མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བའི་མིང་གཞུང་རྒྱ་ནག་ལ་རྩིས་སྤྲོད་བྱེད་ཀྱི་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ཚོགས་ནང་རྒྱ་ནག་གཞུང་གི་ཁ་གཏད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་མཁན་གྱི་མིང་གཞུང་རྒྱ་ནག་ལ་རྩིས་སྤྲོད་བྱེད་ཀྱི་ཡོད་འདུག དེ་རིང་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ནས། རྒྱལ་ཚོགས་ནང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་བྱེད་མཁན་བོད་མི་དང་ཡུ་གུར། དེ་བཞིན། ཧོང་ཀོང་གི་ལས་འགུལ་བ་སོགས་ཀྱི་མིང་གཞུང་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱེད་ཀྱི་ཡོད་པར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

དེ་འབྲེལ་ཐད་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་བྱེད་དང་ཁྲིམས་རྩོད་པ་ཨེ་མཱ་རེའུ་ལི་  (Emma Reilly) ལགས་ཀྱིས་གསལ་འདོན་བྱས་པའི་གནས་ཚུལ་ནང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་ ༢༡ པ་དང་འབྲེལ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་བྱེད་ཅིག་གིས། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༧ ཉིན་རྒྱ་ནག་ལ་འཕྲིན་ཡིག་ཅིག་བསྐུར་ཏེ། འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱི་ཚོགས་གཙོ་ཌོལ་ཀུན་སཱ་ (Dolkun Isa) དང་རྒྱལ་སྤྱིའི་སྟེང་གྲགས་ཆེ་བའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ (Gao Zhisheng) གྱི་བཟའ་ཟླ་ཧེ་ཀན་ (He Geng) གཉིས་ཀྱི་མིང་རྒྱ་ནག་ལ་རྩིས་སྤྲོད་བྱས་ཡོད་སྐོར་བརྗོད་འདུག

ཁ་སང་ཁྲིམས་རྩོད་པ་ཨེ་མཱ་རེའུ་ལི་ལགས་ཀྱིས་ཊུ་ཝི་ཊར་སྟེང་། ཉེ་སྔོན་རང་ཉིད་ཀྱི་ལས་ཡུན་སྐབས་རྒྱལ་ཚོགས་ནང་ཁུལ་གྱི་འཕྲིན་ཡིག་ཁག་ལ་ལྟ་ཞིབ་བྱས་ཏེ། རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གླེང་སློང་བྱེད་མཁན་རིགས་ཀྱི་མིང་རྒྱ་ནག་ལ་རྩིས་སྤྲོད་བྱེད་ཀྱི་ཡོད་པ་ར་སྤྲོད་བྱུང་ཡོད་པ་མ་ཟད། མོས་དེའི་ཁྲོད་ཀྱི་ཡིག་འབྲེལ་ཁག་ཅིག་བརྒྱུད་ལམ་ཁག་ཏུ་འགྲེམས་སྤེལ་གྱིས་ཁོ་ཚོའི་བྱ་སྤྱོད་ཐེར་འདོན་བྱས་ཡོད་པ་དང་། དེ་བཞིན། རྒྱལ་ཚོགས་ནང་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་ཏེ་གནད་དོན་དེར་རྩད་ཞིབ་དགོས་པའི་འབོད་སྐུལ་ཞུས་འདུག་ལ། ཨེ་མཱ་ལགས་ཀྱིས་རྒྱལ་སྤྱིའི་སྲིད་གཞུང་ཁག་ལ་རྒྱལ་ཚོགས་ཀྱི་བྱ་སྤྱོད་ངན་པ་འདིའི་རིགས་ཐེར་འདོན་བྱས་སྟབས། ད་ལྟའི་ཆར་མོ་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པ་དང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་ཁུངས་ཀྱིས། རྒྱ་ནག་ལ་རྩིས་སྤྲོད་བྱས་པའི་གནས་ཚུལ་ཞིག་གཏན་ནས་བྱུང་མེད་སྐོར་བརྗོད་དེ་ཁས་ལེན་བྱེད་ཀྱི་མེད་པ་རེད།

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་ཁུངས་ཀྱིས། རྒྱ་ནག་གཞུང་དང་རྒྱལ་ཁབ་གཞན་གྱི་འབྲེལ་ཡོད་མི་སྣས། རྒྱུན་པར་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་མ་འཛོམས་གོང་། ཚོགས་འདུའི་ཐོག་མཉམ་ཞུགས་བྱེད་མཁན་མི་སྒེར་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་དང་། དེ་བཞིན། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་བའི་མི་སུ་ཞིག་ཚོགས་ཞུགས་གནང་གི་ཡོད་མེད་ཐད་སྐད་ཆ་འདྲི་ཡི་ཡོད། འོན་ཀྱང་། ང་ཚོས་བདེ་འཇགས་དང་འབྲེལ་བའི་གནད་དོན་ཡོངས་ལ་ཞིབ་འཇུག་བྱས་ཏེ། གཏན་འཁེལ་བྱུང་རྗེས་མ་གཏོགས་ཚོགས་ཞུགས་མི་སྣ་གཏན་འཁེལ་བྱེད་ཀྱི་མེད། ཅེས་བརྗོད་ཡོད་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་མང་པོ་ཞིག་གིས་རྒྱལ་ཚོགས་ཀྱི་བྱེད་སྟངས་དེར་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག

ཡང་ཨེ་མཱ་ལགས་ཀྱི་ཞིབ་འཇུག་ནང་། ཕྱི་ལོ་ ༢༠༡༣ ལོར་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐོག་བཅར་མཁན་གྱི་མིང་ཐོ་མཁོ་སྤྲོད་དགོས་པའི་འཕྲིན་ཡིག་བཏང་བ་ལྟར་རྒྱལ་ཚོགས་ཀྱིས་མིང་ཐོ་རྩིས་སྤྲོད་བྱས་ཡོད་པ་མ་ཟད། རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལས་བྱེད་ཚོར་རྒྱ་ནག་གཞུང་གིས་ཉིན་གུང་གསོལ་ཚིགས་ཤིག་ལ་མགྲོན་འབོད་བྱས་ཡོད་སྐོར་དང་། རྒྱལ་ཚོགས་ཀྱིས་བོད་དང་ཡུ་གུར། ཧོང་ཀོང་གི་ལས་འགུལ་བ་སོགས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐོག་མཉམ་ཞུགས་གནང་མཁན་གྱི་མིང་གཞུང་ད་དུང་ཡང་རྒྱ་ནག་ལ་རྩིས་སྤྲོད་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་འདུག

དེ་འབྲེལ་ཐད། ཁ་སང་ཨ་རིའི་ནང་རྟེན་གཞི་བྱས་པའི་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་པ་ཡཱང་ཇིན་ལི་  (Yang Jianli) ལགས་དང་། འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱི་ཚོགས་གཙོ་ཌོལ་ཀུན་སཱ་གཉིས་ནས།  ཕྱི་ལོ་ ༢༠༡༢ དང་ ༢༠༡༣ བསྟུད་མར་རྒྱལ་ཚོགས་ཀྱིས་རྒྱ་ནག་ལ་རྩིས་སྤྲོད་བྱས་པའི་མིང་གཞུང་ཁྲོད་ཁོ་གཉིས་ཡོད་སྐོར་བརྗོད་ཡོད་པ་དང་།  ཡཱང་ཇིན་ལི་ནི་ཕྱི་ལོ་ ༢༠༠༢ ལོར་རྒྱ་ནག་གིས་འཛིན་བཟུང་བྱས་ཏེ། ལོ་ ༥ རིང་བཙོན་འཇུག་བྱས་པའི་མཐར་ཕྱི་ལོ་ ༢༠༠༧ ལོར་བཙོན་གྲོལ་ཐོབ་པ་དང་། ད་ལྟ་ཨ་རིའི་ནང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་རྩོམ་དང་ཞུ་གཏུགས་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད་པ་རེད།

སྤྱིར་བཏང་རྒྱལ་ཚོགས་ཀྱིས་རྒྱ་ནག་གཞུང་གི་ཁ་གཏད་དུ་གྱུར་བའི་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་པའི་མིང་གཞུང་ཕྱི་ལོ་ ༢༠༠༦ ཙམ་ནས་རྩིས་སྤྲོད་བྱེད་མགོ་བརྩམས་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་ཁུངས་ནས་གསར་འགོད་ལྷན་ཚོགས་བརྒྱུད་མིང་གཞུང་རྩིས་སྤྲོད་དགོས་པའི་གནད་དོན་ཞིག་ཡོད་པ་ཁས་ལེན་དང་། ཕྱི་ལོ་ ༢༠༡༩ ལོར་ཁྲིམས་ཁང་དུའང་ཁས་ལེན་ཞུས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

ཆུ་ཚོད་ ༥ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

མང་གཙོའི་རྒྱ་ནག་དང་བོད་ཀྱི་མ་འོངས་པའི་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་འཚོག་མགོ་བཙུགས།

ཆུ་ཚོད་ ༥ སྔོན་ལ།
རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཀྲང་ཡུ་ཤཱ་ང་དབུས་དམག་དོན་མཉམ་འབྲེལ་སློབ་སྟོན་ཁང་གི་འགན་འཛིན་ལུའུ་ཀྲིན་ལི་གཉིས།
Mobile App

རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་དམག་དཔོན་གཉིས་ཕྱིར་ཕུད་བྱས། 

ཆུ་ཚོད་ ༥ སྔོན་ལ།
TTT
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་དང་འབྲེལ་ནས་བོད་ནང་ནས་མི་བཅུ་ལ་ཉེས་ཆད་བཅད་ཡོད་ཟེར།

ཆུ་ཚོད་ ༥ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
Mobile App

བལ་གཞུང་གིས་བཀག་སྡོམ་བྱས་པའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་བདུན་པ་དྲ་ལམ་དུ་འཚོགས་འདུག

༢༠༢༦/༠༨/༢༩
མ་རྩོམ་ཐོག་འཁོད་པའི་རྩོམ་པ་པོའི་པར།
Mobile App

ཞི་ཅིན་ཕིང་གི་དུས་སྐབས་ཀྱི་བོད་ནང་གི་གཉའ་གནོན་ནི་མུན་ནག་གི་ས་མཚམས་ཤིག་ཡིན།

༢༠༢༦/༠༨/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese