མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་ནག་དམར་ཤོག་ཚོགས་པའི་མགོ་འཁྲིད་གཉིས་ལ་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༢༡/༠༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཆབ་སྲིད་དང་དཔལ་འབྱོར་ཐོག་ཤུགས་རྐྱེན་ཆེ་བའི་དམར་ཤོག་དྲུང་ཆེ་ཟུར་པ་གཅིག་ལ་ཚེ་བཙོན་དང་གཞན་དེར་སྲོག་ཁྲིམས་ཀྱི་ཁྲིམས་ཐག་བཅད་ཡོད་འདུགརྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཁྲི་ཏུའུ་གྲོང་ཁྱེར་གྱི་ས་གནས་ཁྲིམས་ཁང་ཞིག་གིས། རྒྱ་ནག་ཧའོ་པེ་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་དང་རྒྱ་ནག་གི་(国家开发银行)དངུལ་ཁང་གི་འགན་འཛིན་ཟུར་བ་ཧོ་ཧའེ་པང་  (Hu Huaibang) གིས་རང་ཉིད་ཀྱི་དབང་ཆ་ལོག་སྤྱོད་བྱས་ཏེ། ཕྱི་ལོ་ ༢༠༠༨ ནས་ ༢༠༡༨ བར་ལོ་བཅུའི་རིང་ཨ་སྒོར་ས་ཡ་ ༡༣ ལྷག་གི་ལྐོག་རྔན་གཡོ་ལེན་བྱས་པའི་ཉེས་མིང་འོག ཚེ་གང་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། ཁྲིམས་བཤེར་སྐབས་སྐབས་ཧོ་ཧའེ་པང་གིས་རང་ཉིད་ཀྱི་ནག་ཉེས་ངོས་ལེན་བྱས་ཡོད་སྐོར་བརྗོད་འདུག

དེ་འབྲེལ་ཐད་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་སྤེལ་བའི་གནས་ཚུལ་ནང་། ས་གནས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ཧོ་ཧའེ་པང་ལ་ཚེ་བཙོན་ཉེས་ཆད་བཅད་པའི་ཁྲིམས་རའི་ཡུལ་དངོས་བརྙན་ལམ་ནས་རྒྱ་ནག་རྒྱལ་ཡོངས་སུ་ཐད་གཏོང་བྱས་ཏེ། རྒྱ་ནག་གི་དམངས་ཡོངས་ལ་ཞི་ཅིན་ཕིན་གྱི་སྲིད་དབང་འོག་ནས་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་སྣང་མེད་དུ་འཇོག་རྒྱུ་མིན་པའི་ཉེན་བརྡ་བསྟན་ཡོད་པ་དང་། ས་གནས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ཧོ་ཧའེ་པང་དམར་ཤོག་ཚོགས་ཁོངས་ནས་ཕྱིར་ཕུད་དང་ཐོབ་ཐང་ཡོངས་འཕྲོག་ཡོད་སྐོར་བརྗོད་འདུག

ཡང་ཕྱི་ཚེས་ ༥ ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་དང་རྒྱ་ནག་མི་དམངས་དངུལ་ཁང་གི་འགན་འཛིན་ཟུར་བ་ལའེ་ཞའོ་མན་ (Lai Xiaomin) གྱིས་རྒྱ་སྒོར་ས་ཡ་ ༢༧༧ གཡོ་ལེན་བྱས་པའི་ཉེས་མིང་འོག་སྲོག་ཁྲིམས་བཅད་ཡོད་པ་དང་།  ལའེ་ཞའོ་མན་གྱི་ཁྲིམས་རྩོད་པས་རྒྱ་ནག་གཞུང་ལ་ཁུངས་བདེན་ར་སྤྲོད་མེད་པ་དང་ལའེ་ཞའོ་མན་ལ་སྲོག་ཐོག་ཁྲིམས་བཅད་པ་ནི་ཚད་ལས་བརྒལ་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་དང་། ལའེ་ཞའོ་མན་ཕྱི་ལོ་ ༢༠༡༨ ལོར་བཀག་ཉར་གྱིས་འདས་པའི་ལོ་གཉིས་རིང་འདྲི་རྩད་བཅད་ཡོད་འདུག

སི་ཨན་ཨན་གསར་ཁང་གི་གནས་ཚུལ་ནང་། ཐེན་ཅིན་གྲོང་ཁྱེར་གྱི་ཁྲིམས་ཁང་ཞིག་གིས་ལའེ་ཞའོ་མན་ལ་སྲོག་ཁྲིམས་གཅོད་སྐབས། ཕྱི་ལོ་ ༢༠༠༨ ནས་ ༢༠༡༨ བར་ལོ་བཅུའི་རིང་ལའེ་ཞའོ་མན་གྱིས་ལྐོག་རྔན་གཡོ་ལེན་བྱས་ཡོད་ཚུལ་བགྲང་ཡོད་པ་མ་ཟད། ལའེ་ཞའོ་མན་གྱིས་རང་གི་ནག་ཉེས་ངོས་ལེན་བྱས་ཡོད་ཅེས་བསྒྲགས་ཡོད་པ་དང་། འོན་ཀྱང་། རྒྱ་ནག་གི་ཁྲིམས་ལུགས་དབྱེ་ཞིབ་པ་མང་པོ་ཞིག་གིས། རྒྱ་ནག་གི་ཁྲིམས་ཀྱི་འགྲོ་ལུགས་བརྒྱ་ཆ་ ༩༩ ལ་སྐྱོན་ཆ་ཡོད་པ་དང་། ལའེ་ཞའོ་མན་གྱི་ཁྲིམས་ཆད་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་འདས་པའི་ལོ་ངོ་ ༧༢ རིང་བྱུང་མ་མྱོང་བའི་ཁྲིམས་ཆད་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

ཉེ་སྔོན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་། འདས་ལོའི་ཕྱི་ཟླ་ ༡༠ ཙམ་ནས་བཟུང་འཛམ་གླིང་ནང་མིང་གྲགས་ཆེ་བའི་རྒྱ་ནག་གི་ཕྱུག་བདག་མ་ཡོན་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་མ་ཡོན་གྱི་སྐོར་ལ་གསལ་བཤད་གང་ཡང་བྱས་མེད་ལ། ད་རེས་ལའེ་ཞའོ་མན་དང་ཧོ་ཧའེ་པང་སོགས་ལ་གཅིག་རྗེས་གཉིས་མཐུད་ཀྱིས་ཁྲིམས་ཆད་ནན་མོ་གཅོད་བཞིན་པ་འདིས། རྒྱ་ནག་གིས་ཆབ་སྲིད་དང་དཔལ་འབྱོར་གཉིས་ཀྱི་ཐོག་ཤུགས་རྐྱེན་ཆེ་བའི་མི་རྣམས་ལ་ཚོད་འཛིན་བྱེད་བཞིན་ཡོད་པ་མངོན་གསལ་ཆགས་ཡོད།

སི་ཨན་ཨན་གྱི་གནས་ཚུལ་ནང་། ཞི་ཅིན་ཕིན་གྱི་སྲིད་དབང་འོག་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ད་སྔ་བར་དམར་ཤོག་ཚོགས་པའི་ཚོགས་མི་ས་ཡ་ ༡ ལྷག་ལ་ཉེས་ཆད་བཅད་ཡོད་པ་དང་། དེ་ནི་ཞི་ཡི་རང་ཉིད་ཀྱི་སྲིད་དབང་སྲུང་སྐྱོབ་དང་ཁ་གཏད་པ་ཚར་གཅོད་བྱེད་ཐབས་ཤིག་ཡིན་སྐོར་བརྗོད་འདུག་ལ། དམིགས་བསལ་རྒྱལ་སྤྱིའི་དཔལ་འབྱོར་གྱི་འཕེལ་འགྲིབ་དང་བསྟུན། ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༡༡ ནས་བཟུང་རྒྱ་ནག་གཞུང་གིས་སོ་སོའི་རྒྱལ་ཁོངས་ཀྱི་དཔལ་འབྱོར་འཁོར་རྒྱུགས་ལ་སྟངས་འཛིན་ཡོང་སླད་གཞུང་དང་གཞུང་འབྲེལ་མིན་པའི་ཚོང་ལས་སྡེ་ཁག་ལ་སྟངས་འཛིན་འཕར་མ་བྱེད་མགོ་བརྩམས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist