མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་རྩ་མེད་གཏོང་གི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་འོས་འདེམས་སྲིད་འཛིན་ཇོ་བྷའེ་ཌིན་སྲིད་གཞུང་གིས་བསྐོ་བཞག་གནང་གཏན་འཁེལ་བའི་རྒྱལ་སྲིད་དྲུང་ཆེ་ཨེན་ཊོ་ནི་བྷི་ལིན་ཀན་ (Antony Blinken) ལགས་ཀྱིས་ཊོམ་ཕུ་སྲིད་གཞུང་ནས་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་རྩ་མེད་གཏོང་ཐབས་བྱེད་ཀྱི་ཡོད་པའི་ངོས་འཛིན་དེར་མོས་མཐུན་ཡོད་སྐོར་བརྗོད་འདུག

ཁ་སང་ཨ་རིའི་སྲིད་འཛིན་ཊོམ་ཕུ་འཛིན་སྐྱོང་གི་ཉིན་མཐའ་མ་དང་བསྟུན། ཨ་རིའི་རྒྱལ་སྲིད་ལས་ཁུངས་ཀྱིས་གཞུང་འབྲེལ་ཐོག་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༧ ནས་བཟུང་ཤར་ཊུར་ཀི་སི་ཐན་(ཤིན་ཅང་)ཁུལ་གྱི་ཡུ་གུར་མི་རིགས་རྣམས་རྩ་མེད་ (Genocide) གཏོང་རྒྱུའི་སྲིད་ཇུས་ལག་བསྟར་བྱེད་མུས་ཡིན་པའི་ངོས་འཛིན་བྱས་ཏེ། རྒྱལ་ཁབ་གཞན་གྱིས་ཀྱང་ཨ་རི་བཞིན་རྒྱ་ནག་གཞུང་གི་མིའི་རིགས་ཀྱི་ཐོག་གཏུམ་སྤྱོད་སྤེལ་བཞིན་པར་མཉམ་གཅིག་ཏུ་འགོག་རྒོལ་བྱེད་སྐོར་འབོད་སྐུལ་ཞུས་ཡོད་འདུག ཡིན་ནའང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཨ་རིའི་ཐག་གཅོད་དེར་གཞུང་འབྲེལ་ལན་འདེབས་སོགས་གང་ཡང་བྱས་མི་འདུག

ཨ་རིའི་རྒྱལ་སྲིད་དྲུང་ཆེ་སྐུ་ཞབས་མེག་པོམ་པེ་མཆོག་གིས་གསར་འགོད་བསྒྲགས་གཏམ་སྤེལ་བའི་སྟེང་། ད་ཡོད་ཀྱི་དངོས་ཡོད་གནས་ཚུལ་ལ་ཞིབ་འཇུག་ཟབ་ནན་བྱས་པ་གཞིར་བཟུང་། རྒྱ་ནག་དམར་ཤོག་ཚོགས་པའི་བཀའ་ཁྱབ་དང་སྟངས་འཛིན་འོག་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་ལོ་ ༢༠༡༧ ཟླ་ ༣ པ་ནས་བཟུང་ཤིན་ཅང་ཁུལ་དུ་ཡོད་པའི་ཁ་ཆེ་ཡུ་གུར་མི་རིགས་གཙོས་པའི་ཁུལ་དེའི་གྲངས་ཉུང་མི་རིགས་ཐོག་གཏུམ་སྤྱོད་ (crimes against humanity) སྤེལ་བའི་ནག་ཉེས་བསགས་ཡོད་པར་ངོས་འཛིན་བྱས་ཡོད་པ་དང་། ནག་ཉེས་ཀྱི་ཁོངས་སུ་གང་བྱུང་བཙོན་འཇུག་དང་། མི་སེར་ས་ཡ་ ༡ ལྷག་གི་ཕྱིའི་རང་དབང་བཀག་སྐྱིལ། བཙན་གྱིས་སྐྱེ་སྒོ་འགོག་ཐབས། བཙན་བཀོལ་ངལ་རྩོལ། དེ་བཞིན་ཆོས་དད་དང་། སྨྲ་བརྗོད། འགྲིམ་འགྲུལ་རང་དབང་་བཅས་ལ་བཀག་སྡོམ་བྱེད་པ་བཅས་ཚུད་ཀྱི་ཡོད། འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་མ་ཐག་འཇར་མན་གྱི་གྲོང་ཁྱེར་ནུ་རེམ་བྷག་ (Nuremberg) ཏུ་ཚོགས་པའི་རྒྱལ་སྤྱིའི་དམག་དོན་ཁྲིམས་ཞིབ་ལྷན་ཚོགས་ (The Nuremberg Tribunals) ཀྱིས་འགྲོ་བ་མིའི་ཐོག་གཏུམ་སྤྱོད་སྤེལ་བའི་ཉེས་མིང་འོག་ཉེས་ཅན་རྣམས་ལ་ཁྲིམས་ཆད་བཀལ་བ་བཞིན། ད་ལྟ་ཤིན་ཅང་ཁུལ་དུའང་ནག་ཉེས་དེ་དག་གསོག་བཞིན་ཡོད། ཅེས་བསྒྲགས་ཡོད་འདུག

ཡང་རྒྱལ་སྲིད་དྲུང་ཆེའི་བསྒྲགས་གཏམ་ནང་། རྒྱ་ནག་དམར་ཤོག་ཚོགས་པས་འཆར་གཞི་དང་ལྡན་པའི་ཐོག་ནས་ཡུ་གུར་མི་རིགས་གཙོས་པའི་ཁུལ་དེའི་གྲངས་ཉུང་མི་རིགས་རྣམས་རྩ་སྟོང་ (Genocide) གཏོང་ཐབས་བྱེད་ཀྱི་ཡོད་སྐོར་དང་། ཨ་རིའི་ངོས་ནས་རྒྱ་ནག་གཞུང་གིས་འཕྲལ་དུ་ཤིན་ཅང་ཁུལ་དུ་བཙུགས་པའི་བཀག་སྐྱིལ་ཁང་རྣམས་སྒོ་བརྒྱབ་དགོས་པ་མ་ཟད། བཟང་བཙོན་དང་། བཙན་བཀོལ་ངལ་རྩོལ་གྱི་ལམ་ལུགས་དེ་དག་འདོར་དགོས་པ། དེ་བཞིན་བཙན་གྱིས་སྐྱེ་སྒོ་འགོག་ཐབས་དང་། བཙན་གྱིས་མངལ་དབྱུང་ཐབས་སོགས་མི་འབོར་གྱི་འཕེལ་རྒྱས་ལ་སྟངས་འཛིན་བྱེད་པའི་ལས་འགུལ་རྣམས་མཚམས་འཇོག་དགོས་སྐོར་བསྒྲགས་ཡོད་འདུག

ཁ་སང་ཨ་རིའི་འོས་འདེམས་སྲིད་འཛིན་ཇོ་བྷའེ་ཌིན་སྲིད་གཞུང་གིས་བསྐོ་བཞག་གནང་གཏན་འཁེལ་བའི་རྒྱལ་སྲིད་དྲུང་ཆེ་ཨེན་ཊོ་ནི་བྷི་ལིན་ཀན་ (Antony Blinken) ལགས་ནས་གྲོས་ཚོགས་ཀྱི་འདྲི་རྩད་སྐབས། ད་ལྟའི་སྲིད་གཞུང་གི་ངོས་འཛིན་བྱེད་ཕྱོགས་དེར་མོས་མཐུན་ཡོད་སྐོར་དང་། ཡུ་གུར་གྱི་གནས་སྟངས་ཐད་ང་ཚོའི་བར་མི་མཐུན་པ་མེད། རྒྱ་ནག་གཞུང་གིས་སྐྱེ་ཕོ་མོ་དང་། ཕྲུ་གུ་རྣམས་བཀག་སྐྱིལ་ཁང་དུ་བཅུག་ནས་ཁོ་ཚོར་བསམ་བློའི་སློབ་གསོ་སྤྲད་དེ། རྒྱ་ནག་དམར་ཤོག་ཚོགས་པར་བློ་གཏན་བཅོལ་མཁན་ཤ་སྟག་ཏུ་སྐྲུན་བཞིན་པ་དེ་དག་ཚང་མ་མི་རིགས་རྩ་མེད་གཏོང་ཐབས་ཀྱི་ཆ་ཤས་ཤིག་རེད། ཅེས་བརྗོད་ཡོད་སྟབས། དབྱེ་ཞིབ་པས་བྷའེ་ཌིན་འཛིན་སྐྱོང་ངོས་ནས་ཀྱང་ཡུ་གུར་མི་རིགས་ཀྱི་གནས་སྟངས་དེ་ཨ་རྒྱའི་འབྲེལ་ལམ་གྱི་གནད་དོན་གལ་ཆེན་ཞིག་ཏུ་བརྩི་སྲིད་སྐོར་གྱི་ཚོད་དཔག་བྱེད་ཀྱིན་འདུག

འདས་ལོར་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་རྣམས་བཀག་སྐྱིལ་དང་བཙན་གྱིས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པ་མ་ཟད། སྐྱེས་མ་རྣམས་ཀྱི་སྐྱེ་སྒོ་འགོག་གི་ཡོད་པའི་དངོས་ཡོད་གནས་ཚུལ་ཕྱིར་གྱར་བྱུང་བ་དང་བསྟུན། ཨ་རི་གཙོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་ཁྲིམས་ཆད་བཅད་ཡོད་ནའང་། ད་ཐེངས་ཨ་རིའི་གཞུང་གིས་རྒྱ་ནག་གིས་བྱ་སྤྱོད་དེ་དག་མི་རིགས་ཤིག་རྩ་མེད་གཏོང་རྒྱུའི་ནག་ཉེས་ཤིག་ཡིན་པར་ངོས་འཛིན་བྱས་པ་དེ་ཐོག་དང་པོ་ཡིན་པ་མ་ཟད། ད་བར་རྒྱལ་ཁབ་གཅིག་གིས་རྒྱ་ནག་གཞུང་ལ་ཁ་གཏད་གཅོག་ཚུལ་ཚད་མཐོ་ཤོས་དེ་ཆགས་ཡོད་འདུག ཡིན་ནའང་ད་ལན་གྱི་ངོས་འཛིན་དེས་རང་ཤུགས་ཀྱིས་རྒྱ་ནག་ལ་ཉེས་ཆད་ལྟ་བུ་གང་ཡང་ཕོག་གི་མེད་པ་རེད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese