མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་ཧར་ཝར་ཌི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གིས་འཛམ་གླིང་གི་སློབ་གཉེར་ཁང་གཞན་ལ་མིག་དཔེ་སྟོན་དགོས།

བོད་ཀྱི་དུས་བབ།
༢༠༢༡/༠༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་མགོ་འཁྲིད་གང་འདྲ་ཞིག་ཡོང་མིན་ཐད་ནས་ང་ཚོས་སློབ་གསོའི་ལམ་ལུགས་གཙོ་འདོན་བྱེད་དགོས་པ་རེད་ཅེས་སློབ་གསོའི་ལམ་ལུགས་ནི་གཞན་དོན་ཆེད་བློས་གཏོང་ཐུབ་ཅིང་བྱམས་བརྩེ་ཅན་གྱི་མི་ཞིག་བསྐྲུན་ཐུབ་པ་ཞིག་དགོས་སྐོར་གསུངས་འདུག

ཁ་སང་ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ ཐོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྲ་ལམ་བརྒྱུད་ཨ་རིའི་ཧར་ཝར་ཌི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཚོང་རིག་སྡེ་ཚན་གྱི་སློབ་དཔོན་ཨ་ཐར་བྷོར་ཁུ་སི་ (Arthur Brooks) དང་ལྷན་དུ། སློབ་གཉེར་ཁང་དེའི་དབུ་འཁྲིད་དང་བདེ་སྐྱིད་ཅེས་པའི་སློབ་ཚན་དང་འབྲེལ་ནས་གསུང་མོལ་གནང་ཡོད་པ་དང་། དེ་དང་འབྲེལ་ནས་སློབ་མ་རྣམས་ཀྱི་དྲི་བར་བཀའ་ལན་ཡང་སྩལ་འདུག སྐབས་དེར་༧གོང་ས་མཆོག་ནས་ང་ཚོས་ཕྱི་དངོས་པོ་ལ་ཤུགས་ཆེན་བརྟེན་པའི་འཚོ་བ་ཞིག་ལ་རོལ་གྱི་ཡོད་ནའང་། ནང་སེམས་ཞི་བར་གནས་ཐབས་ཀྱི་གནས་ལུགས་དེ་ཤེས་རྟོགས་དགོས་རྒྱུ་ནི་སྣང་མེད་དུ་འཇོག་ཐབས་མེད་པ་ཞིག་ཡིན་སྐོར་གསུངས་འདུག

འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དགོས་སྐོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ང་ཚོར་འགྲོ་བ་མིའི་རིགས་གཅིག་གྱུར་ཡིན་པའི་འདུ་ཤེས་དགོས་པ་དང་། ང་ཚོ་ཚང་མ་མཉམ་དུ་གནས་དགོས་པ་རེད། མི་སྒེར་གྱི་མ་འོངས་པའི་གནད་དོན་རྣམས་གཞན་ལ་རག་ལུས་པ་རེད། གནས་སྟངས་དེ་འདྲ་ཞིག་གི་འོག་རང་ཉིད་ཁོ་ན་གཙིགས་སུ་འཛིན་པ་ནི་གནས་སྟངས་དེའི་རང་བཞིན་དང་འགལ་གྱི་ཡོད་པ་རེད། དེ་བས་རང་ཉིད་ཧ་ཅང་གཙིགས་སུ་འཛིན་པ་ཡིས་རང་ཉིད་ཀྱི་བདེ་སྐྱིད་ཀྱི་མི་ཚེ་ལ་གནོད་པ་བྱེད་ཀྱི་ཡོད་པ་རེད། དཔེར་ན་བྱིས་པ་ཆུང་ཆུང་ཚོས་རང་ཉིད་ཀྱི་རྩེད་རོགས་རྣམས་མི་རིགས་དང་རྒྱལ་ཁབ། ཆོས་ལུགས་ཅི་ཡིན་ལ་དབྱེ་འབྱེད་མེད་པར་ཁོང་ཚོར་སྤྱི་ཚོགས་གཅིག་ཡིན་པའི་འདུ་ཤེས་དེ་ཡོད་པ་རེད། འོན་ཀྱང་། ངོས་ཀྱི་མཐོང་སྣང་ལ་རིམ་པར་བྱིས་པ་ཚོ་སློབ་གྲྭར་ཕྱིན་རྗེས། འགྲོ་བ་མིའི་གཅིག་གྱུར་གྱི་སློབ་གསོ་སྤྲོད་ཀྱི་མེད་པར། དེ་ལས་ལྡོག་སྟེ་མི་རིགས་དང་རྒྱལ་ཁབ། ཆོས་ལུགས་ཁ་ཁ་ཡིན་པ་གཙོ་བོར་བཟུང་སྟེ་སློབ་གསོ་སྤྲོད་ཀྱི་ཡོད་པ་མ་ཟད། ཆོས་ལུགས་དང་མི་རིགས་གཅིག་གི་ནང་དུའང་དབྱེ་བ་དང་ཁྱད་པར་གཙོ་བོར་འཛིན་གྱི་ཡོད་སྟབས། ངའི་མི་རིགས་དང་ངའི་རྒྱལ་ཁབ་ཀྱི་འདུ་ཤེས་ཤུགས་ཆེན་ཡོང་གི་ཡོད་པ་རེད། སློབ་གསོ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ཨ་རིའི་ཧར་ཝར་ཌི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནི་འཛམ་གླིང་གི་གྲགས་ཆེ་ཤོས་ཀྱི་སློབ་གཉེར་ཁང་ཞིག་ཡིན་པས། སློབ་གཉེར་ཁང་འདིས་འགྲོ་བ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་གཙོར་བཟུང་གི་བསླབ་གཞི་ལ་ཤུགས་སྣོན་བརྒྱབས་ཏེ་འཛམ་གླིང་གི་སློབ་གཉེར་ཁང་གཞན་ལ་མིག་དཔེ་སྟོན་དགོས་པ་རེད། ཅེས་གསུངས་འདུག

དེའི་རྗེས་སློབ་དཔོན་ཨ་ཐར་བྷོར་ཁུ་སི་ལགས་ཀྱིས་མགོ་ཁྲིད་མང་པོ་ཞིག་སེམས་སྐྱིད་པོ་མེད་པའི་རྒྱུ་མཚན་ཅི་ཡིན་སྐོར་བཀའ་འདྲི་ཞུས་སྐབས། ༧གོང་ས་མཆོག་གིས་ངོས་ཀྱིས་བསམ་ན་དེ་ནི་གཙོ་བོ་སློབ་གསོའི་ལམ་ལུགས་ལ་རག་ལས་ཡོད་པ་རེད། གཞི་རྩའི་ཆ་ནས་ང་ཚོ་ཚང་མ་གཅིག་མཚུངས་ཡིན་པ་དང་། ང་ཚོ་ནི་སྤྱི་ཚོགས་འདུས་སྡོད་ཀྱི་སྲོག་ཆགས་ཡིན་པ་རེད། སློབ་གསོའི་ལམ་ལུགས་བརྒྱུད་ང་ཚོས་མིའི་རིགས་གཅིག་གྱུར་ཡིན་པ་དང་། རང་ཉིད་སྤྱི་ཚོགས་འདུས་སྡོད་ཀྱི་སྲོག་ཆགས་ཡིན་པའི་ཐོག་ལ་གཙོ་འདོན་བྱེད་དགོས་པ་རེད། གཞི་རྩའི་ཆ་ནས་ངའི་རྒྱལ་ཁབ་དང་ཁོང་ཚོའི་རྒྱལ་ཁབ། ངའི་ཆོས་ལུགས་དང་ཁོང་ཚོའི་ཆོས་ལུགས་ཞེས་འདུ་ཤེས་འཛིན་སྟངས་དེ་ནི་ཕལ་པ་རེད། འཛམ་གླིང་གི་ཤར་ནུབ་གང་དུ་སྡོད་ཀྱི་ཡོད་ནའང་ང་ཚོ་ཚང་མ་འཛམ་བུ་གླིང་འདིའི་སྟེང་དུ་མཉམ་དུ་འཚོ་དགོས་པ་རེད། དེང་སྐབས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་དཔལ་འབྱོར། ཁོར་ཡུག་སོགས་ཀྱི་དངོས་ཡོད་གནས་སྟངས་འོག ང་ཚོའི་རྒྱལ་ཁབ་དང་ཁོང་ཚོའི་རྒྱལ་ཁབ། ང་ཚོའི་ཆོས་ལུགས་དང་ཁོང་ཚོའི་ཆོས་ལུགས་ཞེས་ཕན་ཚུན་དབྱེ་བ་འབྱེད་པའི་དུས་སྐབས་ཤིག་མིན་པ་དང་། འདས་པའི་དུས་རབས་བཞིན་ངའི་རྒྱལ་ཁབ་དང་ངའི་གླིང་ཕྲན་ཞེས་རྩོད་པའི་དུས་ཤིག་མིན་པར། ང་ཚོ་ནི་གོ་ལ་འདིའི་ཐོག་གི་འགྲོ་བ་མིའི་རིགས་གཅིག་མཚུངས་ཡིན་པའི་འདུ་ཤེས་འཛིན་པའི་དུས་ལ་བབས་ཡོད་པ་རེད། དཔེར་ན་གོ་ལ་ཚ་འགྱུར་གྱི་གནས་སྟངས་འོག ང་ཚོས་གོ་ལ་ཧྲིལ་བོ་བསམ་བློའི་ནང་འཁྱེར་ནས་དཀའ་ངལ་ལ་གདོང་ལེན་བྱེད་དགོས་པ་ཞིག་ཆགས་ཡོད་པ་ལས། ངའི་རྒྱལ་ཁབ་ཅེས་བཤད་བསྡད་ན་ཡོང་ཐབས་མེད་པའི་གནས་སྟངས་ཤིག་ཆགས་ཡོད་པ་རེད། ཅེས་དང་། དཀའ་ངལ་མང་པོ་ཞིག་ནི་རང་ཉིད་ཀྱིས་བཟོས་པ་ཞིག་ཡིན་པ་དང་། ངོས་ཀྱི་མི་ཚེའི་ནང་འཛམ་གླིང་གི་ཆབ་སྲིད་དང་ཆོགས་ལུགས་སོགས་ཀྱི་མགོ་འཁྲིད་མང་པོ་ཞིག་ལ་འཕྲད་མྱོང་བ་དང་། ཁོང་ཚོ་ཕལ་ཆེ་བ་ནི་བསམ་བློ་གུ་ཡངས་དང་མཐོང་སྣང་ལ་སྐྱིད་སྣང་ཞིག་འདུག མགོ་འཁྲིད་རྣམས་ཀྱང་ང་ཚོའི་སྤྱི་ཚོགས་ནས་རིམ་པར་ང་ཚོའི་སློབ་གསོའི་ལམ་ལུགས་བརྒྱུད་ནས་ཡོང་སྟབས། མགོ་འཁྲིད་གང་འདྲ་ཞིག་ཡོང་མིན་ཐད་ནས་ང་ཚོས་སློབ་གསོའི་ལམ་ལུགས་ཐོག་གཙོ་འདོན་བྱེད་དགོས་པ་རེད། ཅེས་སློབ་གསོའི་ལམ་ལུགས་ནི་གཞན་དོན་ཆེད་བློས་གཏོང་ཐུབ་ཅིང་། བྱམས་བརྩེ་ཅན་གྱི་མི་ཞིག་བསྐྲུན་ཐུབ་པ་ཞིག་དགོས་སྐོར་གསུངས་འདུག

སློབ་གཉེར་ཁང་དེའི་སློབ་མ་ཡོ་གྷི་ཀུར་ནའེ་ཝན་ (Yogi Kurniawan) གྱིས། སྔོན་ཆད་མི་ལ་ཆ་རྐྱེན་དེ་ཙམ་མེད་ནའང་བདེ་སྐྱིད་ལྡན་པའི་ངང་འཚོ་གནས་བྱེད་ཀྱི་ཡོད་པ་དང་། དེང་སྐབས་མི་ཚོས་རང་ཉིད་ཀྱི་རྒྱུ་འབྱོར་འཕེལ་ཆེད་དུ་དུས་ཚོད་གཏོང་གི་ཡོད་སྟབས། དེང་སྐབས་ཀྱི་བྱེད་སྟངས་དེས་མི་སྒེར་གྱི་བདེ་སྐྱིད་ལ་ཤུགས་རྐྱེན་ཅི་ཞིག་ཐེབས་ཀྱི་ཡོད་མེད་བཀའ་འདྲི་ཞུས་སྐབས། ༧གོང་ས་མཆོག་གིས། བདེ་སྐྱིད་ནི་མིའི་སེམས་ཚོར་དང་འབྲེལ་བ་དམ་པོ་ཡོད་པ་ནི་ཧ་ཅང་གསལ་པོ་ཡིན་པ་རེད། ཕྱི་དངོས་པོའི་ཐོག་ནས་སྐྱོ་བོ་ཡིན་ནའང་ནང་སེམས་ཀྱི་ཐོག་ནས་ཧ་ཅང་སྤྲོ་སྣང་ལྡན་པ་ཞིག་བྱེད་ཐུབ་ཀྱི་ཡོད་པ་རེད། དེང་སྐབས་ཚོང་པའམ་འབྱོར་ལྡན་ཅན་མང་པོ་ཞིག་ལ་ཕྱི་དངོས་པོའི་མཐུན་རྐྱེན་ཧ་ཅང་འཛོམས་པོ་ཡོད་ནའང་། ནང་སེམས་སུ་འདོད་བློ་མ་ཁེངས་པ་དང་། གཞན་ལ་འགྲན་སེམས་ཡོད་པར་བརྟེན། དུས་རྟག་ཏུ་གང་ཡོད་པ་དེ་ལས་མང་བ་ཞིག་དགོས་ཀྱི་ཡོད་པ་རེད། དེ་བས་ཕྱི་དངོས་པོའི་ཐོག་ནས་མཐུན་རྐྱེན་འཛོམས་པོ་ཡོད་ནའང་ནང་སེམས་སུ་སེམས་ཁྲལ་ཡོད་པ་དང་ཡིད་ཆེས་མེད་པ། ཞེད་སྣང་སྐྱེས་པ་སོགས་ལ་བརྟེན། དེ་ཡིས་རིམ་བཞིན་སེམས་སུ་ཁོང་ཁྲོ་དང་ཕྲག་དོག་བསྐྲུན་གྱི་ཡོད་པ་རེད། གལ་ཆེ་ཤོས་ནི་ང་ཚོས་ཕྱི་དངོས་པོ་ལ་ཤུགས་ཆེན་བརྟེན་པའི་འཚོ་བ་ཞིག་ལ་རོལ་གྱི་ཡོད་ནའང་། ནང་སེམས་ཞི་བར་གནས་ཐབས་ཀྱི་གནས་ལུགས་དེ་ཤེས་རྟོགས་དགོས་རྒྱུ་ནི་སྣང་མེད་དུ་འཇོག་ཐབས་མེད་པ་ཞིག་ཡིན་པ་རེད། ཅེས་བཀའ་ལན་གནང་འདུག

ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ནང་སེམས་ཀྱི་དཀའ་ངལ་སེལ་ཐབས་སུ་སེམས་ཀྱི་རང་བཞིན་ལ་ཤེས་རྟོགས་ཡག་པོ་དགོས་པ་ནི་ཧ་ཅང་གལ་ཆེན་ཡིན་པ་དང་། སེམས་ཚོར་དང་འབྲེལ་ནས་བཤད་སྐབས་དེ་ནི་ཆོས་ལུགས་ལ་འབྲེལ་བའི་གནད་དོན་ཞིག་ཏུ་མི་བལྟ་བར། དེ་ནི་སློབ་གསོའི་བསླབ་གཞི་ཞིག་ལ་ངོས་འཛིན་དགོས་པ། ཆོས་ལུགས་ལ་དད་མོས་ཡོད་མེད་གཙོ་བོ་མིན་པར་ནང་སེམས་ཀྱི་རང་བཞིན་དང་སེམས་ཚོར་གྱི་སྐོར་ལ་ཆོས་ལུགས་དང་། ལྷག་པར་དུ་ནང་ཆོས་ནང་གི་ཤེས་བྱ་རྣམས་ཧ་ཅང་བེད་སྤྱོད་ཆེན་པོ་ཡིན་སྐོར་དང་། དེང་རབས་འཕྲུལ་རིགས་ཀྱིས་དངོས་སུ་མིའི་སྤྱི་ཚོགས་ནང་དཀའ་ངལ་བཟོ་ཡི་མེད་པ་དང་། གཙོ་ཤོས་འཕྲུལ་ཆས་བེད་སྤྱོད་བྱེད་མཁན་གྱི་མི་ལ་རག་ལུས་པ་ཞིག་ཡིན་པ། དེ་བཞིན་ད་ལྟའི་ཆར་འཛམ་གླིང་ཐོག་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་རྒྱུའི་ལས་འགུལ་ཞིག་འགྲོ་བཞིན་པ་དེ་ནི་བཟང་ཕྱོགས་ཀྱི་རྣམ་པ་ཞིག་ཡིན་སྐོར་སོགས་གསུངས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

སྐར་མ ༡ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

སྐར་མ ༤ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༢༢ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༢༢ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese