ངོ་རྒོལ་བར་གདོང་ཐུག་ཆེན་པོ་བྱུང་རྐྱེན། ཕྱོགས་གཉིས་ཀའི་མི་ལ་རྨས་སྐྱོན་ཕོག་ཡོད་པ་མ་ཟད། བུད་མེད་གཅིག་ཡུལ་དངོས་ནས་རྐྱེན་འདས་སུ་ཕྱིན་ཡོད་འདུག་ལ། མཐར་ས་གནས་ཀྱི་ཕྱི་དྲོའི་ཆུ་ཚོད་ ༥།༤༥ ཙམ་ལ་ཉེན་རྟོག་པས་ངོ་རྒོལ་བ་རྣམས་གྲོས་ཚོགས་ཁང་གི་ཕྱི་ལ་སྤྱུགས་པ་དང་། ཝ་ཤིན་ཊོན་ཁུལ་དུ་ས་གནས་ཀྱི་ཕྱི་དྲོའི་ཆུ་ཚོད་ ༦ པ་ནས་ཁྱིམ་སྡོད་བཀའ་རྒྱ་བསྒྲགས་ཏེ། དགོང་དྲོའི་ཆུ་ཚོད་ ༨ ཙམ་ལ་ལྷན་འཛོམས་གྲོས་ཚོགས་བསྐྱར་ཚོགས་བྱས་ཐུབ་ཡོད་འདུག ད་ཐེངས་ཀྱི་ངོ་རྒོལ་ལས་འགུལ་ཁྲོད་ཝ་ཤིན་ཊོན་ཌི་སི་གྲོང་ཁྱེར་ཉེན་རྟོག་པས་ལས་འགུལ་བའི་ལག་ནས་ཉུང་མཐར་མེ་མདའ་ ༥ འཕྲོག་པ་དང་། མི་ ༡༣ ལྷག་འཛིན་བཟུང་བྱས་ཡོད་འདུག དེ་བཞིན་ད་ཐེངས་ཊོམ་ཕུ་ཡི་རྒྱབ་སྐྱོར་བས་དབུས་ཀྱི་གྲོས་ཚོགས་ཙམ་མིན་པར་ཇོར་ཇི་ཡ་ (Georgia) དང་ཀེན་སས་ (Kansas)། ཨུ་ཊ་ (Utah) མངའ་སྡེའི་གྲོས་ཚོགས་བཅས་སུའང་ངོ་རྒོལ་བྱས་ཡོད་འདུགརྒྱལ་སྤྱིའི་མགོ་འཁྲིད་མང་པོས་ཐེངས་འདིའི་དོན་རྐྱེན་དེ་ནི་འཇིགས་སུ་རུང་བ་དང་། དམངས་གཙོར་རྒོལ་བ་ཞིག་ཡིན་སྐོར་སྐྱོན་བརྗོད་བྱེད་བཞིན་པ་ལྟར། དེ་ཡང་དབྱིན་ཡུལ་གྱི་སྲིད་བློན་བྷི་རི་སི་རྗོན་སོན་གྱིས། འཛམ་གླིང་ཁྱོན་ཡོངས་ནང་ཨ་རི་དེ་དམངས་གཙོའི་མཚོན་དོན་ལྟ་བུ་ཞིག་ཡིན་པས། སྲིད་འཛིན་གྱི་སྲིད་དབང་རྩིས་སྤྲོད་དེ་ཞི་བདེ་ལྷིང་འཇགས་ངང་འགྲོ་དགོས། ཞེས་བརྗོད་འདུག་པ་དང་། ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཆར་ལེ་སི་མའེ་ཁེལ་ (Charles Michel) གྱིས་ཨ་རིའི་གྲོས་ཚོགས་ནི་དམངས་གཙོའི་མཆོད་རྟེན་ཞིག་ཡིན་པས། དོ་དགོང་གི་དོན་རྐྱེན་དེ་ནི་བསམ་ཡུལ་འདས་པ་ཞིག་རེད། ང་ཚོ་ཨ་རིའི་ངོས་ནས་ཞི་བདེ་བག་ཕེབས་ཀྱི་སྒོ་ནས་སྐུ་ཞབས་ཇོ་བྷའེ་ཌིན་མཆོག་ལ་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག དེ་བཞིན་རྒྱ་གར་གྱི་སྲིད་བློན་མུ་དྷི་དང་། སི་ཀི་ཊི་ལན་ཌིའི་མགོ་འཁྲིད། ཉི་ཧོང་གི་བློན་ཆེན་ལས་ཁུངས་ཀྱི་དྲུང་ཆེ། གཞན་ཡང་ཨ་རིའི་སྲིད་འཛིན་ཟུར་པ་བྷུ་ཤི་དང་། ཨོ་བྷ་མ་བཅས་ཀྱིས་ཀྱང་སྐྱོན་བརྗོན་ཆེན་པོ་བྱས་ཡོད་འདུག དེ་ཙམ་དུ་མ་ཟད། སྲིད་འཛིན་ཊོམ་ཕུ་ཡིས་ངོ་རྒོལ་ལས་འགུལ་བར་བརྡ་ལན་ཡག་པོ་མ་སྤྲད་པའི་རྒྱུ་མཚན་གྱིས། ཕོ་བྲང་དཀར་པོའི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་སློབ་སྟོན་པ་མེ་ཊི་པོ་ཊིང་གྷར་ (Matt Pottinger) གྱིས་རྩ་དགོངས་ཞུས་འདུག་པ་མ་ཟད། ཊོམ་ཕུ་ཡི་སློབ་སྟོན་པ་གཙོ་གྲས་རོ་བྷར་ཊི་ཨོ་བྷེ་རན་ (Robert O’Brien) སོགས་ཀྱང་རྩ་དགོངས་ཞུ་འཆར་ཡོད་སྐོར་གྱི་གནས་ཚུལ་ཐོན་བཞིན་འདུགསྤྱིར་ཨ་རིའི་འོས་འདེམས་ལྷན་ཚོགས་ཀྱིས་སྲིད་འཛིན་འོས་མིར་འོས་ཤོག་འཕངས་རྗེས། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་མཉམ་འཛོམས་ཀྱིས་འོས་འདེམས་ལྷན་ཚོགས་ཀྱི་འོས་ཤོག་རྣམས་གྲངས་བཤེར་བྱས་ཏེ། སྲིད་འཛིན་འོས་བསྡུ་ཐོབ་པ་དེ་གཞུང་འབྲེལ་ཐོག་གསལ་བསྒྲགས་བྱེད་ཀྱི་ཡོད་པ་དང་། དུས་རྒྱུན་ལྷན་འཛོམས་ཚོགས་འདུ་དེ་སྟབས་བདེའི་མཛད་སྒོའི་རྣམ་པའི་ཐོག་ནས་ལེགས་གྲུབ་ཡོང་གི་ཡོད་ཀྱང་། འདི་ལོར་སྤྱི་མཐུན་ཚོགས་པས་གྲོས་ཚོགས་འཐུས་མི་རྣམས་ཀྱིས་འོས་བསྡུའི་གྲུབ་འབྲས་ལ་དོགས་སློང་བྱས་ཡོད་སྟབས་དུས་འགྱངས་འབྱུང་གི་ཡོད་འདུག ད་ལན་ངོ་རྒོལ་བས་ཨ་རིའི་གྲོས་ཚོགས་ནང་དཔུང་འཛུལ་བྱས་པ་དེ་ཕྱི་ལོ་ ༡༨༡༤ ལོོའི་རྗེས་ཀྱི་ཐེངས་དང་པོ་དེ་ཡིན་སྐོར་འགྲེལ་བརྗོད་བྱེད་ཀྱིན་འདུུག

གཞན་ཡང་ཁ་སང་ཨ་རིའི་མངའ་སྡེའི་ཇོར་ཇི་ཡའི་དབུས་གྲོས་ཚོགས་གོང་མའི་འཐུས་མི་གཉིས་ཀྱི་འོས་བསྡུའི་གྲུབ་འབྲས་ཐོན་རིམ་བཞིན། མངའ་སྡེའི་དམངས་གཙོ་ཚོགས་པའི་འོས་མི་ཇོན་ཨོ་སོ་ཧྥི་ (Jon Ossoff) དང་། ར་ཧྥེལ་ཝར་ནོག་ (Raphael Warnock) གཉིས་ལ་རྒྱལ་ཁ་ཐོབ་པར་བརྟེན། ཨ་རིའི་གྲོས་ཚོགས་གོང་མ་དེ་དམངས་གཙོ་ཚོགས་པའི་སྟངས་འཛིན་འོག་སླེབས་ཡོད་ཅིང་། འབྱུང་འབྱུར་ལོ་ ༢ ནང་དམངས་གཙོ་ཚོགས་པས་ཁྲིམས་བཟོ་ལྷན་ཚོགས་ཀྱི་གྲོས་ཚོགས་གོང་འོག་དང་། འཛིན་སྐྱོང་གི་ཕོ་བྲང་དཀར་པོ་གཉིས་ཀ་སྟངས་འཛིན་བྱས་ཐུབ་ཡོད་སྟབས། འདེམས་ཐོན་སྲིད་འཛིན་ཇོ་བྷའེ་ཌིན་མཆོག་ལ་སྲིད་ཇུས་དང་ཁྲིམས་སྒྲིག་གཏན་འབེབ་གཏན་འབེབ་ཡོང་ཐབས་སོགས་ཀྱི་ཐད་ལ་དཀའ་ངལ་ཆེན་པོ་འཕྲད་རྒྱུ་མེད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese