མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་ཚོང་གཉེར་ཁང་དགུ་ལ་བཀག་སྡོམ་གྱི་བཀའ་རྒྱ་བསྒྲགས།

བོད་ཀྱི་དུས་བབ།
༢༠༢༡/༠༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་དམག་དོན་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་འཕྲུལ་ལས་ཚོང་གཉེར་ཁང་ཞའོ་མི་དང་རྒྱ་ནག་རྒྱལ་ཡོངས་མཁའ་འགྲུལ་ཚད་ཡོད་ཚོང་གཉེར་ཁང་སོགས་ཚོང་ལས་ཁང་ ༩ ཡི་ཨ་རིའི་ནང་གི་ཚོང་འབྲེལ་མ་འཛུགས་མཚམས་འཇོག་དགོས་པའི་བཀའ་རྒྱ་བསྒྲགས།

ཁ་སང་ཕྱི་ཚེས་ ༡༤ ཉིན་ལ་ཨ་རིའི་རྒྱལ་སྲུང་ལྷན་ཚོགས་ཀྱིས་ (US Department of Defense) ཐད་ཀར་དང་ཐད་ཀར་མིན་པའི་ཐོག་ནས་ཨ་རིའི་ཚོང་སྡེ་ཁག་གི་ནང་ཚོང་འབྲེལ་མ་འཇོག་བྱས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་དམག་དོན་ཚོང་གཉེར་ཁང་དགུ་ལ་འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༡ ཉིན་ནང་ཚུན་དུ་ཚོང་འབྲེལ་མ་འཇོག་མཚམས་འཇོག་དགོས་པའི་བཀའ་རྒྱ་བསྒྲགས་ཡོད་འདུག

ད་ལན་ཚོང་འབྲེལ་མ་འཇོག་མཚམས་འཇོག་དགོས་པའི་བཀའ་རྒྱ་བསྒྲགས་པའི་ཚོང་གཉེར་ཁང་དགུ་ནི། ཁ་པར་འཕྲུལ་ལས་ཚོང་གཉེར་ཁང་ཞའོ་མི་(Xiaomi Corporation)དང་། རྒྱ་ནག་མཁའ་འགྲུལ་ཚད་ཡོད་ཚོང་གཉེར་ཁང་། (China National Aviation Holding Co. Ltd.)རྒྱ་ནག་ཚོང་དོན་གནམ་གྲུ་ཚད་ཡོད་ཚོང་གཉེར་ཁང་(Commercial Aircraft Corporation of China, Ltd.)དཱ་ཤིན་ཧྭ་གནམ་འགྲུལ་ཚོང་གཉེར་ཁང(Grand China Air Co.,Ltd. སོགས་ཡིན་འདུག

འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༣ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས། རྒྱ་ནག་གི་དམག་དོན་དང་འབྲེལ་བ་ཡོད་པའི་བཟོ་གྲྭ་ཁག་ལ་ཨ་རིའི་ཚོང་པས་མཉམ་འབྲེལ་མ་འཇོག་མཚམས་འཇོག་དགོས་པའི་ཁྲིམས་གཞིར་མཚན་རྟགས་བསྐྱོན་ཡོད་པ་དང་། ཁྲིམས་གཞི་དེའི་ནང་། རྒྱ་ནག་གི་བཟོ་གྲྭ་ཁག་ ༣༡ གིས་རྒྱ་ནག་གི་འཕྲུལ་རིག་དང་དམག་དོན་དེང་རབས་ཅན་དུ་བསྒྱུར་ཏེ། ཐད་ཀར་ཨ་རིའི་རྒྱལ་སྲིད་བདེ་འཇགས་ལ་ཉེན་ཁ་བསྐྲུན་གྱི་ཡོད་སྐོར་སྐྱོན་བརྗོད་བྱས་པ་དང་། དེ་བཞིན་ཨ་རིའི་ཚོང་ལས་མི་སྣས་རྒྱ་ནག་གི་བཟོ་གྲྭ་ཁག་དང་ལྷན་དུ་མཉམ་ལས་ཚོང་འབྲེལ་དང་མ་འཛུགས།  ད་དུང་ལས་བྱེད་ཀྱི་གསོག་དངུལ་དང་ཚོང་པ་རང་ཉིད་ལ་བདག་པའི་མ་དངུལ་དང་ཚོང་རྫས་གང་ཡོད་པ་ཚང་མ་ལོགས་སུ་བྱས་ཏེ་གཙང་བཟོ་བྱེད་དགོས་པ་དང་། ཨ་རིའི་ཚོང་པ་ཚོས་ཕྱི་ལོ་ ༢༠༢༡ ཟླ་ ༡༡ བར་རྒྱ་ནག་གི་བཟོ་གྲྭ་དང་མཉམ་ལས་ཚོང་འབྲེལ་ཁག་ཏུ་ཡོད་པའི་སྒེར་གྱི་མ་དངུལ་དང་མ་རྐང་སོགས་ཕྱིར་ཨ་རིའི་ནང་ཁ་བསྒྱུར་བྱེད་དགོས་ཀྱི་ཡོད་པ་སོགས་ཐག་གཅོད་གནང་ཡོད་འདུག

ཕྱི་ལོ་ ༢༠༢༠ ཟླ་ ༦ པའི་ནང་ཐོག་མར་ཨ་རིའི་བདེ་འཇགས་ལྷན་ཁང་ནས་རྒྱ་ནག་དམག་དོན་ཚོང་གཉེར་ཁང་ ༢༠ ཐེར་འདོན་བྱས་ཡོད་པ་དང་། དེའི་ཁྲོད་དུ་འཛམ་གླིང་ནང་བརྙན་མིག་དང་ཁ་པར་གྱི་བཟོ་སྐྲུན་ཐོན་སྐྱེད་ཆེ་ཤོས་སུ་གྱུར་བའི་རྒྱ་ནག་གི་ཧཱ་ཝེ་དང་ (Hikvision)། རྒྱ་ནག་ཁ་པར་(China Mobile)དང་གློག་འཕྲིན་(China Telecom)སོགས་ཡོད་འདུག ཡིན་ནའང་། ཊོམ་ཕུ་གཞུང་གིས་རྒྱ་ནག་ཚན་རྩལ་ལས་རིགས་ཀྱི་རྩེ་མོར་སོན་པའི་ཨ་ལི་བྷ་བྷ་དང་ཐིན་ཤིན། བྷའེ་ཏུའུ་བཅས་མིང་ཐོ་ནག་པོའི་ནང་བཅུག་པའི་ལས་འཆར་དེ་ཕྱིར་འཐེན་བྱས་ཡོད་འདུག

ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས་ཊོམ་ཕུ་མཆོག་ནས་རྒྱ་ནག་གིས་ལོ་རེར་ཨ་སྒོར་ཐེར་འབུམ་ ༣༠༠ ཙམ་གྱི་ཨ་རིའི་འཕྲུལ་རིག་ལག་རྩལ་རྐུ་འཁྱེར་བྱེད་བཞིན་ཡོད་པ་མ་ཟད། ཨ་རིས་རྒྱ་ནག་ལ་ཕྱིར་ཚོང་བྱེད་བཞིན་པའི་དངོས་ཟོག་གི་མ་རྩ་ནི་ནང་འདྲེན་ལས་ཨ་སྒོར་ཐེར་འབུམ་ ༥༠༠ ལྷག་གིས་ཉུང་བ་ཡོད་པ་དེ་དོ་མཉམ་ཡོང་ཐབས་གནང་རྒྱུ་ཡིན་སྐོར་གསུངས་ཡོད་པ་ལྟར། ཕྱི་ལོ་ ༢༠༡༨  ཟླ་ ༧ ཙམ་ནས་ཨ་རྒྱའི་ཚོང་དམག་མགོ་བཙུགས་ཡོད་པ་རེད།

 

བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese