མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་དམངས་གཙོའི་དུས་ཆེན་གྱི་མཛད་སྒོར་༧གོང་ས་མཆོག་གདན་འདྲེན་ཞུ་དགོས་པའི་འབོད་སྐུལ་བྱས།

བོད་ཀྱི་དུས་བབ།
༢༠༢༡/༠༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་ལོ་གཅིག་ཙམ་རིང་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད་༧གོང་ས་མཆོག་ནས་འཛམ་གླིང་ཡུལ་ལུང་གང་སར་མཛད་པ་རྒྱ་ཆེན་སྐྱོང་མུས་ཡིན་ཞིང་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་མུ་མཐུད་གནས་ཡོད་པས་ཕྱོགས་ཕེབས་དང་གཟིམ་ཆུང་མཇལ་ཁ་སོགས་ད་རུང་གནང་འཆར་མི་འདུག

ཁ་སང་ཕྱི་ཚེས་ ༢༡ ཉིན་རྒྱ་གར་གྱི་དཔལ་འབྱོར་དུས་བབ་ཀྱིས་དམངས་གཙོའི་ཉིན་མོའི་སྐུ་མགྲོན་གཙོ་བོ་ཏཱ་ལའི་བླ་མ་(The Dalai Lama as R-Day Chief Guest)རྩོམ་ཡིག་དེའི་ནང་། ཏོག་དབྱིབས་གཉན་རིམས་འཛམ་གླིང་གང་སར་ཁྱབ་གདལ་དུ་ཕྱིན་ཡོད་པར་བརྟེན། འདི་ལོའི་རྒྱ་གར་གྱི་དམངས་གཙོ་དབུ་བརྙེས་པའི་ཉིན་མོར་སྐུ་མགྲོན་གཙོ་བོ་མེད་པ་དང་། སྐུ་མགྲོན་གཙོ་བོ་མེད་པའི་མཛད་སྒོ་ནི་མཛད་སྒོར་སྟངས་འཛིན་བྱེད་མཁན་མེད་པ་ལྟ་བུ་ཞིག་ཡིན་སྟབས། རྒྱ་གར་མི་མང་ལ་བརྙན་འཕྲིན་བརྒྱུད་སྐུ་མགྲོན་གཙོ་བོ་ཞིག་དགོས་ངེས་ཡིན་པ་དང་། རྒྱ་གར་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འདི་ལོའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་འདྲེན་ཞུ་རྒྱུར་སྐུལ་མ་བྱེད་ཀྱི་ཡོད་སྐོར་བཀོད་འདུག

ཡང་རྩོམ་ཡིག་དེའི་ནང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་རྒྱ་གར་ལ་དགའ་ཞེན་ཆེན་པོ་ཡོད་ཅིང་། རྒྱ་གར་གྱི་དམངས་གཙོ་དབུ་བརྙེས་པའི་དུས་ཆེན་ཐེངས་ ༩ པ་ནས་རྒྱ་གར་ནང་བཞུགས་ཡོད་པ་རེད། དེ་བཞིན་བཞུགས་སྒར་དྷ་ས་ནི་རྒྱལ་ས་ལྡི་ལི་ནས་དེ་ཙམ་ཐག་རིང་རྒྱུ་མེད་སྐོར་དང་། ༧གོང་ས་མཆོག་ནས་ཕྱི་ལོ་ ༢༠༡༡ ནས་ཆབ་སྲིད་ཀྱི་སྐུ་དབང་ཆ་ཚང་རྩིས་སྤྲོད་གནང་ཟིན་ནའང་། སྐུ་མགྲོན་གཙོ་བོར་གདན་འདྲེན་ཞུ་ཕྱོགས་ཀྱི་ཐད། སྐུ་མགྲོན་གཙོ་བོ་དེ་ཉིད་ངེས་པར་དུ་ཆབ་སྲིད་ཀྱི་མགོ་ཁྲིད་ཅིག་ཡིན་དགོས་པར་གསལ་ཁ་མེད་པ་དང་། ༧གོང་ས་མཆོག་གི་རང་བཞིན་བཟང་པོ་དང་འཛམ་གླིང་ནང་བརྩི་མཐོང་ཆེ་བ། མི་མང་གི་སྤྲོ་བ་འདྲེན་པའི་རང་བཞིན་སོགས་ལ་བརྟེན། ཁོང་ནི་སྐུ་མགྲོན་གཙོ་བོར་ཧ་ཅང་འོས་ཤིང་འཚམ་པ་ཞིག་ཡིན་སྐོར་དང་། སྲིད་གཞུང་གཞན་གྱིས་རྣམ་འགྱུར་ཇི་འདྲ་སྟོན་མིན་ལ་བལྟོས་མེད་ཀྱིས་རྒྱ་གར་གཞུང་གིས་༧གོང་ས་མཆོག་གདན་ཞུ་བྱེད་དགོས་སྐོར་བཀོད་འདུག

ཕྱི་ལོ་ ༡༩༤༧ ལོར་རྒྱ་གར་ལ་རང་བཙན་ཐོབ་སྟེ། ཕྱི་ལོ་ ༡༩༤༩ ལོའི་ཟླ་ ༡ ཚེས་ ༢༦ ཉིན་དམངས་གཙོའི་ལམ་ལུགས་ཀྱི་རྩ་ཁྲིམས་གཏན་འབེབ་དང་། ཕྱི་ལོ་ ༡༩༥༠ ལོའི་ཟླ་ ༡ ཚེས་ ༢༦ ཉིན་དངོས་སུ་ལག་བསྟར་བྱས་པ་ནས་བཟུང་། ལོ་ལྟར་ཕྱི་ཟླ་ ༡ ཚེས་ ༢༦ ཉིན་རྒྱ་གར་གྱིས་གཞུང་འབྲེལ་ཐོག་དམངས་གཙོ་དབུ་བརྙེས་པའི་ཉིན་མོར་སྲུང་གཙི་གནང་གི་ཡོད་པ་དང་། རྒྱལ་ས་ལྡི་ལིར་མཛད་སྒོ་རྒྱ་ཆེན་འཚོགས་ཏེ་རྒྱ་གར་གྱི་སྟོབས་འབྱོར་མངའ་ཐང་འགྲེམས་སྟོན་བྱེད་ཀྱི་ཡོད་པ་དང་། དེའི་ཐོག་སྐུ་མགྲོན་དུ་མཛའ་འབྲེལ་ཤིན་ཏུ་ཆེ་ཞིང་ཆེ་མཐོང་ཆེ་ཤོས་ཀྱི་མགོ་ཁྲིད་མང་པོ་གདན་འདྲེན་ཞུ་སྲོལ་ཡོད་པ་རེད།

འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༥ ཉིན་དབྱིན་ཡུལ་གྱི་ཕྱི་སྲིད་དྲུང་ཆེ་ཌོ་མི་ནེག་རཱབ་ (Dominic Raab) རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་སྐབས། དབྱིན་ཡུལ་གྱི་སྲིད་བློན་བྷོ་རིས་སི་ཇོ་ཧན་སཱན་ ( Boris Johnson) ལགས་འདི་ལོའི་དམངས་གཙོ་དབུ་བརྙེས་པའི་དུས་སྟོན་གྱི་སྐུ་མགྲོན་གཙོ་བོར་ཕེབས་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་དང་། དེ་ནི་ཕྱོགས་གཉིས་བར་དུ་མཛའ་འབྲེལ་གསར་པ་དང་དུས་རབས་གསར་པ་ཞིག་མགོ་འཛུགས་བྱས་པའི་མཚོན་རྟགས་ཡིན་སྐོར་བསྒྲགས་ཡོད་ནའང་། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༥ ཉིན་དབྱིན་གཞུང་སྲིད་བློན་ལས་ཁུངས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ཏེ། དབྱིན་ཡུལ་ནང་རྣམ་པ་གསར་པའི་ཏོག་དབྱིབས་ནད་འབུ་འགོས་ཁྱབ་ཕྱིན་ཡོད་པ་དང་། རྒྱལ་ནང་དུ་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་སྟབས། སྲིད་བློན་མཆོག་རྒྱ་གར་གྱི་དམངས་གཙོ་དབུ་བརྙེས་པའི་དུས་སྟོན་གྱི་སྐུ་མགྲོན་གཙོ་བོར་ཕེབས་ཐུབ་རྒྱུ་མིན་སྐོར་བསྒྲགས་ཡོད་པ་རེད་ལ། ད་སྔ་རྒྱ་གར་གཞུང་གིས་སྐུ་མགྲོན་གཙོ་བོ་གཞན་ཞིག་ཡོད་མེད་ཐད་ཅི་ཡང་བསྒྲགས་མེད་པ་རེད།

ཕྱི་ལོ་ ༢༠༡༩ ལོའི་ལོ་མཇུག་ནས་བཟུང་རྒྱ་ནག་ཝུ་ཧན་ནས་འཛམ་གླིང་གང་སར་ཏོག་དབྱིབས་གཉན་རིམས་རྒྱ་ཁྱབ་ཏུ་ཕྱིན་པ་དང་། ༧རྒྱལ་བ་རིན་པོ་ཆེ་མཆོག་ལོ་ལྟར་སྐུ་མཚམས་སུ་བཞུགས་པའི་དུས་ལ་འཁེལ་བར་བརྟེན། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༨ ནས་བཟུང་ཕྱི་མིར་གཟིམ་ཆུང་མཇལ་ཁ་དང་ཕྱོགས་མཐའ་ཁག་ཏུ་ཕེབས་པའི་མཛད་འཆར་རྣམས་གནས་སྐབས་རིང་མཚམས་འཇོག་གནང་བ་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་སྟབས། དེ་རིང་ཕྱི་ཟླ་ ༡ ཚེས་ ༢༢ ཉིན་འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་སྐུ་སྒེར་དྲུང་ཆེ་སྟག་ལྷ་བསྟན་འཛིན་ལགས་སུ། ད་ལྟའི་ཆར་གཟིམ་ཆུང་མཇལ་བཅར་དང་ཕྱོགས་ཕེབས་སོགས་གནང་འཆར་ཡོད་མེད་དྲིས་པར་ཁོང་གིས། ད་ལྟ་ན་ཚའི་གནས་སྟངས་མུ་མཐུད་གནས་ཡོད་སྟབས། གནས་སྐབས་རིང་མཇལ་ཁ་གཏོང་བ་སོགས་ཀྱི་ཐད་འཆར་གཞི་གང་ཡང་ཡོད་པ་མ་རེད་ཅེས་གསུངས་བྱུང་ལ། འདས་པའི་ལོ་གཅིག་ཙམ་རིང་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད་འཛམ་གླིང་ཡུལ་ལུང་གང་སར་གནས་བའི་གནད་ཡོད་མི་སྣར་མཇལ་མོལ་དང་དད་ལྡན་དོན་གཉེར་ཅན་གྱི་སེར་སྐྱ་མང་པོར་ཆོས་འབྲེལ་བཀའ་སློབ་སྩལ་གནང་གི་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 1

  1. བསོད་ནམས་རྒྱལ་མཚན། says:
    ལོ་ 5 སྔོན།

    དགའ་ལྡན་ཕོ་བྲང་ལས་བྱས་ཡོངས་ལ་ སྐུ་མཁྱེན་ཐུགས་རྗེ་གཟིགས་ ? རྒྱ་གར་དབུས་གཞུང་གིས་ སྐུ་མགྲོན་ངོ་ལེན་གནང་མདོག་ཁ་པོ་མ་རེད། མིའི་རྣམ་སྤྱོད་ཡོད་ན་ སྐུ་མགྲོན་ངོ་ལེན་མ་གནང་རོགས། བོད་མི་མང་དོད་པ་མིན་འདུག་ཞུས་རོགས། ནད་ཡམས་དེའི་ནང་ འུ་ཐུགས་དུས་༧གོང་ས་མཆོག ཞང་མགོ་ རྒྱ་གར་དམངས་གཙོ་དུས་ཆེན་མ་རེད། (Republic Day) རྒྱ་གར་མངའ་སྡེ་ཚང་མ་གཅིག་དུ་སྒྲིལ་བས་ཉིན་མོ་རེད། Republic དང་ Democracy Day གཉིས་ཁ་ཁ་རེད། (Republic Day ཉིན་མོ་ནི་་་རྒྱ་གར་གྱི་དམག་གིས་དཔང་ཤུག་ཡོད་ཚད་ངོམ་ཡ་ཉིན་མོ་རེད། ༧གོང་ས་མཆོག་ ཤཱ་ཀྱའི་དགེ་སློང་བསྟན་འཛིན་རྒྱ་མཚོ་མཆོག་འཚེ་བ་མེད་པ་ལྟ་གྲུབ། Non-Violence འཚེ་མེད་ཞི་བའི་ལམ་ལ་ཕེབས་མཁན་ཞིག་རེད་ད། རྒྱ་གར་བོད་དོན་ཐོག་ཁ་དུར་ཁོག་འདྲ་གཅིག་བཙུམ། ད་ རྒྱ་གར་གྱིས་གཡོ་ངན་ཆབ་སྲིད་པ་ཚོ་གཙུག་གི་སྡད་ཤེས་ན་ཡག་པོ་ཡོང་བ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese