མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་ཏོག་དབྱིབས་ཞིབ་འཇུག་ཚོགས་ཆུང་ལ་ཆོག་མཆན་སྤྲད་མི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༦ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གྱི་འཕྲོད་བསྟེན་འགན་འཛིན་དྷི་རོ་སི་ཨ་དྷི་ནོམ་ (Tedros Adhanom) གྱིས། རྒྱ་ནག་གཞུང་གིས་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཆེད་ལས་ཞིབ་འཇུག་ཚོགས་ཆུང་ལ་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་དང་འབྲེལ་ཏེ། རྒྱ་ནག་ནང་ཞིབ་འཇུག་བྱེད་པར་བསྐྱོད་རྒྱུར་ཆོག་མཆན་སྤྲད་མེད་པ་དང་། དེ་ལ་ཧ་ཅང་བློ་ཕམ་ཆེན་པོ་བྱུང་སྐོར་བརྗོད་འདུགཡང་འཕྲོད་བསྟེན་འགན་འཛིན་དྷི་རོ་སི་ཨ་དྷི་ནོམ་གྱིས། འདས་པའི་ཆུ་ཚོད་ ༢༤ ནང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་རྩད་གཅོད་བྱ་ཆེད་དུ་རྒྱལ་སྤྱིའི་ཚན་རིག་ཆེད་ལས་ཞིབ་འཇུག་པ་རྒྱ་ནག་གྱི་གྲོང་ཁྱེར་ཝུ་ཧན་དུ་བསྐྱོད་རྒྱུ་ཐག་གཅོད་བྱུང་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཁོང་ཚོ་རྒྱ་ནག་ཏུ་འཛུལ་རྒྱུར་མཐོང་མཆན་སྤྲད་མེད་སྟབས། དེར་ཧ་ཅང་བློ་ཕམ་བྱུང་སྐོར་དང་། རྒྱ་ནག་ནང་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་རྩད་གཅོད་ཀྱི་ལས་དོན་སྤེལ་རྒྱུ་ནི། འཕྲོད་བསྟེན་སྒྲིག་འཛུགས་དང་ཆེད་ལས་ཞིབ་འཇུག་ཚོགས་ཆུང་གི་ལས་དོན་གཙོ་གྲས་ཤིག་ཡིན་པ་གསལ་པོར་བཟོ་རྒྱུ་ཡིན་སྐོར་དང་། རྒྱ་ནག་གཞུང་གིས་གང་མགྱོགས་རམ་འདེགས་ཡོང་བའི་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

དེ་དང་འབྲེལ་ནས་རྒྱ་ནག་གཞུང་གི་མགྲིན་ཚབ་མ་ཧྭ་ཁྲིན་ཡེན་ (Hua Chunying) གྱིས། ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་རྩད་གཅོད་ཀྱི་ལས་དོན་ཐོག རྒྱ་ནག་ནི་རྟག་ཏུ་གུ་ཡངས་དང་ཕྱི་གསལ་ནང་གསལ། ཚན་རིག་དང་མཐུན་པའི་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་ལ་འགན་ལེན་བྱེད་མཁན་ཞིག་ཡོན་སྐོར་དང་། རྒྱ་ནག་གཞུང་དང་འཕྲོད་བསྟེན་སྒྲིག་འཛུགས་གཉིས་བར་གནད་དོན་དེའི་ཐོག་འབྲེལ་མོལ་བྱེད་བཞིན་ཡོད་སྐོར་ལས་ཆོག་མཆན་མ་སྤྲད་པའི་རྒྱུ་མཚན་གསལ་ཁ་བརྗོད་མེད་པ་རེད།

རྒྱ་ནག་གཞུང་དང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཆེད་ལས་ཞིབ་འཇུག་པའི་བར་གྲོས་མོལ་ཐེངས་མང་བྱས་ཡོད་པ་དང་། འདས་པའི་ཟླ་ཤས་རིང་དྲ་ལམ་བརྒྱུད་ཚོགས་འདུ་ཐེངས་བཞི་ཙམ་ལ་ཚོགས་ཡོད་ནའང་། འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཛ་དྲག་ཚོགས་ཆུང་གི་འགན་འཛིན་མེག་རི་ཡན་ (Mike Ryan) གྱིས་བརྗོད་པ་ལྟར་ན། ཉེ་ཆར་ཆེད་ལས་ཞིབ་འཇུག་ཚོགས་ཆུང་གི་སྡེ་ཁག་གཉིས་རྒྱ་ནག་ལ་བསྐྱོད་མགོ་བཙུགས་ཡོད་ནའང་། རྒྱ་ནག་གཞུང་གིས་ཆོག་མཆན་མ་སྤྲད་པ་ལ་བརྟེན། སྡེ་ཁག་གཅིག་ཕྱིར་ལོག་ཡོད་པ་དང་། གཞན་དེ་ད་དུང་རྒྱལ་ཁབ་གཞན་ཞིག་གི་ནང་ལྷག་ཡོད་འདུག

རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་ཞིབ་འཇུག་ཚོགས་ཆུང་ལ་བཀག་འགོག་བྱས་པའི་གནས་ཚུལ་ཐོན་པ་དང་འབྲེལ། ཨོ་གླིང་གི་ཕྱི་སྲིད་བློན་ཆེན་མཱ་རེ་སི་པི་ཡན་ (Marise Payn) མཆོག་གིས། རྒྱ་ནག་གཞུང་གི་ངོས་ནས་ཞིབ་འཇུག་ཚོགས་ཚུང་གི་ལས་དོན་ལ་ཕྱིར་འགྱངས་མི་བྱེད་པར་འཕྲལ་དུ་རྒྱ་ནག་ལ་བསྐྱོད་ཆོག་པའི་ཆོག་མཆན་སྤྲོད་དགོས་པའི་ནན་སྐུལ་བྱས་འདུག་པ་དང་། འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཞིབ་འཇུག་དེ་བཞིན་ཧ་ཅང་གལ་ཆེན་ཡིན་པ་དང་། ཨོ་གླིང་གཞུང་གིས་རྒྱལ་སྤྱིའི་རང་བཞིན་གྱི་ཞིབ་འཇུག་དེའི་གྲུབ་དོན་ལ་རེ་སྒུག་བྱེད་བཞིན་ཡོད་སྐོར་བརྗོད་འདུག

ཨ་རི་དང་ཨོ་གླིང་ནི་འཛམ་གླིང་གི་རང་དབང་ལྡན་པའི་ཆེད་ལས་ཞིབ་འཇུག་སྡེ་ཚན་ཞིག་རྒྱ་ནག་ནང་བཏང་སྟེ། ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་རྩད་གཅོད་བྱེད་དགོས་པའི་དགོས་འདུན་འདོན་མཁན་གཙོ་གྲས་གཉིས་ཡིན་པ་དང་། དེ་ལ་བརྟེན་ནས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་སྡུག་ཏུ་ཕྱིན་ཡོད་པ་མ་ཟད། ཉེ་ལམ་རྒྱ་ནག་ནང་ཨོ་གླིང་གི་གླང་ཤ་ཉོ་བར་ཚད་བཀག་བཟོས་ཡོད་པ་དང་། རྒུན་ཆང་ནང་འདྲེན་ལ་རྒྱལ་ཁྲལ་སྤར་བ། དེ་བཞིན་རྒྱ་ནག་གི་ཚོང་བ་ཚོར་ཨོ་གླིང་གི་བལ་རིགས་མི་ཉོ་བར་སྐུལ་བ་སོགས་ཀྱི་གནད་དོན་བྱུང་སྟེ། ཨོ་གླིང་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ལའང་དོ་ཕོག་ཆེན་པོ་འབྱུང་བཞིན་ཡོད་པ་རེད།

ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་ཐད་གླེང་གཞི་འདྲ་མིན་བྱུང་ཡོད་པ་དང་། རྒྱ་ནག་གཞུང་གིས་དེའི་འབྱུང་ཁུངས་ཨ་རི་དང་རྒྱ་གར་སོགས་ཡིན་ཚུལ་བརྗོད་ཀྱི་ཡོད་ནའང་། རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནང་འདིའི་ལོའི་ཕྱི་ཟླ་ ༡ ཚེས་ ༡༡ ཉིན་ལོ་ན་ ༦༡ ཡིན་པའི་རྒད་པོ་ཞིག་ཐོག་མར་རྐྱེན་འདས་སུ་ཕྱིན་པའི་གནས་ཚུལ་ཐོན་ཡོད་པ་རེད། འཕྲོད་བསྟེན་སྒྲིག་འཛུགས་ཀྱི་བརྗོད་པ་ལྟར་ན། ད་ལྟའི་ཆེད་ལས་ཞིབ་འཇུག་ཚོགས་པས་ཝུ་ཧན་མཚོ་ཟས་ཁྲོམས་ར་དང་འབྲེལ་བ་དམ་པོ་ཡོད་ཅིང་། ཝུ་ཧན་ནང་ཐོག་མར་ངོས་འཛིན་བྱུང་བའི་ཏོག་དབྱིབས་ནད་པའི་ནད་འབུ་ཇི་ལྟར་ས་གནས་གང་དུ་ནམ་ཞིག་ལ་འགོས་ཁྱབ་བྱུང་བའི་སྐོར་གྱི་གནས་ཚུལ་ཤེས་རྟོགས་ཕྲན་བུ་ལས་མེད་པ་དང་། ཁྲོམས་ར་དེ་ཡུན་རིང་སྒོ་བརྒྱབ་པ་དང་དེར་འགྱུར་བ་མང་པོ་ཐེབས་ཏེ། ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་དཀའ་བའི་གནས་སུ་ལྷུང་ཡོད་ནའང་། ཆེད་ལས་ཞིབ་འཇུག་པ་རྣམས་ས་གནས་སུ་བསྐྱོད་ངེས་རྒྱུ་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

སྐར་མ ༢༩ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༢ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༤ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese