མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༢༠ ནི་ཕྱི་ལོ་ ༡༩༨༩ རྗེས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྡུག་ཤོས་ཀྱི་ལོ་དེ་ཆགས།

བོད་ཀྱི་དུས་བབ།
༢༠༢༡/༠༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གཞུང་གིས་བོད་ནང་དང་བལ་ཡུལ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོན་བྱས་ཡོད་པ་མ་ཟད་བོད་སྐད་ཡིག་གི་བསླབ་གཞི་ཉེན་ཁའི་ནང་དུ་ཡོད་ཅེས་པའི་སྙན་ཐོ་ཤོག་གྲངས་ ༩༡ ཅན་ཞིག་བཏོན་འདུག

ཁ་སང་ཕྱི་ཚེས་ ༡༣ ཉིན་ཨ་རིའི་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་ཕྱི་ལོ་ ༢༠༢༡ ལོའི་སྙན་ཐོ་བཏོན་པའི་ནང་། ཞི་ཅིན་ཕིན་གྱི་མགོ་འཁྲིད་འོག་བོད་ནང་དྲག་གནོན་ཤུགས་ཆེ་རུ་བཏང་ཡོད་པ་དང་། ཤར་ཏུར་ཀི་སི་ཐན་ནང་གི་ཁ་ཆེ་བ་རྣམས་ལ་རང་ཉིད་ཀྱི་ཆོས་ལུགས་འདོར་དུ་འཇུག་པ་དང་། ཧོང་ཀོང་བའི་རང་དབང་ལ་ཚོད་འཛིན་བྱས་ཏེ། ཕྱི་ལོ་ ༡༩༨༩ ལོའི་པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་གྱི་རྗེས། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྡུག་ཤོས་དེ་ཆགས་ཡོད་པ་བཀོད་འདུག

བོད་དང་འབྲེལ་ནས་སྙན་ཐོ་དེའི་ནང་། བོད་ཁུལ་དུ་རྒྱ་ནག་གཞུང་གིས་མུ་མཐུད་ཆོས་ལུགས་དང་སྨྲ་བརྗོད། འགྲོ་སྐྱོད་དང་འདུ་འཛོམས་ཀྱི་རང་དབང་སོགས་ལ་དམ་དྲག་བྱེད་བཞིན་པ་མ་ཟད། ས་གནས་སྲིད་གཞུང་གིས་ཁྲིམས་མཐུན་མིན་པའི་གཏེར་ཁ་སྔོག་འདོན་དང་ས་ཆ་འཕྲོག་ལེན་བྱེད་པའི་གནས་སྟངས་ཐེར་འདོན་བྱེད་ཀྱི་མེད་སྐོར་དང་། བོད་ཁུལ་གྱི་ཕྱི་ལོ་ ༢༠༡༥ ནས་ ༢༠༢༠ བར་གྱི་ལྔ་ཚན་གཅིག་གི་འཆར་གཞིའི་ནང་དབུལ་ཕོངས་ལས་གྲོལ་ཐབས་ལ་ཁ་གཡར་ཏེ། བོད་མི་སྟོང་ཕྲག་མང་པོ་གྲོང་ཁྱེར་ལ་གནས་སྤོ་བྱེད་དུ་བཅུག་ཡོད་པ་དང་། སྐད་གཉིས་སློབ་གསོའི་སྲིད་ཇུས་སྤེལ་ཏེ་བོད་མི་ཚོར་བཙན་གྱིས་རྒྱ་ཡིག་སྦྱོང་དུ་འཇུག་པ། རྒྱ་ནག་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་བྱེད་པ་སྔོན་འགོག་ཆེད་བོད་མིའི་ལས་གནས་དང་ཁྲོམ་ར་སོགས་སུ་ཉུལ་ཞིབ་བརྙན་མིག་མང་དུ་བཏང་ཡོད་པ་དང་། འདས་ལོའི་བོད་ཀྱི་ལས་དོན་སྐོར་གྱི་ཚོགས་འདུ་ཐེངས་ ༧ པ་ཟེར་བའི་ཐོག ཞི་ཅིན་ཕིན་གྱིས་སློབ་གྲྭ་ཁག་གི་ནང་ཆབ་སྲིད་ཀྱི་སློབ་གསོ་ཤུགས་ཆེར་གཏང་དགོས་སྐོར་བརྗོད་དེ་དབུས་གཞུང་གིས་སྲིད་ཇུས་དེར་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་བསྟན་པར་སྐྱོན་བརྗོད་བྱས་པ་སོགས་བཀོད་འདུག

ཡང་བལ་ཡུལ་ནང་གི་བོད་མིའི་གནས་སྟངས་དང་འབྲེལ་ནས་སྙན་ཐོ་དེའི་ནང་། ཉེ་ལམ་བལ་ཡུལ་གཞུང་གིས་རྒྱ་ནག་དང་འབྲེལ་ལམ་ཤུགས་ཆེར་བཏང་བ་དང་། རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲད་པ་ལ་བརྟེན། ད་ལྟ་མུ་མཐུད་བལ་ཡུལ་ནང་གི་བོད་མི་ཚོའི་འདུ་འཛོམས་དང་སྨྲ་བརྗོད་རང་དབང་བཀག་སྡོམ་འོག་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོར་ཞི་ཅིན་ཕིན་བལ་ཡུལ་ནང་སྐོར་སྐྱོད་དུ་འགྲོ་སྐབས་ཕྱོགས་གཉིས་དབར་ཆིངས་ཡིག་ཁག་ཅིག་བཞག་ཡོད་པའི་ཁྲོད་ཉེས་ཅན་རྩིས་སྤྲོད་ཚུད་ཡོད་སྟབས། བོད་དོན་ལས་འགུལ་བ་དང་བོད་མི་བཙན་བྱོལ་བ་རྣམས་ཉེན་ཁ་ཆེན་པོའི་འོག་ལྷུང་ཡོད་སྐོར་བཀོད་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་བཏོན་པའི་འཛམ་གླིང་གི་རྒྱལ་ཁབ་ ༡༠༠ ཙམ་གྱི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་དེར་ཤོག་གྲངས་ ༣༨༦ ཡོད་འདུག་པ་དང་། སྙན་ཐོ་དེའི་གླེང་བརྗོད་ནང་། ཨ་རིའི་སྲིད་འཛིན་ཊོམ་ཕུ་ནི་འགྲོ་བ་མིའི་ཐོབ་ཐང་ཉམ་ཉེས་གཏོང་མཁན་ཞིག་ཏུ་གྱུར་ཡོད་པ་དང་། ཇོ་བྷའེ་ཌེན་ (Joe Biden) ལགས་ཨ་རིའི་སྲིད་འཛིན་ལ་འདེམས་ཐོན་བྱུང་བ་ནི་ད་ལྟའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་ཡོངས་ནས་ཡར་རྒྱས་གཏོང་བའི་གོ་སྐབས་ཤིག་ཡིན་སྐོར་བཀོད་འདུག

ཏོག་དབྱིབས་གཉན་རིམས་དང་འབྲེལ་ནས་རྒྱ་ནག་གཞུང་གིས་གནས་ཚུལ་ལ་སྤས་གསང་བྱས་པ་དང་། གྲོང་ཁྱེར་ཝུ་ཧན་ནང་ཁྱིམ་སྡོད་བཀའ་རྒྱ་སྡོམ་སྐབས་སྤྱི་མང་ལ་འཕྲོད་བསྟེན་དང་ཟས་རིགས་སོགས་ཀྱི་མཐུན་རྐྱེན་དུས་ལྟར་མཁོ་སྤྲོད་བྱེད་ཐུབ་མེད་པ་དང་། ཤར་ཏུ་ཀི་སི་ཐན་ནང་ཁ་ཆེ་བ་ཚོར་རྒྱ་སྨན་བཙན་གྱིས་བསྟེན་དུ་བཅུག་པ་དང་། གསར་འགོད་པ་དང་ཚོང་པ་སོགས་འཛིན་བཟུང་བྱས་པ་དང་། གཉན་རིམས་དང་འབྲེལ་ནས་མི་རིགས་ནག་པོ་ཚོར་དབྱེ་འབྱེད་བྱས་པ། དེ་བཞིན་རྒྱལ་སྤྱིའི་ཆེད་མཁས་པ་རྒྱ་ནག་ནང་ནད་ཡམས་ཀྱི་འབྱུང་ཁུངས་ལ་རྟོག་ཞིབ་བྱེད་པར་ཐོག་མའི་ཆར་རྒྱ་ནག་གཞུང་གིས་བཀག་འགོག་བྱས་ཏེ། ལས་གཞི་དེར་རྒྱབ་སྐྱོར་བྱེད་མཁན་ཨོ་གླིང་སོགས་ལ་ཚོང་འབྲེལ་གྱི་ཐོག་ནས་རྒོལ་ལན་སློག་པ་སོགས་བཀོད་འདུག

འདས་ལོའི་ཕྱི་ཟླ་ ༣ ནང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་དེས་བོད་ནང་གི་བོད་མིར་བཅར་འདྲི་བྱས་པ་བརྒྱུད། རྒྱ་ནག་གཞུང་གིས་རྗོད་བཞིན་པའི་སྐད་གཉིས་སློབ་གསོའི་སྲིད་ཇུས་འོག བོད་སྐད་ཡིག་གི་བསླབ་གཞི་ཉེན་ཁའི་ནང་དུ་ཡོད་ཅེས་པའི་སྙན་ཐོ་ཤོག་གྲངས་ ༩༡ ཅན་ཞིག་བཏོན་ཡོད་པ་དང་། དེའི་ནང་། རྒྱ་ནག་གཞུང་གིས་བོད་ནང་བུ་བཅོལ་ཁང་གི་བྱིས་པ་ལོ་ ༣ ཙམ་ལོན་པ་ཚོ་ལའང་མི་རིགས་མཐུན་སྒྲིལ་ཁ་ལ་ཁྱེར་ཏེ། བཙན་གྱིས་སྐད་གཉིས་སློབ་གསོ་ཟེར་བ་ལག་བསྟར་བྱེད་མགོ་བཙུགས་ཡོད་སྐོར་དང་། འདས་པའི་ལོ་བཅུའི་རིང་བོད་ནང་སློབ་གྲྭ་མང་དུ་ཕྱིན་པ་དང་བསྟུན། བོད་ཡིག་ཆེད་སྦྱོང་བྱེད་ས་མ་གཏོགས་སློབ་གྲྭ་གཞན་ཁག་གི་ནང་རྒྱའི་སྐད་ཡིག་གི་བསླབ་གཞི་གཙོར་བཟུང་གི་སློབ་ཁྲིད་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་ཕྱིན་ཏེ། བོད་སྐད་ཡིག་གི་བསླབ་གཞི་ཉེན་ཁའི་ནང་ལྷུང་ཡོད་སྐོར་བཀོད་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༥ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༩ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༩ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese